ཕྱི་རོལ།

               _____A ལ་སྤྲིངས་པ།

དྲན་པ་རྒུམ་པའི་ཆར་ཞོད་འདི་ནི་སྙིང་ཆུང་ལུ་གུའི་ལག་དམར་རེད།།
ཆར་ཐིགས་ཐག་ཐག་སྒེའུ་ཁུང་བརྡུངས་བ་ཤ་སྐྱིའི་སྲུབས་སུ་སིམ་སྣང་སྐྱེ།།
ནག་རོག་གནམ་ངོའི་སྤྲིན་པའི་འཚང་ཁ་ཡ་ཁོག་ཡོངས་སུ་ཡུག་ཡུག་བྱེད།།
སྣང་བའི་མནར་གཅོད་ནུས་ལྡན་མེ་དཔུང་མཆེ་བ་དཀར་སེང་ང་སར་གཙིགས།།

བསྐལ་བའི་རྨི་ལམ་མེ་ཏོག་རྙིད་པོ་ཆར་ཆུ་འདི་ཡིས་བརླན་ནམ་ཅི།།
རེ་སྒུག་རི་མོ་མག་མོག་དེ་ཉིད་གློག་དམར་ལག་པས་གསལ་ལམ་གང་།།
ང་དང་ཁྱེད་ཀྱི་མི་བརྗེད་མེ་ལོང་ཕྱིར་དྲན་རྒོད་པོའི་གཤོག་འགྱུར་དེ།།
ཡང་ཡང་བརྡབས་པས་ཡུད་ཙམ་འཇགས་ན་མི་བཟོད་སྐྱོ་བ་ལྕགས་ལ་ཟུག།

ཐོག་ཁང་འདི་ནས་ཐུར་ཐུར་བལྟས་ན་སྐྱ་ལེབ་ཆགས་པའི་ཁང་མིག་དག།
དེ་ཡི་གུད་དུ་ལྕུག་ལྕུག་འདར་བའི་གཉོམ་དུངས་ལྗོན་པ་ནག་པོ་འགའ།།
སྐྱེ་འཆིའི་སྐྱིད་སྡུག་རེས་སུ་འཁོར་བའི་ཟློས་གར་རིང་མོའི་ར་རོ་ཉིད།།
ང་ཡི་ཤ་ཁྲག་རྩ་རུ་རྒྱུ་ཞིང་བརྩེ་དུངས་བརྩིགས་པའི་རྩིབ་མར་འབྲེལ།།

རྐང་རྗེས་ཆུང་ཆུང་ས་ཆེན་དཔར་བ་བསུབ་ཐབས་མེད་པའི་གསང་བ་ནི།།
ཁུ་སིམ་ཁེར་རྐྱང་ལམ་བུའི་སྒང་དུ་དུག་ཚེར་རྣོན་པོའི་རྣམ་ཤེས་ཏེ།།
ང་ཡིས་ཁྱེད་རང་ཁྱད་མེད་དུས་ཚོད་རྟག་ཏུ་དྲན་པའི་སྟོབས་ཤུགས་འདིས།།
རི་བོ་ཐེ་ཧྲན་རྨ་ཀླུང་རིང་མོ་ལུག་ལྷས་རིལ་མ་ཆུ་ཕྲན་ཆུང་ཆུང་ཞིག་དུ་བཏང་།།

འཁྱགས་ཤུར་རླུང་བུ་ལན་མང་་གཡུག་པས་ཡ་ཡོའི་ཡིད་སེམས་ཡང་མོ་འདི།།
གཟུགས་མེད་གཟུར་བོར་ཁྱོད་ཕྱོགས་ས་ཆར་འཁྱར་འཁྱོར་མེད་པར་བཞུད་པའི་རྗེས།།
ལག་འཁྱེར་ཁ་པར་འཆར་ཤེལ་ངོས་སུ་འཕྲིན་པའི་ཡི་གེ་སོབ་སོབ་བབས།།
དེ་ཡི་གསེང་དུ་གསེར་ནག་སྒྲོམ་བུ་སེམས་པུའི་ནང་སྙིང་ནོར་དུ་བཅུག།

འདི་ནས་བརྩིས་པའི་མི་ལོ་གསུམ་དང་ཉིན་མོ་བཞི་ཡི་ཡར་སྔོན་ལ།།
ང་ཡི་རིག་རིག་མིག་གིས་མཐོང་བའི་ཟླ་མེད་མཛེས་པའི་བདག་མོ་ཁྱེད།།
ཚེ་གཅིག་ལས་ཀྱི་ལོང་བུར་བཏགས་པའི་ལོ་ཟླའི་བླ་དང་སྲོག་གི་གཏིང་།།
གཏན་དུ་བརྟན་ཞིང་རྟེན་དུ་ཆགས་པའི་སྨོན་ལམ་ལན་གྲངས་རྫོགས་མེད་འདེབས།

                                                                                                                   ༢༠༡༤-༠༤-༢༤ཉིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་རོལ།

2015-01-11 རྣོ་ཁབ་ལེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།