ཀ་ཕྲེང་ཨེ་ཛི་ནད་ངན་འགོག་པའི་ཅོང་བརྡ།(ཞར་བཀོད་གཅིག་ཡོད)
ཀ་ཡེ་གསོན་དང་ཕ་བཟང་བུ་ཚ།།
ཁ་བཤད་མིན་པའི་ཚིག་གསུམ་བརྗོད་ན།།
ག་དུས་ཡིན་ཡང་སྨད་འཚོང་བུ་མོར།།
ང་ཡིས་བསམ་ན་ཆགས་སྤྱོད་མ་གནངས།།
ཅི་བྱས་ཐབས་མེད་ཨེ་ཛི་ནད་ངན།།
ཆུ་རྒྱུས་ཤ་རུས་སྲོག་གི་དགྲ་ཡིན།།
ཇེ་མང་འགྲོ་བའི་རྒྱུ་རྐྱེན་གླེང་ན།།
ཉོ་འཚོང་གཡེམ་མར་སྤྱོད་པ་རེད་འདུག།
ཏ་གུར་བརྟེན་པའི་རྒན་པོ་རྣམས་ཀྱང་།།
ཐ་མིའི་སྨད་འཚོང་སྤྱོད་པར་དགའ་འདུག།
ད་ཆ་ཨེ་ཛིར་སྔོན་འགོག་བྱས་ཚེ།།
ན་ཚས་སྲོག་ལ་རྒོལ་བར་མི་འགྱུར།།
པུ་རིའི་ནང་གི་སྨད་འཚོང་བུ་མོ།།
ཕི་ནང་གཉིས་ཀའི་གང་ནས་ཡོང་ཀྱང་།
བི་ཤ་ནག་པོ་རྩ་དགོག་ནང་བཞིན།།
མི་ཡི་རིགས་དེ་གཏན་མེད་བྱ་དགོས།།
ཙི་ན་སྨད་ནས་ཡོང་བའི་གཡེམ་མའི།།
ཚི་ལེན་འོག་ཏུ་རྐུབ་ཤ་མངོན་ནས།།
ཛ་ལང་སྤྱོད་གྱིས་ཟུར་མིག་འཕངས་ཀྱང་།།
ཝ་ཡེ་ཆགས་སྤྱོད་བྱེད་པར་མ་འགྲོ།།
ཞི་མོའི་ནང་གི་ཐ་མ་འདི་དག།
ཟ་མ་མོ་ཡི་སྐྱེས་པ་བླངས་ནས།།
འ་ཅག་སྐྱེས་པ་བསླུས་ཐབས་བྱས་ནས།།
ཡ་མཚན་ཨེ་ནད་བསྐྱེད་པའི་མ་རེད།།
ར་མ་ལུག་གི་རྫི་བོ་རྣམས་ཀྱང་།།
ལ་ལུང་བརྒྱུད་ནས་རྫོང་ལ་འབྱོར་ན།།
ཤ་པགས་རིན་ཡང་གཡེམ་མར་སྤྲད་དེ།།
ས་སྲོད་བར་དུ་ཆགས་པར་རོལ་འདུག།།
ཧ་ནིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས།།
ཨེ་ཛི་ནད་ངན་སྔོན་འགོག་བྱེད་དགོས།།
མ་འོངས་ཨེ་ནད་རྩ་མེད་གཏོང་ཆེད།།
སྨད་འཚོང་བུད་མེད་མིང་མེད་བཟོ་དགོས།།
ཀ་རྩོམ་སེམས་ཀྱི་འཕྲིན་པ།
ཀ་ཡེ་གསོན་དང་ན་ཆུང་མཛེས་མ།།
ཁ་བཤད་མིན་པར་ཁྱོད་ལ་དགའ་སོང་།།
ག་དུས་ཡིན་ཁྱེད་ཉིད་བསམ་ནས།།
ང་རང་གཉིད་ཀྱང་ཁུག་པར་མི་འདུག།།
ཅི་ཙམ་བསམ་ཡང་དེ་ཙམ་དགའ་བས།།
ཆི་ཞིག་བྱ་དགོས་ཐབས་ཀྱང་མེད་འདུག།
ཇི་ནུས་ཐབས་ཀྱིས་འཕྲིན་ཞིག་བྲིས་ཏེ།།
ཉི་མ་དེ་རིང་ཁྱེད་ལ་བསྐུར་ཡོད།།
ཏ་ལ་ལ་ཡི་འོད་སྣང་འོག་ཏུ།།
ཐེ་ཚོམ་མེད་པར་འདང་ཞིག་བརྒྱབ་ནས།།
ད་ལྟ་བསྐུར་པའི་འཕྲིན་དེ་བཀླགས་རྗེས།།
ན་གཞོན་བདག་ལ་ལན་གཅིག་གནང་རོགས།།
པ་སངས་ཉིན་ལ་དུས་ཚོད་ཡོད་ན།།
ཕ་གི་རི་ལ་མཉམ་དུ་འཛོམས་ཏེ།།
ཕོ་མོ་བར་གྱི་གསང་གཏམ་གླེང་ནས།།
མིའི་སེམས་ཕན་ཚུན་རྒྱུས་ལོན་བྱ་ཆོག།
ཙི་ནའི་བུ་མོ་ལང་ཚོའི་ཕྱུག་ཀྱང་།།
ཚ་རུའི་ལྭ་བ་སྨད་པར་གནང་འདུག།
ཛ་ཏི་སྨན་ལ་དྲི་བཟང་ཡོད་ཀྱང་།།
ཝ་ཞྭ་མཛེས་པའི་རྒྱན་དུ་མི་འགྲོ།།
ཞེ་དང་སེམས་པའི་གཤིས་རྒྱུད་དྲང་བའི།།
ཟི་ལིང་གྲོང་གི་མཛེས་མ་ཁྱེད་ལ།།
འོ་གཅིག་བྱེད་རྒྱུ་བྱུང་ན་དགའ་བ།།
ཡི་གེའི་འཕྲིན་ཞིག་ཡོང་ན་སྐྱིད་པ།།
རི་དྭགས་མིག་ཅན་མཛེས་པ་སྐྱེངས་བྱེད།།
ལོ་དང་མཉམ་པའི་མཛེས་མ་ཁྱོད་ཀྱི།།
ཤ་མདངས་དཀར་ལ་དམར་བར་མངོན་པའི།།
ས་སྟེང་སྐྱེས་པའི་རྒྱན་གྱི་མཆོག་ཡིན།།
ཧ་ཅང་དགའ་བའི་བུ་མོ་ཁྱོད་ནི།།
ཨ་མས་བཙས་པའི་བུ་མོ་ཡིན་ཡང།།
ཧ་ཅང་མཛེས་པའི་ལྷ་མོ་འདྲ་བས།།
ཨ་མའི་བུ་ཚོའི་ཡིད་སེམས་བཀུག་འདུག།
ཧ་ཅང་རྩོག་པའི་བུ་ཆུང་ང་ལ།།
ཨ་མའི་བུ་མོས་འདང་ཞིག་བརྒྱབ་ནས།།
ཧ་ཅང་སྐྱིད་པའི་ཉི་མ་ཞིག་ལ།།
ཨ་མའི་བུ་མོའི་བརྩེ་དུང་སྟེར་རོགས།།
༢༠༡༤ལོའི་སྤྱི་ཟླ༥ཚེས༡༥ཉིན་གྱི་མཚན་མོར་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།