ཅིའི་ཕྱིར།

                      ____སྤུ་སྐྱེས་བུ་མོའི་ཁག་དགུ་བ།
སྙན་ངག་འབྲི་མཁན་ང་ཡིན།།
གར་འགྲ་འཚོ་མཁན་ང་ཡིན།།  
 འཇམ་མཉེན་ཕྱག་ཟུང་ཕྲ་མོར།།
འཇུ་མཁན་ཁ་འཁྱམ་སླེབས་སོང་།།


གདོང་པ་གཉེར་མས་གཡོགས་ནས།།
ཤ་ཁྲག་གཏིང་ནས་བསྐམས་ཀྱང་།།
ཡིད་ལ་འཇོག་པ་ཕར་ཞོག །
མིག་གིས་ལྟ་བ་མ་གནངས།།
         
ཆུ་ལ་འཕངས་བའི་ཟམ་པ།།
ཕར་འགྲོ་ཚུར་འགྲོས་ཟད་འགྲོ།།
རྣམ་དག་བརྩེ་བའི་བདག་པོ།།
གཏམ་དང་མྱི་ཁས་ཚར་འགྲོ །།

    
བཟུང་ན་ལག་པ་བསྲེགས་འགྲོ །།
བཏང་ན་རྫ་མ་ཆགས་འགྲོ །།
ང་ལ་ཐབས་ཤེས་ཟད་སོང་།།
བུ་མོས་མཛུབ་སྟོན་མ་བྱུང་།།
      
ཆུ་བོ་ཡིན་ན་དགའ་བ།།
གར་འགྲོ་རང་གི་ལག་རེད།།
ལན་ཆགས་ཐང་ལ་ཕབ་ནས།།
མཉམ་འགྲོ་བྱུང་ན་སྐྱིད་པ།།

ཕར་ལ་བརྒྱ་སྟོང་བོས་ཀྱང་།།
ཚུར་ལ་ལན་གཅིག་མ་འབྱོར།།
སེམས་ཀྱི་བུམ་པ་གས་ཐལ།།
ནང་གི་ཉ་མོ་ཤོར་ཐལ།།
       
ང་ལ་སྙིང་ནས་བརྩེ་བའི།།
སྤུན་དང་ཁ་ཡ་ན་ཟླ།།
ད་ནི་འཕྲིན་པ་མ་གཏོང་།།
མལ་ཐུལ་མགོ་ལ་གཅིད་ཡོད།།
                     ༢༠༡༢ལོའི་ཟླ་༦པའི་ཚེས་༡༤ཉིན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅིའི་ཕྱིར།

2012-06-18 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

                      ____སྤུ་སྐྱེས་བུ་མོའི་ཁག་དགུ་བ།
སྙན་ངག་འབྲི་མཁན་ང་ཡིན།།
གར་འགྲ་འཚོ་མཁན་ང་ཡིན།།  
 འཇམ་མཉེན་ཕྱག་ཟུང་ཕྲ་མོར།།
འཇུ་མཁན་ཁ་འཁྱམ་སླེབས་སོང་།།


གདོང་པ་གཉེར་མས་གཡོགས་ནས།།
ཤ་ཁྲག་གཏིང་ནས་བསྐམས་ཀྱང་།།
ཡིད་ལ་འཇོག་པ་ཕར་ཞོག །
མིག་གིས་ལྟ་བ་མ་གནངས།།
         
ཆུ་ལ་འཕངས་བའི་ཟམ་པ།།
ཕར་འགྲོ་ཚུར་འགྲོས་ཟད་འགྲོ།།
རྣམ་དག་བརྩེ་བའི་བདག་པོ།།
གཏམ་དང་མྱི་ཁས་ཚར་འགྲོ །།

    
བཟུང་ན་ལག་པ་བསྲེགས་འགྲོ །།
བཏང་ན་རྫ་མ་ཆགས་འགྲོ །།
ང་ལ་ཐབས་ཤེས་ཟད་སོང་།།
བུ་མོས་མཛུབ་སྟོན་མ་བྱུང་།།
      
ཆུ་བོ་ཡིན་ན་དགའ་བ།།
གར་འགྲོ་རང་གི་ལག་རེད།།
ལན་ཆགས་ཐང་ལ་ཕབ་ནས།།
མཉམ་འགྲོ་བྱུང་ན་སྐྱིད་པ།།

ཕར་ལ་བརྒྱ་སྟོང་བོས་ཀྱང་།།
ཚུར་ལ་ལན་གཅིག་མ་འབྱོར།།
སེམས་ཀྱི་བུམ་པ་གས་ཐལ།།
ནང་གི་ཉ་མོ་ཤོར་ཐལ།།
       
ང་ལ་སྙིང་ནས་བརྩེ་བའི།།
སྤུན་དང་ཁ་ཡ་ན་ཟླ།།
ད་ནི་འཕྲིན་པ་མ་གཏོང་།།
མལ་ཐུལ་མགོ་ལ་གཅིད་ཡོད།།
                     ༢༠༡༢ལོའི་ཟླ་༦པའི་ཚེས་༡༤ཉིན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།