སྣང་བརྙན་འདིས་གཙེས་པ་མང་དྲགས་འདུག


སྲོད་ཁའི་རོལ་མོ་སྤྲིན་པས་ཡང་ཡང་དཀྲོལ།།
རླུང་བུ་སྡོམ་པོ་མདུན་རྒྱབ་གཉིས་ནས་ལྡང་།།
བྲེལ་འཚུབ་དེ་ཡིས་ལུས་པོ་རྔུལ་ཆུས་བརླན།།
རྨི་ལམ་ནང་ནས་དུས་བཅད་བྱེད་སྟངས་ཡིན།།

ཉི་ནུབ་རེ་རེ་ཆར་བ་བཞིན་དུ་འབབ།།
ཟླ་བའི་རྨི་ལམ་སེམས་པའི་ངོས་སུ་བཞད།།
འོད་ཀྱི་སྐུད་པ་དེ་ཡི་གསེབ་ཏུ་བཏགས།།
དྲན་པའི་ལོ་ཟླ་ཞེ་ལ་ཐོགས་ཚུལ་ཡིན།།

ཟླ་བ་གོར་གོར་ཆུ་ཡི་གཏིང་དུ་འཛུལ།།
སྐར་མ་ཆུང་ཆུང་དེ་གའི་མཐའ་ན་འཛུམ།།
ཆུ་བོ་འགུལ་བས་གཟུགས་བརྙན་རབ་རིབ་དེ།།
ཡིད་ཀྱི་སྒེའུ་ཁུང་ཡོལ་བ་ཕྱེ་སྟངས་ཡིན།།

མཚན་མོའི་རིམ་ན་ཡོད་ཚད་དལ་ཅག་གེར།།
མི་རྣམས་ཕ་ཡུལ་གཞན་ཞིག་འགྲིམ་ནས་འགྲོ།།
ང་རང་གཅིག་པས་རི་མགོ་བཀྲུ་བ་དེ།།
རང་ཉིད་རང་གི་དབྱིབས་ཀྱིས་འགྲེང་ཚུལ་ཡིན།།

མཛེས་པའི་གདོང་ལ་དྲོད་ཀྱི་འོད་ཅིག་འཁྱིལ།།
རེ་བའི་མིག་ཟུང་སྒྲོན་མེ་སྦར་དང་འདྲ།།
མཁའ་ལམ་གསལ་ཐག་ཆོད་པའི་སྣང་བ་དེ།།
མི་ཚེ་འཚོ་བ་ཞིག་ལ་བསྟིམས་སྟངས་ཡིན།།

ཟིལ་བ་ཆེ་ཆུང་རེ་རེར་མདངས་རེ་འཁྱུག།
རྩྭ་འདབས་ཟིལ་བར་རླངས་པའི་སྨུག་ཞགས་འཁོར།།
ལང་ལོང་ཁྲོད་ནས་ཟ་ཟི་མཐོང་བ་འདི།།
མི་ཚོགས་ནང་ནས་ཕྱིར་མིག་འཕེན་ཚུལ་ཡིན།།

སྨུག་པས་ཕུང་བོ་སྒྲིབ་ཅིང་སེམས་པ་བཏུམ།།
ཆར་བ་ཤག་ཤག་ཚོར་བའི་ཞིང་ལ་བབས།།
འཇའ་ཡི་ལག་བ་བསྲིངས་ཤིང་རུས་པ་འཐོར།།
སྒྱུ་མའི་རང་གཤིས་གཤིས་ལ་གྲུབ་སྟངས་ཡིན།།

མེ་ཏོག་འདབ་མ་ལྷུག་པོར་སྤང་ན་འཛུམ།།
ཆུ་མོས་ལག་བརྡ་སྟོན་བཞིན་ཡུན་གྱིས་འགྲོ།།
རྐང་ལམ་སྐྱ་བོ་དེ་དང་གྱེས་ནས་སོང་།།
ལུང་བ་སོ་སོའི་མིག་ཆུ་བཞུར་ཚུལ་ཡིན།།

ལས་དབང་དལ་མོའི་རྐང་རྗེས་རིམ་གྱིས་དོད།།
སེམས་པའི་མེ་ལོང་དྲུད་ཅིང་གྲིབ་མ་སྐྱུར།།
དར་ལྕོག་རླུང་བས་ཟད་ཅིང་ཆར་བས་བརླན།།
རང་གི་ལས་དབང་རི་མོར་ཕབ་སྟངས་ཡིན།།

                                2014.11.8 ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་བརྙན་འདིས་གཙེས་པ་མང་དྲགས་འདུག

2015-03-03 འོད་ཞགས། ཀློག་གྲངས། མཆན ཡོད།


སྲོད་ཁའི་རོལ་མོ་སྤྲིན་པས་ཡང་ཡང་དཀྲོལ།།
རླུང་བུ་སྡོམ་པོ་མདུན་རྒྱབ་གཉིས་ནས་ལྡང་།།
བྲེལ་འཚུབ་དེ་ཡིས་ལུས་པོ་རྔུལ་ཆུས་བརླན།།
རྨི་ལམ་ནང་ནས་དུས་བཅད་བྱེད་སྟངས་ཡིན།།

ཉི་ནུབ་རེ་རེ་ཆར་བ་བཞིན་དུ་འབབ།།
ཟླ་བའི་རྨི་ལམ་སེམས་པའི་ངོས་སུ་བཞད།།
འོད་ཀྱི་སྐུད་པ་དེ་ཡི་གསེབ་ཏུ་བཏགས།།
དྲན་པའི་ལོ་ཟླ་ཞེ་ལ་ཐོགས་ཚུལ་ཡིན།།

ཟླ་བ་གོར་གོར་ཆུ་ཡི་གཏིང་དུ་འཛུལ།།
སྐར་མ་ཆུང་ཆུང་དེ་གའི་མཐའ་ན་འཛུམ།།
ཆུ་བོ་འགུལ་བས་གཟུགས་བརྙན་རབ་རིབ་དེ།།
ཡིད་ཀྱི་སྒེའུ་ཁུང་ཡོལ་བ་ཕྱེ་སྟངས་ཡིན།།

མཚན་མོའི་རིམ་ན་ཡོད་ཚད་དལ་ཅག་གེར།།
མི་རྣམས་ཕ་ཡུལ་གཞན་ཞིག་འགྲིམ་ནས་འགྲོ།།
ང་རང་གཅིག་པས་རི་མགོ་བཀྲུ་བ་དེ།།
རང་ཉིད་རང་གི་དབྱིབས་ཀྱིས་འགྲེང་ཚུལ་ཡིན།།

མཛེས་པའི་གདོང་ལ་དྲོད་ཀྱི་འོད་ཅིག་འཁྱིལ།།
རེ་བའི་མིག་ཟུང་སྒྲོན་མེ་སྦར་དང་འདྲ།།
མཁའ་ལམ་གསལ་ཐག་ཆོད་པའི་སྣང་བ་དེ།།
མི་ཚེ་འཚོ་བ་ཞིག་ལ་བསྟིམས་སྟངས་ཡིན།།

ཟིལ་བ་ཆེ་ཆུང་རེ་རེར་མདངས་རེ་འཁྱུག།
རྩྭ་འདབས་ཟིལ་བར་རླངས་པའི་སྨུག་ཞགས་འཁོར།།
ལང་ལོང་ཁྲོད་ནས་ཟ་ཟི་མཐོང་བ་འདི།།
མི་ཚོགས་ནང་ནས་ཕྱིར་མིག་འཕེན་ཚུལ་ཡིན།།

སྨུག་པས་ཕུང་བོ་སྒྲིབ་ཅིང་སེམས་པ་བཏུམ།།
ཆར་བ་ཤག་ཤག་ཚོར་བའི་ཞིང་ལ་བབས།།
འཇའ་ཡི་ལག་བ་བསྲིངས་ཤིང་རུས་པ་འཐོར།།
སྒྱུ་མའི་རང་གཤིས་གཤིས་ལ་གྲུབ་སྟངས་ཡིན།།

མེ་ཏོག་འདབ་མ་ལྷུག་པོར་སྤང་ན་འཛུམ།།
ཆུ་མོས་ལག་བརྡ་སྟོན་བཞིན་ཡུན་གྱིས་འགྲོ།།
རྐང་ལམ་སྐྱ་བོ་དེ་དང་གྱེས་ནས་སོང་།།
ལུང་བ་སོ་སོའི་མིག་ཆུ་བཞུར་ཚུལ་ཡིན།།

ལས་དབང་དལ་མོའི་རྐང་རྗེས་རིམ་གྱིས་དོད།།
སེམས་པའི་མེ་ལོང་དྲུད་ཅིང་གྲིབ་མ་སྐྱུར།།
དར་ལྕོག་རླུང་བས་ཟད་ཅིང་ཆར་བས་བརླན།།
རང་གི་ལས་དབང་རི་མོར་ཕབ་སྟངས་ཡིན།།

                                2014.11.8 ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།