རང་སྣང་ཡན་གར་བ།

ཕྱི་གཟུགས་སྣང་བས་བདག་གི་ཡིད་རྣམས་རྩ་ནས་བསླུ་བྱེད་འཁྲུལ་ཤེས་མོག་མོག་པོ།།
སྐད་ཅིག་ཙམ་ལ་ཚོགས་དྲུག་དབང་ཤེས་མདུན་ངོར་མཛེས་མའི་གར་རླབས་འཇགས་པ་མེད།།
ཡོད་མདོག་སྟོན་པའི་མིག་ཤེས་རྣོན་པོས་ང་འོ་བློ་ཡིས་རང་ལུས་གང་སར་ཁྲིད།།
དྲང་ངེས་ཆ་ལ་བླང་དོར་རྨོངས་པའི་ཁོ་བོས་ཆུའི་ནང་ཟླ་བར་བསྙབས་སུ་བཅུག།
གཟུགས་ཀྱི་མཛེས་བའི་མཐར་ཐུག་འཇའ་ཚོན་ཡིན་ཞེས་འཛིན་པར་ལག་པ་བསྙེན་དུ་བཅུག།
ཡིད་གཅུགས་མཛའ་མོའི་འཛུམ་ཟེར་འཛག་བྱེད་མེ་ལོང་ནང་གི་མེ་ཏོག་ཡིན་ཞེས་བསྟན།།
རུས་སྦལ་ས་དགྲའི་གཉེན་པོ་ཡིན་པས་སྦྲ་ནག་རྒྱུ་སྤུན་དེ་ལས་འབྲེགས་དགོས་ལབ།།
དགུན་གྱི་སྟག་མོའི་ངར་སྐད་ཀློང་ནས་མེ་ཏོག་ཅིག་གི་བླ་སྲོག་འཚོལ་བར་སྐུལ།།
ཞོགས་པའི་འཆར་ཀའི་མཛེས་སྡུག་བཞེངས་པར་ནུབ་རིའི་ཕོག་ལ་ལྟད་མོར་གཟིགས་པར་ཁྲིད།།
ཆུ་ལ་བཞག་པའི་ཤུལ་རྗེས་གང་ནི་མེས་པོས་གཏོད་པའི་ལོ་རྒྱུས་དཔྱོད་པར་མངགས།།
སྨུག་གསེབ་ནག་ཡོལ་གན་ལ་ཡུ་མོར་འཁྲུལ་ནས་རྔོན་པས་སྒུག་ལུགས་བཅོ་བརྒྱད་ངོམས།།
པུར་གྱིས་བཏབ་པའི་ཨུ་ཏྤལ་མཛེས་བའི་ལང་ཚོ་མ་ལུས་མངོན་ཕྱོགས་ལྡེབས་ངོས་ལ།།
སྲེད་ལྡན་རྐང་དྲུག་ཡོངས་སུ་འཁྲུལ་ཏེ་མཆུ་དག་སྦྱོར་བའི་ངང་ཚུལ་ཅི་ཡང་འཁྲབ།།
རི་བོའི་བརླ་བར་ཉལ་བའི་བྱེ་མའི་རྡུལ་ལ་ཉི་ཟེར་འཛག་པའི་བཀྲག་མདངས་ལས།།
སྨིག་རྒྱུའི་ཆུ་རྒྱུན་སྣང་བས་རི་དྭགས་སྐོམ་སྲེད་གདུང་བའི་སྡུག་བསྔལ་སྟོང་བས་གཟེར།།
མདོར་ན་ཚོགས་དྲུག་འཛོམས་པའི་དབང་ཤེས་ཀུན་ལ་ཡིད་རྟོན་ཅི་དང་གང་ཡང་མེད།།
ལང་ཀ་མགྲིན་བཅུས་འཆི་མེད་དངོས་གྲུབ་ཐོབ་པར་འདོད་དེ་རང་གི་མགོ་བོ་ཡིས།།
འབྲས་ཡོས་སྲེག་བཞིན་སྦྱིན་སྲེག་རྫས་སུ་བྱིན་ཡང་དེ་ལ་དེ་ཐོབ་འབྲས་བུ་མེད།།
ད་རུང་གདོང་མུན་ཅན་དེས་མཚན་ལྟས་ངག་བཞིན་སི་ཏཱ་མཚོ་ཟས་སྐྱུར་མོད་ཀྱང་།།
ཡིད་འཕྲོག་སྙན་པའི་གྲགས་པ་ཐོས་པས་བཙུན་མོར་འདོད་པའི་མེ་ལྕེ་མཁའ་རུ་རྩེན།།
བུ་ངོ་མ་ཟིན་མགྲིན་བཅུས་རང་འདོད་དུག་ནག་ཚེར་མས་སྡུག་ལ་སྦྱར་བ་ཉུང་ཉུང་མིན།།
འཁྲུལ་བའི་རྨོངས་ཚུལ་དེ་འདྲ་བམ་ཀློག་བྱེད་ཐེངས་ཁོང་དགོད་ཤོར་བའི་ཧབ་ཆ་སྦྱིན།། ི
རྨོངས་བློ་བྱིས་ཚུལ་ངང་གིས་དུས་རྣམ་ཀུན་ཏུ་རང་ཉིད་བསླུས་པ་གྲངས་མི་ཆོད།།
འཁྲུལ་ངོའི་དབང་ཤེས་རྣམས་ལ་ཡིད་རྟོན་མེད་པས་ད་ནི་སུ་ལ་ཡིད་རྟོན་འོས།།
ཆོས་ཉིད་བདེན་པ་བརྡར་བའི་དོན་གྱི་གནས་ལུགས་གང་ཡིན་དེ་ལ་ཡིད་རྟོན་ནམ།།
ཀུན་ལ་གྲགས་པའི་སྐྱེས་བུ་ཚད་མ་ཡིན་ཟེར་རྣམས་ཀྱི་ཆོས་ལ་ཡིན་རྟོན་དགོས།།
ཚད་མིན་སྐྱེས་བུའི་ཆོས་རྣམས་ཚད་མིན་ཡིན་པ་ཀུན་གྱི་བླུན་ངོར་འཕྲལ་ཐག་ཆོད།།
ཚད་མའི་སྐྱེས་བུ་གཅིག་པུ་གཤེགས་ཤུལ་གསུངས་ཆོས་གང་ཡིན་སུ་ཡིས་ཚད་མར་འཛིན།།
དེ་ལྟར་སོང་ན་སླར་ཡང་རང་ལ་ཡིད་རྟོན་མི་བྱེད་སུ་ལ་ཡིད་རྟོན་བྱ།།
དོན་དམ་བདེན་པའི་ཁུགས་སོར་རྒྱང་ལྟ་ཙམ་གྱིས་འཁྲུལ་བློ་སེལ་བའི་ཐབས་འབའ་ནི།།
ཆོས་རྣམས་གནས་ལུགས་མཐར་ཐུག་སྟོན་པའི་ལེགས་བཤད་གང་ཡིན་དེ་ལ་ཡིད་རྟོན་འོས།།
བདེན་པའི་ཨ་ལོང་ཅི་གང་ལྕགས་ཀྱུར་འགུགས་མཁས་དམ་པ་གང་ལ་ཡིན་རྟོན་འོས། ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་སྣང་ཡན་གར་བ།

2015-01-31 གཡུ་རལ་ཅན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།