བྱུ་རུ་སྔོན་པོ། བདེ་མོ་ཨེ་ཡིན།


གླུ་དབྱངས་མ་བླངས་པའི་ལོ་ངོ་།།
ལག་འཇུ་མ་བྱས་པའི་ཟླ་ངོ་།།
ཚིགས་བཅད་མ་བྲིས་པའི་མཚན་མོ།།
ཁ་པར་མ་བཏང་བའི་ཉིན་མོ།།
སྔར་བཞིན་བདེ་ལེགས་ཀྱིས་ཡོད་དམ།།

དོ་ནུབ་ཁྱེད་རང་དང་ཉེ་བའི།།
གཞོངས་ཀྱི་སྨན་ཁང་དུ་ཐོན་ཡོད།།
མཚན་གུང་ནད་གཡོག་ཏུ་ཁེལ་བས།།
དྲན་སྟངས་ཁ་པར་ལ་གཏག་ཡོད།།
སང་ཞོགས་སྔ་ཙམ་ནས་གཏང་ཆོག །

དྲན་སྲོལ་འབྲི་ན་ནི་མི་ཡོང་།།
དགའ་སྲོལ་བཤད་ན་ནི་མི་ཚར།།
དུངས་སྲོལ་དེ་ག་རང་རེད་འདུག །
དེ་ལས་ཇ་ཁང་ཞིག་བཙལ་ཏེ།།
འཛུམ་གྱིས་བྱིལ་བྱིལ་རེ་གཏང་རོགས།།

ཉིན་སྦྲེལ་མཚན་སྦྲེལ་གྱིས་བཤད་པ།།
མཚན་མོ་རྨི་ལམ་དུ་འཛོམས་པ།།
དངོས་སུ་ཐུག་འཕྲད་ལས་སྐྱིད་པ།།
དངངས་འཚབ་ཞེད་སྣང་ནི་མེད་པ།།
བརྩེ་བའི་དྲོད་འཁྱག་ཀྱང་རྟོགས་སོ།།

དགའ་དུས་དགུ་མདུད་དང་འདྲ་བར།།
སྐད་ཅིག་ཐུན་ཅིག་ལ་མདུད་སོང་།།
གྲོལ་དུས་ལྕགས་ཐག་དང་འདྲ་བར།།
ལྕགས་ཀྱི་ཐོ་བས་ནི་མ་གྲོལ།།
བདག་སེམས་སྐུ་ཉིད་མས་བསྡམས་སོང་།།

རོང་མོ་རིག་མཆོག་སྐྱིད་མ་བདས།།
འབྲོག་མོ་འབྲུག་མོ་མཚོར་མ་འགྲོགས།།
རོང་འབྲོག་དབྱེ་བ་ནི་མིན་ཡང་།།
དམར་ཆུང་སེམས་པ་འདིའི་བདག་མོ།།
ཁྱོད་ཉིད་བསྐོས་པ་དང་འདྲ་བྱུང་།།

སྨག་ཏུ་ཞེད་སྣང་གིས་ཕྱིན་ཏེ།།
འགྲམ་ཏུ་འདར་ཟུག་གིས་བཅར་བ།།
དེ་དང་ཆ་འདྲ་ཡི་གཏམ་རྒྱུད།།
སྔ་ཕྱིར་བྱུང་བ་དག་དྲན་ན།།
ཡང་ཡང་གློའུ་དགོད་ཀྱང་ཤོར་གྱི།།

ལས་སྨོན་ལེགས་པོ་ཡིས་འཕྲད་དེ།།
རེ་སྙེག་རྟ་ཕོ་ཡི་གོམ་ཁ།།
ལེན་སྟངས་སོ་སོ་རུ་གྱུར་ཀྱང་།།
བརྩེ་བའི་རྨུ་ཐག་གི་དར་སྐུད།།
མི་ཆད་ཡིད་ཆེས་ཀྱིས་འཐེན་ཡོད།།

རང་ཉིད་རང་ལུས་ལ་ཐུག་སྟེ།།
རང་ལྟོ་རང་ལག་ལ་ཐུག་དུས།།
རང་སེམས་ཁྱོད་ཉིད་ལ་འཁྲེང་ཡང་།།
རང་དོན་གཞན་དོན་གཉིས་བསྲེས་པས།།
རང་དབང་དུས་ཚོད་ཀྱིས་མ་བཏང་།།

འགོ་མཇུག་མི་ཚང་བའི་ཚིགས་བཅད།།
བར་མཚམས་མི་བདེ་བའི་ཚིགས་རྐང་།།
གཡོག་རེས་དུས་ཚོད་ལ་རྒོལ་ཕྱིར།།
སེམས་མཐུན་སྡུག་གུ་མའི་སྙན་དུ།།
ཕྱིར་དྲན་རི་མོ་ལ་བཏེགས་སོ།།

       ལས་གྲོགས་ཤིག་གི་ནད་གཡོག་ཏུ་ཕྱིན་ཏེ་སྨན་ཁང་དུ་སྡོད་སྐབས་བྲིས། 

                  ༢༠༡༤།༠༧།༠༩ ལ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱུ་རུ་སྔོན་པོ། བདེ་མོ་ཨེ་ཡིན།

2015-01-13 མྱི་ལྟིག ཀློག་གྲངས། མཆན ཡོད།


གླུ་དབྱངས་མ་བླངས་པའི་ལོ་ངོ་།།
ལག་འཇུ་མ་བྱས་པའི་ཟླ་ངོ་།།
ཚིགས་བཅད་མ་བྲིས་པའི་མཚན་མོ།།
ཁ་པར་མ་བཏང་བའི་ཉིན་མོ།།
སྔར་བཞིན་བདེ་ལེགས་ཀྱིས་ཡོད་དམ།།

དོ་ནུབ་ཁྱེད་རང་དང་ཉེ་བའི།།
གཞོངས་ཀྱི་སྨན་ཁང་དུ་ཐོན་ཡོད།།
མཚན་གུང་ནད་གཡོག་ཏུ་ཁེལ་བས།།
དྲན་སྟངས་ཁ་པར་ལ་གཏག་ཡོད།།
སང་ཞོགས་སྔ་ཙམ་ནས་གཏང་ཆོག །

དྲན་སྲོལ་འབྲི་ན་ནི་མི་ཡོང་།།
དགའ་སྲོལ་བཤད་ན་ནི་མི་ཚར།།
དུངས་སྲོལ་དེ་ག་རང་རེད་འདུག །
དེ་ལས་ཇ་ཁང་ཞིག་བཙལ་ཏེ།།
འཛུམ་གྱིས་བྱིལ་བྱིལ་རེ་གཏང་རོགས།།

ཉིན་སྦྲེལ་མཚན་སྦྲེལ་གྱིས་བཤད་པ།།
མཚན་མོ་རྨི་ལམ་དུ་འཛོམས་པ།།
དངོས་སུ་ཐུག་འཕྲད་ལས་སྐྱིད་པ།།
དངངས་འཚབ་ཞེད་སྣང་ནི་མེད་པ།།
བརྩེ་བའི་དྲོད་འཁྱག་ཀྱང་རྟོགས་སོ།།

དགའ་དུས་དགུ་མདུད་དང་འདྲ་བར།།
སྐད་ཅིག་ཐུན་ཅིག་ལ་མདུད་སོང་།།
གྲོལ་དུས་ལྕགས་ཐག་དང་འདྲ་བར།།
ལྕགས་ཀྱི་ཐོ་བས་ནི་མ་གྲོལ།།
བདག་སེམས་སྐུ་ཉིད་མས་བསྡམས་སོང་།།

རོང་མོ་རིག་མཆོག་སྐྱིད་མ་བདས།།
འབྲོག་མོ་འབྲུག་མོ་མཚོར་མ་འགྲོགས།།
རོང་འབྲོག་དབྱེ་བ་ནི་མིན་ཡང་།།
དམར་ཆུང་སེམས་པ་འདིའི་བདག་མོ།།
ཁྱོད་ཉིད་བསྐོས་པ་དང་འདྲ་བྱུང་།།

སྨག་ཏུ་ཞེད་སྣང་གིས་ཕྱིན་ཏེ།།
འགྲམ་ཏུ་འདར་ཟུག་གིས་བཅར་བ།།
དེ་དང་ཆ་འདྲ་ཡི་གཏམ་རྒྱུད།།
སྔ་ཕྱིར་བྱུང་བ་དག་དྲན་ན།།
ཡང་ཡང་གློའུ་དགོད་ཀྱང་ཤོར་གྱི།།

ལས་སྨོན་ལེགས་པོ་ཡིས་འཕྲད་དེ།།
རེ་སྙེག་རྟ་ཕོ་ཡི་གོམ་ཁ།།
ལེན་སྟངས་སོ་སོ་རུ་གྱུར་ཀྱང་།།
བརྩེ་བའི་རྨུ་ཐག་གི་དར་སྐུད།།
མི་ཆད་ཡིད་ཆེས་ཀྱིས་འཐེན་ཡོད།།

རང་ཉིད་རང་ལུས་ལ་ཐུག་སྟེ།།
རང་ལྟོ་རང་ལག་ལ་ཐུག་དུས།།
རང་སེམས་ཁྱོད་ཉིད་ལ་འཁྲེང་ཡང་།།
རང་དོན་གཞན་དོན་གཉིས་བསྲེས་པས།།
རང་དབང་དུས་ཚོད་ཀྱིས་མ་བཏང་།།

འགོ་མཇུག་མི་ཚང་བའི་ཚིགས་བཅད།།
བར་མཚམས་མི་བདེ་བའི་ཚིགས་རྐང་།།
གཡོག་རེས་དུས་ཚོད་ལ་རྒོལ་ཕྱིར།།
སེམས་མཐུན་སྡུག་གུ་མའི་སྙན་དུ།།
ཕྱིར་དྲན་རི་མོ་ལ་བཏེགས་སོ།།

       ལས་གྲོགས་ཤིག་གི་ནད་གཡོག་ཏུ་ཕྱིན་ཏེ་སྨན་ཁང་དུ་སྡོད་སྐབས་བྲིས། 

                  ༢༠༡༤།༠༧།༠༩ ལ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།