མིག་ཆུའི་ནང་ན་ཉི་མ་ཞིག་སྦས་ཡོད།(ཞར་བཀོད་གཅིག་ཡོད)

              -----------དམ་པ་ཞིག་ལ་རྗེས་དྲན་དུ།

དུས་ཐུང་མི་ཚེ་འཁོར་བའི་སྐྱིད་སྡུག་ལ་འདྲེས་པའི།།
སྐྱ་སེར་རྒན་གཞོན་དར་མའི་རིན་ཆེན་གྱི་ནོར་བུ།།
ལོ་ཟླའི་ཁ་གྲངས་བར་ནས་གཟིམས་ཉམས་ཤིག་ངོམ་རུང་།།
སྙིང་རྗེའི་རང་གཤིས་དེ་ལ་ཉམས་པ་ཞིག་མི་འདུག།།

བྲག་ཐེམ་མཐོན་པོའི་དཀྱིལ་གྱི་ཐང་དཀར་གྱི་རྒོད་པོ།།
སྤུ་གྲུ་སྨྱོན་པའི་བར་ནས་མི་མངོན་པར་གྱུར་མོད།།
དུང་ཕྱུར་ཁྲི་སྟོང་མང་པོའི་བྱ་ཚོགས་ཀྱི་སེམས་ན།།
འོད་ཀྱི་ཉི་མ་གཅིག་པོ་ཁྱེད་རང་ལས་མི་འདུག།

སྐྱ་རེངས་ཁུ་བྱུག་ནུབ་ཁའི་ཁྲ་ཆ་ཡིས་དེད་ནས།།
དམར་པོ་རི་ཡི་འོད་མདངས་ཉམས་དམས་སུ་སོང་མོད།།
ས་ཡ་འབུམ་གྱིས་སྦྲུམ་པའི་སྐྱེ་འགྲོ་ཡི་སེམས་ན།།
དུས་བརྟན་བྲལ་བ་མེད་པ་རྡོ་རྗེ་ཡི་བྲག་རི།།

གཡུ་ལོའི་མདངས་འཛིན་ཨ་གར་ལྗོན་པ་ཡི་རྩེ་ན།།
རིག་པའི་བྱེའུ་ཆུང་སྟོན་རླུང་ཤུག་ཤུག་གིས་བསྐྱོད་མོད།།
རྣམ་རིག་འཕྲུལ་གྱི་རལ་གྲི་ལྷན་སྐྱེས་སུ་ཡོད་པས།།
མ་རིག་མུན་པ་མདུན་ན་འགྲེལ་ལྡོག་ངང་བྲོས་འགྲོ།།

གཅེས་མིན་ཅོལ་ཆུང་ང་ཡི་རྣམ་དག་གི་སེམས་པས།།
དྲན་འཛིན་དངོས་ན་གསལ་བའི་རླབས་ཆེན་གྱི་སྐྱེས་བུར།།
དྲན་པའི་ཚིག་གསུམ་མིག་ཆུ་གཡས་གཡོན་ལ་བརྒྱུས་ཏེ།།
ཁ་བ་རི་བོའི་ལྗོངས་སུ་འགོག་མེད་དུ་རྒྱུགས་སོང་།།

             སེམས་ཁྲལ་ཐོལ་བྱུང་མ།

སྤྲིན་དཀར་ལེབ་མོར་རླུང་གི་འཇིགས་པ་རྒོད།།
ས་གཞི་ཆེན་པོས་རྔན་པའི་ཤུགས་རིང་འབྱིན།།
སྟོང་བའི་ལག་སྟོང་ཡང་ཡང་གཡུགས་པའི་དུས།།
ང་ཚོས་གོམ་སྟབས་ཆེན་པོ་མི་སྤོ་ཅི།།

དྲན་གདུང་ལྕི་མོ་གནམ་གྱི་སྐས་ལ་བཏེགས།།
མྱི་ཁ་དམར་པོ་ནུབ་རིའི་ལ་ལ་བཅོལ།།
ཕྱི་དྲན་རེ་བཞག་ཟབ་པའི་དེང་གི་དུས།།
ང་ཚོས་ལག་གདངས་གཅིག་ཏུ་མི་སྦྲེལ་ཅི།།

རྒྱུས་མེད་ཅོང་རོང་ནང་ན་ཀི་སྒྲ་ཆེ།།
མདོ་མེད་བུ་ལོས་མེས་པོའི་མཛད་རྗེས་དོར།།
ཚེར་ཤུལ་རུས་རྟོས་ཁེངས་པའི་དུས་འདི་ལ།།
ང་ཚོས་རང་ལ་བརྡར་ཤ་མི་གཅོད་ཅི།།

རྟོག་གེའི་རྣམ་རིག་ཕྱོགས་བཞིར་འཕྲོ་ལ་ཉེ།།
མ་རིག་མུན་པས་འོད་སྣང་བསྒྲིབས་ལ་ཁད།།
སང་ཉིན་སང་ཉིན་ཟེར་བའི་དུས་རབས་འདིར།།
མི་བུས་མི་བུ་མི་བཀུར་བཀུར་རྒྱུ་ཅི།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུའི་ནང་ན་ཉི་མ་ཞིག་སྦས་ཡོད།(ཞར་བཀོད་གཅིག་ཡོད)

2015-02-16 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།