སྙན་ངག་དལ་གྱིས་བཞུར་སྲིད།

ནག་ལྡོང་འཁྱམ་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-12-28

            1
འཇིག་རྟེན་འཁོར་བ་ཁབ་ཀྱི་རྩེ་མོ་ནས།།
འདོད་པས་སྙིང་ཁམས་སྲེག་པའི་ལས་ངན་ཚོ།།
རྟ་གདོང་མེ་རུ་འཕྱན་པའི་དུ་ཿཁ་ཡིས།།
རུས་པའི་མིག་ཁྲོམ་འབུར་བའི་ཡི་དྭགས་འདྲ།།
ཚོར་བའི་མཚོ་མོར་ལྷུང་བའི་ཟླ་བ་དེ།།
སེམས་རྩ་སྒུལ་བའི་མེ་ལོང་ནག་པོ་ཞིག།
རྡོ་བའི་ཚེ་སྲོག་ཉིལ་བའི་ངུ་སྐད་ཀྱིས།།
བརྡར་བའི་སྐྱེ་དངོས་དེ་ཚོ་འགུལ་བ་འདྲ།།
དབྱར་ཁའི་མེ་ཏོག་འདྲ་བའི་རྨི་ལམ་དེ།།
སྣང་བ་སྨུག་རྒྱུ་ཡིན་པས་རྨང་ནས་ཞིག།
ཏིང་འཛིན་སྲོག་གི་ཀ་བ་རབ་བསླངས་བས།།
རྟོག་བཏགས་བྱེ་མའི་འདྲ་འབག་ཆག་པ་འདྲ།།
སྒྱུ་མའི་གར་ལ་བརྒྱུས་པའི་ལུས་ཀོག་དེ།།
ཉི་འོད་ཟགས་པའི་ས་ཆེན་པང་དུ་འཆི།།
བདེ་སྟོང་ཤེས་རབ་འབར་བའི་རྣོ་དབལ་གྱིས།།
ཉོན་ལྔའི་བྲང་ལག་འཐབ་ནས་འཆི་བ་འདྲ།།
ཉི་ཟླའི་མལ་སྟན་ཡིན་པའི་ས་སྒང་འདི།།
མྱ་ངན་མཚོན་པའི་ཀི་རིང་འདེབས་ས་ཡིན།།
སྐྱེ་འཆིའི་སྙིང་པོ་མཐོང་བའི་སྙན་ངག་པས།།
བརྩེ་བའི་རོལ་མོ་འདི་ཡི་ཕང་བར་གཏོར།།
སེམས་ཀྱི་མྱ་ངན་ནག་པོ་ཆག་པའི་རོ།།
སེམས་ཀྱི་རོལ་བར་གོ་བའི་རས་པ་དེ།།
ཉོན་ལྔའི་གླང་པོ་འདུལ་བའི་གོ་རློན་དུ།།
ད་དུང་དཀྱིལ་ཀྲུང་རི་མོ་ཅིར་ཡང་མངོན།།
འཆི་བདག་རྒྱལ་མོས་ཀུ་རེ་མང་དུ་རྩེ།།
ལོ་ཟླའི་འཕེལ་ཁ་རྟ་ཕོའི་བང་ལས་མྱུར།།
མིག་ཆུའི་འགྲམ་པ་བརླན་པའི་འཇིན་རྟེན་ནས།།
ཡོངས་སུ་འཇིག་པའི་ང་ཚོ་ཅི་ཞིག་ཡོད།།
རི་སྤྱང་ངུས་པའི་ང་རོ་མཐོན་པོ་ཡིས།།
སད་པའི་འབུ་སྲིན་འགུལ་བའི་ཁ་ལག་གིས།།
ཡ་ཁོག་དཀྲུགས་པའི་ང་ཡི་མེས་པོའི་ཁྱུར།།
དལ་གྱིས་བཞུར་བའི་སྙན་ངག་ཡོངས་སུ་བསྔོ།།

               2
སྟོན་ཁའི་སྡོང་ལོ་སེར་པོའི་མིག་ཆུའི་ཁྲོད།།
སྲོད་ཁར་འཕུར་བའི་ངང་བ་སེར་པོ་དེ།།
བདག་གི་བརྩེ་བ་ལྟ་བུའི་སྤྲིན་དཀར་གྱི།།
འདབ་མ་དཀར་དཀར་གཤོག་པས་བཏེག་ནས་འཕུར།།
མིག་ཀོང་མཆི་མའི་བཀང་བའི་ལོ་ཟླ་དེ།།
ཤ་མཆིན་སྟེང་འོག་བརྗེ་བའི་ཉི་མ་དེ།།
སེམས་ཀྱི་སྲང་ལ་གཅར་བའི་སེམས་ཀྱི་མིས།།
དྲན་པའི་རི་བོ་ད་དུང་འབུར་དུ་བཟོས།།
རི་བོའི་གསེབ་ནས་ལུས་པའི་ལ་གཞས་དེ།།
མིག་གི་ལོངས་སུ་རེ་བའི་ཞལ་རིས་དེ།།
སེམས་ཀྱི་ལྷ་མོ་ངུས་པའི་མིག་ཆུ་དེ།།
འཁོར་མའི་རི་ལ་འཁྱིལ་བའི་སྨུག་པ་ཡིན།།

              2014 5 2 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་དལ་གྱིས་བཞུར་སྲིད།

2014-12-28 ནག་ལྡོང་འཁྱམ་པོ། ཀློག་གྲངས། མཆན ཡོད།

            1
འཇིག་རྟེན་འཁོར་བ་ཁབ་ཀྱི་རྩེ་མོ་ནས།།
འདོད་པས་སྙིང་ཁམས་སྲེག་པའི་ལས་ངན་ཚོ།།
རྟ་གདོང་མེ་རུ་འཕྱན་པའི་དུ་ཿཁ་ཡིས།།
རུས་པའི་མིག་ཁྲོམ་འབུར་བའི་ཡི་དྭགས་འདྲ།།
ཚོར་བའི་མཚོ་མོར་ལྷུང་བའི་ཟླ་བ་དེ།།
སེམས་རྩ་སྒུལ་བའི་མེ་ལོང་ནག་པོ་ཞིག།
རྡོ་བའི་ཚེ་སྲོག་ཉིལ་བའི་ངུ་སྐད་ཀྱིས།།
བརྡར་བའི་སྐྱེ་དངོས་དེ་ཚོ་འགུལ་བ་འདྲ།།
དབྱར་ཁའི་མེ་ཏོག་འདྲ་བའི་རྨི་ལམ་དེ།།
སྣང་བ་སྨུག་རྒྱུ་ཡིན་པས་རྨང་ནས་ཞིག།
ཏིང་འཛིན་སྲོག་གི་ཀ་བ་རབ་བསླངས་བས།།
རྟོག་བཏགས་བྱེ་མའི་འདྲ་འབག་ཆག་པ་འདྲ།།
སྒྱུ་མའི་གར་ལ་བརྒྱུས་པའི་ལུས་ཀོག་དེ།།
ཉི་འོད་ཟགས་པའི་ས་ཆེན་པང་དུ་འཆི།།
བདེ་སྟོང་ཤེས་རབ་འབར་བའི་རྣོ་དབལ་གྱིས།།
ཉོན་ལྔའི་བྲང་ལག་འཐབ་ནས་འཆི་བ་འདྲ།།
ཉི་ཟླའི་མལ་སྟན་ཡིན་པའི་ས་སྒང་འདི།།
མྱ་ངན་མཚོན་པའི་ཀི་རིང་འདེབས་ས་ཡིན།།
སྐྱེ་འཆིའི་སྙིང་པོ་མཐོང་བའི་སྙན་ངག་པས།།
བརྩེ་བའི་རོལ་མོ་འདི་ཡི་ཕང་བར་གཏོར།།
སེམས་ཀྱི་མྱ་ངན་ནག་པོ་ཆག་པའི་རོ།།
སེམས་ཀྱི་རོལ་བར་གོ་བའི་རས་པ་དེ།།
ཉོན་ལྔའི་གླང་པོ་འདུལ་བའི་གོ་རློན་དུ།།
ད་དུང་དཀྱིལ་ཀྲུང་རི་མོ་ཅིར་ཡང་མངོན།།
འཆི་བདག་རྒྱལ་མོས་ཀུ་རེ་མང་དུ་རྩེ།།
ལོ་ཟླའི་འཕེལ་ཁ་རྟ་ཕོའི་བང་ལས་མྱུར།།
མིག་ཆུའི་འགྲམ་པ་བརླན་པའི་འཇིན་རྟེན་ནས།།
ཡོངས་སུ་འཇིག་པའི་ང་ཚོ་ཅི་ཞིག་ཡོད།།
རི་སྤྱང་ངུས་པའི་ང་རོ་མཐོན་པོ་ཡིས།།
སད་པའི་འབུ་སྲིན་འགུལ་བའི་ཁ་ལག་གིས།།
ཡ་ཁོག་དཀྲུགས་པའི་ང་ཡི་མེས་པོའི་ཁྱུར།།
དལ་གྱིས་བཞུར་བའི་སྙན་ངག་ཡོངས་སུ་བསྔོ།།

               2
སྟོན་ཁའི་སྡོང་ལོ་སེར་པོའི་མིག་ཆུའི་ཁྲོད།།
སྲོད་ཁར་འཕུར་བའི་ངང་བ་སེར་པོ་དེ།།
བདག་གི་བརྩེ་བ་ལྟ་བུའི་སྤྲིན་དཀར་གྱི།།
འདབ་མ་དཀར་དཀར་གཤོག་པས་བཏེག་ནས་འཕུར།།
མིག་ཀོང་མཆི་མའི་བཀང་བའི་ལོ་ཟླ་དེ།།
ཤ་མཆིན་སྟེང་འོག་བརྗེ་བའི་ཉི་མ་དེ།།
སེམས་ཀྱི་སྲང་ལ་གཅར་བའི་སེམས་ཀྱི་མིས།།
དྲན་པའི་རི་བོ་ད་དུང་འབུར་དུ་བཟོས།།
རི་བོའི་གསེབ་ནས་ལུས་པའི་ལ་གཞས་དེ།།
མིག་གི་ལོངས་སུ་རེ་བའི་ཞལ་རིས་དེ།།
སེམས་ཀྱི་ལྷ་མོ་ངུས་པའི་མིག་ཆུ་དེ།།
འཁོར་མའི་རི་ལ་འཁྱིལ་བའི་སྨུག་པ་ཡིན།།

              2014 5 2 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།