ཨ་མའི་སྐུ་དྲིན་དྲན་པའི་ཐོལ་བྱུང་གི་མགུར་མ།

ཞོགས་པའི་ཉི་གཞོན་དྲོན་མོའི་འོད་ཟེར་དང་བསྡོངས་ཏེ།།
དགུན་གྱི་གྲང་རླུང་བཙན་པོའི་རྔམ་ཁ་དེ་ཞི་དུས།།
ཕུགས་བསམ་རྒྱང་དུ་གཏད་པའི་བུ་ཆུང་ངའི་སེམས་པ།།
བྱམས་ལྡན་ཨ་མའི་ཕྱོགས་ལ་འགོག་མེད་དུ་ཤོར་འགྲོ།
 
ཁ་སང་བསླབ་བྱ་ཉར་ནས་གནས་འདི་རུ་འབྱོར་ཞིང་།།
དེ་རིང་བརྩོན་པའི་འདུན་པ་གླེགས་བམ་ཁྲོད་འཕྱོ་དུས།།
གང་གིས་སྐྱེལ་མ་མཛད་པའི་ངང་ཚུལ་དེ་དྲན་ནས།།
བདག་བས་གཞན་ལ་གཅེས་པའི་ཐུགས་བསྐྱེད་དེ་དྲན་འོང་།།
 
སྟོན་མཇུག་ལོ་མ་སེར་བོའི་འགྱུ་ཐེངས་ཀྱི་བར་ནས།།
རང་སེམས་གཉོམ་པོ་སྙུག་གུའི་རྩེ་མོ་རུ་བརྒྱུས་ཏེ།།
རྒྱང་བཞུད་བུ་ངའི་ཕུགས་བསམ་སེམས་ཁོང་དུ་ཉར་བའི།།
བྱམས་ལྡན་ཨ་མའི་སྙན་ལ་འདི་སྐད་དུ་ཞུ་འདོད།།
 
དང་པོ་ང་རང་འཇིག་རྟེན་མི་ཡུལ་འདིར་ཐོན་ཞིང་།།
བར་དུ་བྱམས་བརྩེ་དྲོན་མོས་གཉོར་སྐྱོང་ནི་མཛད་དེ།།
ཐ་མར་མ་ཡུམ་སློབ་རའི་སྒོ་ཐེམ་འདི་བསྙེགས་པ།།
དྲིན་ཅན་མ་ལོ་ཁྱེད་ཀྱི་སྐུ་དྲིན་ལས་མ་འདས།།
 
ཁྱེད་སྐུ་གངས་དཀར་རི་བོའི་བྲང་ཁོག་ལས་བརྡོལ་བའི།།
ཞིམ་མངར་གཙང་ཆུ་དྭངས་མོའི་ནུ་ཞོ་ཡིས་བསྐྱངས་བས།།
བུ་ཆུང་ང་ཡི་སེམས་པ་གངས་རི་ལས་དཀར་ཞིང་།།
བུ་ཆུང་ང་ཡི་ངང་རྒྱུད་གཙང་ཆབ་ལས་རིང་བ།།
 
ཁྱེད་ཐུགས་ནམ་མཁའི་དབྱིངས་ཀྱི་རྟ་བདུན་གྱི་དབང་པོ།།
ཉམ་ཆུང་ཚེ་སྲོག་སྐྱོབ་སླད་དྲོད་སྣང་གིས་འཛུམ་པས།།
མ་ཡུམ་རྩྭ་ཐང་བསྐྱུར་ནས་ཕུགས་བསམ་དེ་འཚོལ་བའི།།
བུ་ཆུང་ང་ཡི་མདུན་ལམ་འོད་སྣང་གིས་འཚོས་ཡོད།།
 
ཁྱེད་གསུང་དབྱར་ཟླ་དྲུག་པའི་ཁུ་བྱུག་གི་གྲེ་འགྱུར།།
རྨོངས་མུན་གཉིད་ལས་དཀྲོག་ཕྱིར་ལྷ་ལམ་ནས་སྒྲོག་ཚེ།།
དུས་རབས་ཉེར་གཅིག་བསུ་བའི་རྟོགས་སད་ཀྱི་ཅོང་བརྡ།།
ཐོག་མར་གངས་རིའི་ལྗོངས་ནས་ལྷང་ལྷང་དུ་གྲགས་བྱུང་།།
 
རྟ་ནོར་ལུག་གསུམ་འཚོ་བའི་དཀའ་སྡུག་གི་རྒྱབ་ན།།
བུ་དང་བུ་མོའི་རྣམས་ཀྱི་ཕུགས་བསམ་དེ་ཉར་ཡོད།།
ཁྲག་དང་རྔུལ་ཆུ་བརྫིས་པའི་དཔྲལ་གཉེར་གྱི་བར་ན།།
བུ་དང་བུ་མོའི་མ་འོངས་རེ་བ་དེ་ལུས་ཡོད།།
 
ཕྱག་ཟུང་དཔྲལ་བར་བཏེགས་པའི་སྐྱབས་བཅོལ་དེའི་ཁྲོད་ན།།
བུ་དང་བུ་མོའི་བདེ་སྡུག་ལྷ་ལ་རང་བཅོལ་ཡོད།།
ཁྱེད་ཀྱི་དྲིན་ལན་བསྐལ་པར་གཞལ་བ་ནི་དཀའ་ཕྱིར།།
བཀྲ་ཤིས་སྨོན་ཚིག་ངག་ནས་འདི་སྐད་དུ་འཐོར་རོ།།
 
དྲིན་ཅན་ཨ་མ་ཁྱེད་ཀྱི་སྐུ་ལུས་ཀྱི་རི་རྒྱལ།།
མི་སྡུག་འབྱུང་བཞིས་མ་གནོད་ནམ་ཞར་དུ་བརྟན་ཤོག །
  བྱམས་ལྡན་ཨ་མ་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་ཉི་གཞོན།།
མི་འོས་སྤྲིན་གྱིས་མ་སྒྲིབས་རྟག་ཏུ་རང་གསལ་ཤོག།།
 
  བརྩེ་ལྡན་ཨ་མ་ཁྱེད་ཀྱི་གསུང་སྙན་གྱི་གདམས་ངག།
མི་འདོད་སྐྱོན་གྱིས་མ་འགག་དུས་གསུམ་དུ་སྩོལ་ཤོག།
རྒྱུས་མེད་ས་མཐར་འཚོ་བའི་ཉམ་ཆུང་གི་བུ་ལ།།
དུས་དང་རྣམ་པ་ཀུན་ཏུ་སྡོངས་གྲོགས་ཤིག་མཛོད་ཅིག །
 
རང་སེམས་རྣམ་པར་དག་པའི་དྲི་མེད་ཀྱི་མཆོད་རྫས།།
ལག་པས་མཐོ་རུ་བཏེགས་ཏེ་ལྷ་ལ་རང་འབུལ་ལོ།།
བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡི་ནུས་མཐུས།།
དྲིན་ཅན་ཨ་མའི་སྐུ་ཚེ་རྟག་ཏུ་རང་སྲུངས་ཤོག།
 
ཨ་མའི་སྐུ་དྲིན་དྲན་པའི་ཐོལ་བྱུང་གི་མགུར་འདི།།
མ་བཅོས་ངག་གི་གདངས་སྙན་དབྱངས་རྟ་རུ་བསྐྱོན་ནས།།
བུ་ལ་རེ་ཞིང་སྒུག་པའི་ཨ་མ་ཡི་ཕྱོགས་ལ།།
རང་སེམས་གསོ་བར་བྱེད་པའི་གླུ་ཆུང་འདི་སྦྲོན་ནོ།།
                    ༢༠༡༢ལོའི་ཟླ་༡པོར་ཁྲི་འདུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།