གསང་གཏམ་ལ་བྲིན་པའི་ལྷ་ཡུལ།

ཨ་མགྲོན་ཚེ་དཔལ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-02


གབ་པའི་སེང་རས་ཡོངས་སུ་ཕྱེས་པའི་གདོང་།།
ཉི་མའི་ཟེར་གྱི་ཁྲུས་ལ་རོལ་དུས་ན།།
འཛུམ་གྱིས་བཟི་བའི་སྦྲང་ཆུང་ཉམ་ཐག་ཅིག།
རང་ཚུགས་བོར་ནས་ཁྱེད་གདོང་པད་མར་འཐམས།།

གླང་ཆེན་འགྲོས་ཞུགས་སྐེད་མེད་རང་མ་ཡིན།།
རྒྱགས་པའི་འོ་འཛིན་འཛིན་ཅན་རང་མ་ཡིན།།
སྙིང་ཆུང་བརྟོལ་བའི་མདའ་མོ་གཞུ་ཁུགས་ལ།།
སྦྱོར་གྱི་མདའ་བ་སེམས་ཀྱི་རྐུན་པོ་དེ།།

སྲོད་ཀྱི་ཉི་ནུབ་གསང་གཏམ་སྦ་ས་ཞིག།
མུན་གྱི་མཚན་མོ་རྨི་ལམ་དཀྲིགས་མཁན་ཞིག།
དྲན་པའི་ཤེས་པ་ཁ་ཕྱོགས་ངེས་མེད་ལ།།
འདྲེན་པའི་ལྕགས་ཀྱུ་ཐོགས་ཀྱི་རྒྱབ་གཟུགས་ཤིག།

ལང་ཚོ་རྫོགས་པའི་ལོ་ཟླའི་ཁུགས་སོ་ནས།།
སྟོང་འདང་དབུགས་རིང་ཤེད་ཀྱིས་རྔུབ་པ་ལ།།
དུས་ཀྱིས་མ་འཁྱེར་འཛུམ་ཆུང་ཚེར་འཛིན་མ།།
གཉིད་ལས་དཀྲོགས་པའི་འཕག་འཚག་སེམས་སུ་ཟུག

ལྔ་གསུམ་བཅོ་ལྔའི་དུང་ཟླས་ང་མ་བསླུས།།
ཚེས་རུའི་རྟ་ཕོའི་གོང་ལ་ང་མ་ཞོན།།
སྟོང་བསམ་སྟོང་གི་གཡུལ་གྱི་འཐབ་ར་ནས།།
སྟོང་བའི་ལྷ་མོར་འཕྲད་པའི་དག་ཞིང་རྙེད།།

རྒྱུ་གང་བྱས་ལ་འབྲས་བུ་དེ་འབྱུང་གྱི།།
གནས་ལུགས་མ་རྟོགས་འོབས་ཀྱི་དོང་ན་མིན།།
སེམས་པ་རྐུས་པའི་ཤུལ་གྱི་བེམ་པོས་ནི།།
ཉེ་བར་བཅར་གྱི་ས་བོན་གཟེགས་མ་སྤོབས།།

འཛུམ་ལ་བྱུགས་པའི་སྲེད་པའི་འགྲམ་ཆུ་ཡིས།།
རྐང་གི་ལྷམ་ཆུང་བརླན་པའི་བཞད་གར་འདིི།།
གཅེར་བུར་བུད་ནས་འཁྲབ་ལ་ང་ཕོད་གང་།།
ཁྱེད་ལ་ཆགས་པའི་བྱིས་པ་བསླད་བྲལ་ཞིག།

དུངས་པའི་ནམ་མཁའ་དྲོ་ཞིང་འཇམ་པ་ལ།།
དྲན་པས་གདུང་བའི་སྤྲིན་ནག་འཁྲིགས་པ་ན།།
བསྲན་པར་མ་ནུས་མིག་ཆུའི་ཆར་ཟིམ་གྱིས།།
མིག་གི་རྫིང་བུ་བརླན་པའི་གཏམ་རྒྱུད་ཡོད།།

དུངས་བའི་ན་ཟུག་ངག་ནས་བརྡོལ་མ་སྤོབས།།
རྣམ་རྟོག་སེམས་ཀྱིས་རྨི་ལམ་མཚན་མ་དཀྲིགས།།
དཀྲིགས་པའི་མཐའ་མར་དབྱངས་གསལ་སོ་བཞི་ཡི།།
བྱིས་པའི་མགུལ་ལ་བཅིངས་ནས་ཁྱེད་ལ་སྤྲིངས།། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསང་གཏམ་ལ་བྲིན་པའི་ལྷ་ཡུལ།

2015-02-02 ཨ་མགྲོན་ཚེ་དཔལ་རྒྱལ། ཀློག་གྲངས། མཆན ཡོད།


གབ་པའི་སེང་རས་ཡོངས་སུ་ཕྱེས་པའི་གདོང་།།
ཉི་མའི་ཟེར་གྱི་ཁྲུས་ལ་རོལ་དུས་ན།།
འཛུམ་གྱིས་བཟི་བའི་སྦྲང་ཆུང་ཉམ་ཐག་ཅིག།
རང་ཚུགས་བོར་ནས་ཁྱེད་གདོང་པད་མར་འཐམས།།

གླང་ཆེན་འགྲོས་ཞུགས་སྐེད་མེད་རང་མ་ཡིན།།
རྒྱགས་པའི་འོ་འཛིན་འཛིན་ཅན་རང་མ་ཡིན།།
སྙིང་ཆུང་བརྟོལ་བའི་མདའ་མོ་གཞུ་ཁུགས་ལ།།
སྦྱོར་གྱི་མདའ་བ་སེམས་ཀྱི་རྐུན་པོ་དེ།།

སྲོད་ཀྱི་ཉི་ནུབ་གསང་གཏམ་སྦ་ས་ཞིག།
མུན་གྱི་མཚན་མོ་རྨི་ལམ་དཀྲིགས་མཁན་ཞིག།
དྲན་པའི་ཤེས་པ་ཁ་ཕྱོགས་ངེས་མེད་ལ།།
འདྲེན་པའི་ལྕགས་ཀྱུ་ཐོགས་ཀྱི་རྒྱབ་གཟུགས་ཤིག།

ལང་ཚོ་རྫོགས་པའི་ལོ་ཟླའི་ཁུགས་སོ་ནས།།
སྟོང་འདང་དབུགས་རིང་ཤེད་ཀྱིས་རྔུབ་པ་ལ།།
དུས་ཀྱིས་མ་འཁྱེར་འཛུམ་ཆུང་ཚེར་འཛིན་མ།།
གཉིད་ལས་དཀྲོགས་པའི་འཕག་འཚག་སེམས་སུ་ཟུག

ལྔ་གསུམ་བཅོ་ལྔའི་དུང་ཟླས་ང་མ་བསླུས།།
ཚེས་རུའི་རྟ་ཕོའི་གོང་ལ་ང་མ་ཞོན།།
སྟོང་བསམ་སྟོང་གི་གཡུལ་གྱི་འཐབ་ར་ནས།།
སྟོང་བའི་ལྷ་མོར་འཕྲད་པའི་དག་ཞིང་རྙེད།།

རྒྱུ་གང་བྱས་ལ་འབྲས་བུ་དེ་འབྱུང་གྱི།།
གནས་ལུགས་མ་རྟོགས་འོབས་ཀྱི་དོང་ན་མིན།།
སེམས་པ་རྐུས་པའི་ཤུལ་གྱི་བེམ་པོས་ནི།།
ཉེ་བར་བཅར་གྱི་ས་བོན་གཟེགས་མ་སྤོབས།།

འཛུམ་ལ་བྱུགས་པའི་སྲེད་པའི་འགྲམ་ཆུ་ཡིས།།
རྐང་གི་ལྷམ་ཆུང་བརླན་པའི་བཞད་གར་འདིི།།
གཅེར་བུར་བུད་ནས་འཁྲབ་ལ་ང་ཕོད་གང་།།
ཁྱེད་ལ་ཆགས་པའི་བྱིས་པ་བསླད་བྲལ་ཞིག།

དུངས་པའི་ནམ་མཁའ་དྲོ་ཞིང་འཇམ་པ་ལ།།
དྲན་པས་གདུང་བའི་སྤྲིན་ནག་འཁྲིགས་པ་ན།།
བསྲན་པར་མ་ནུས་མིག་ཆུའི་ཆར་ཟིམ་གྱིས།།
མིག་གི་རྫིང་བུ་བརླན་པའི་གཏམ་རྒྱུད་ཡོད།།

དུངས་བའི་ན་ཟུག་ངག་ནས་བརྡོལ་མ་སྤོབས།།
རྣམ་རྟོག་སེམས་ཀྱིས་རྨི་ལམ་མཚན་མ་དཀྲིགས།།
དཀྲིགས་པའི་མཐའ་མར་དབྱངས་གསལ་སོ་བཞི་ཡི།།
བྱིས་པའི་མགུལ་ལ་བཅིངས་ནས་ཁྱེད་ལ་སྤྲིངས།། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།