ཀྱེ་ཕུར་མཆོག་གསུམ་གྱི་བཅད་རྩོམ་ཁག་གསུམ།

ཀྱེ་ཕུར་མཆོག་གསུམ།༼ མཚོ་ལྷོ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-04

             རྫུན་མ།

གསེར་གྱིས་བྲིས་པའི་ཁ་ཡིག་རྫིག་པོ་ཞིག།
མཐོང་ལམ་ཡོལ་བའི་ངོས་ན་ཐུར་དུ་དཔྱངས།།
དེ་ལ་ཅེར་བའི་མིག་ཟུང་ལོང་བའི་ཚོགས།།
གཡུ་སྦྲང་བཞིན་དུ་དགའ་སྤྲོའི་གར་གྱིས་མྱོས།།

གསེར་གྱིས་བླུགས་པའི་བུམ་པ་ལེགས་པོ་ཞིག།
གསེར་གྱི་སྟེགས་བུར་འོད་ཀྱིས་ལྷམ་ན་ཡང་།།
གསེར་གྱི་བུམ་པའི་ནང་བཅུད་ཐལ་རྡུལ་གྱིས།།
གསེར་གྱི་རང་བཞིན་མངོན་ཐབས་ག་ལ་ཡོད།།

གངས་ཀྱི་དབུ་ན་འགྱིང་བའི་གངས་སེང་དེ།།
གངས་ཀྱི་རྒྱན་དུ་འཁྲུངས་ན་ལོས་བཟང་ཡང་།།
གངས་ལ་སེང་གེའི་གཟུགས་ཙམ་འཛིན་པ་དེས།།
གངས་ཀྱི་གཟི་བརྗིད་ངོ་སོ་གང་དུ་འཕགས།།

ཁྱུ་མཆོག་རླབས་པོ་ཆེ་ཡི་གོམ་སྟབས་ཀྱིས།།
ངེས་དོན་དམིགས་པའི་ས་ཆོད་མི་ཆོད་པས།།
རྩྭ་གཟུགས་འཆང་བའི་ལས་དེར་སྡང་སེམས་ལྕི།།
དོན་གྱི་གནད་དེ་ཐལ་བས་རྡུལ་གྱིས་གོས།།

ཁ་ལ་མར་ཁུ་འཁྱིལ་བའི་གཏམ་གྱིར་གར།།
ཟོལ་མས་བསྒྱུར་བའི་སུན་པའི་རླུང་བུ་དེས།།
ཁམས་ཀྱི་མོས་པ་དཀྲུགས་པའི་ཆགས་སྡང་ལ།།
འཇགས་མེད་རླབས་ཀྱི་གཉེར་མ་དགུ་རུ་བརྩེགས།།

སུས་ཀྱང་སྙིང་གི་དཀྱིལ་ལ་ལེགས་བཞད་པའི།།
ཚིག་གི་ཟེའུ་འབྲུ་སྤུངས་པའི་ངག་སྒོ་ཡངས།།
དོན་དམ་ཉི་མ་སེར་པོའི་འཆར་ལུགས་ལ།།
གྱ་གྱུའི་ཁུག་པ་བཅོ་བརྒྱད་བསྐུངས་ནས་འདུག།

ཕྱི་ཡི་རྫ་རི་སྟོབས་དང་རྔམ་གྱིས་འགྱིང་།།
ནང་གི་བླ་སྲོག་བཅུད་དང་སྙིང་བོས་དབེན།།
ལས་དེར་བརྒྱུས་པའི་ཚིག་བཟང་དོན་གྱི་བུ།།
དབང་ཆེན་གང་གི་ངག་ན་ལྐུགས་ཤིང་ཉམས།།

སྙིང་ལ་གས་ཁ་ཤོར་བའི་སྒྲ་ཆེན་ཞིག།།
གནམ་ནས་ཐོལ་གྱིས་ལྷུང་བ་མ་ཡིན་ལ།།
ས་ནས་ཤུགས་ཀྱིས་འཕྱུར་བ་མ་ཡིན་ཏེ།།
ངག་གི་སྦུབས་ལས་ཐལ་བས་རྣ་བ་ཚ།།

བཅོས་འཛུམ་བུ་མོ་བགད་པ་འཕྲུལ་བ་རེད།།
བཅོས་མའི་ངག་གི་གྲེ་འགྱུར་སྒྱུ་མ་རེད།།
བཅོས་མའི་ཚིག་གི་སྦྱོར་བ་བསླུ་བྲིད་རེད།།
བཅོས་མའི་ལས་ཀྱི་རིགས་འདི་རྫུན་མ་རེད།།

རང་སེམས་ཤོག་དཀར་བཀྲམ་པའི་སྤང་ལྗོངས་སུ།།
ཀུན་སློང་སྦྲང་ནག་ཁྱུ་ཞིག་ལྡིང་སྐོར་རྩེན།།
འདོད་འདུན་གོས་ཀྱི་རི་མོ་ནོག་པ་ལ།།
མདངས་ཀྱི་འོད་ཅིག་མེད་པ་གཞི་ནས་ཚོར།།

            འགལ་ཟླ།

འདི་ལ་ཕན་ཡང་གན་ལ་ཤིན་ཏུ་གནོད།།
གན་ལ་འགྲིག་ཀྱང་འདི་ལ་གནོད་དུ་གྲུབ།།
སྤྱང་ཀི་མི་ལྟོགས་མ་མོ་མི་ཚ་བའི།།
ཐབས་ཀྱི་མཆོག་ཅིག་ང་ཡིས་གང་ནས་འཚོལ།།

བརྩེ་ལྡན་གྲོགས་ཀྱིས་ཁྱེད་རང་རྒྱས་འདུག་ཟེར།
སྙིང་སྡུག་མཛའ་མོས་ཁྱེད་རང་འགྱུར་འདུག་ཟེར།།
གྲོགས་དང་མཛའ་མོ་གང་ཡང་མི་གནོད་པའི།།
ཚུལ་མཐུན་མི་ཞིག་བདག་གིས་ཡོང་བ་དཀའ།།

སྐད་ཀྱི་གདངས་དེར་སྙན་ཆ་མི་འདུག་ཟེར།།
ལྡེམ་མྱུར་གན་ཡང་སྣང་ངོར་མི་མཐུན་སྐད།།
སྐད་དང་ལྡེམ་མྱུར་འཕྲོད་པའི་འཁྲབ་ཚན་ཞིག།
ཨ་ཕོ་འབྲོག་པ་ང་ཡིས་ནུས་ཚོད་མིན།།

གཏམ་ཞིག་ལབ་དུས་ཁོག་རྒྱ་མི་འདུག་ཟེར།།
ཚིག་སྦྱོར་སྤེལ་དུས་བསམ་བློ་དམའ་རབས་ལབ།།
བསམ་བློས་བཅུད་ཀྱིས་གཏམས་པའི་སྦྱོར་བ་ཞིག།
ཚུལ་བཞིན་སྤེལ་བ་འཇིག་རྟེན་ཁྱོན་ན་དཀོན།།

ཚིག་དེས་ང་ཡི་ཡིད་སེམས་རྨས་པར་སྐད།།
དོན་དེས་ང་ལ་ཁྱད་གསོད་བྱས་པར་ལབ།།
བྱམས་ལྡན་ཨ་མས་བགོས་པའི་སྐལ་འདྲ་ཞིག།
བདག་གི་ལུས་ངག་ཕུལ་ཀྱང་ཡོང་ཐབས་དཀའ།།

ཚིག་རྩུབ་ཚེར་མས་མི་སེམས་དབྲལ་རབས་ལབ།།
ཁ་ཡག་འོ་མས་མཁྲིས་པ་ན་རབས་ཟེར།།
ཉན་ན་གདམས་པ་ཐོབ་པའི་ལུང་བསྟན་ཅིག།
བློ་དམན་བུ་ལོ་བདག་གིས་ག་ནས་འཚོལ།།

དངོས་གྲུབ་ཆར་བའི་ཤག་སྒྲ་མཐོ་ནི་ཞིག།
ལག་ཡོང་ཆུ་མོའི་བཞུར་སྒྲ་སྙན་ནི་ཞིག།
ཀུན་ཕན་དཀར་པོ་ཆིག་ཐུབ་དངོས་མ་ཞིག།
དེ་རིང་ཁོ་བོས་ཁྱེད་ལ་བསྩལ་དུ་མེད།།

ཤ་ཚའི་ཚིག་གི་བདུད་རྩི་མི་དགོས་ཏེ།།
སྙིང་གཏམ་མགུར་གྱི་གདངས་ལ་ག་ནས་ཆགས།།
ཁེ་ཕན་ཤིག་གི་མཚང་རར་འཐམ་པ་ཡི།།
སྒེར་སྡོམ་ལྕགས་སྒྲོག་ཅན་ལ་ཅི་ཞིག་མཁོ།།

གན་ཡང་མི་འགྲིག་ཁྱེད་རང་འཕྱུག་འདུག་སྟེ།།
འདི་ཡང་མ་རེད་ཁྱེད་རང་ནོར་འདུག་ཅེས།།
རང་ཉིད་ཚད་མར་འཛིན་པ་མཐའ་དག་གིས།།
རང་ཁ་གསེར་གྱི་ཁ་དེར་ལྕགས་ཟྭ་རྒྱོབས།།

ནད་བརྒྱ་གསོ་བའི་ལྷ་རྗེ་ང་ཡང་མིན།།
ཡོ་གཟུར་མེད་པའི་ཚངས་པའི་ཐིག་ཀྱང་མིན།།
ཐམས་ཅད་མཁྱེན་པ་ཁྱེད་ཀྱང་གཏན་ནས་མིན།།
ང་ཚོའི་སྙིང་གི་འདོད་འདུན་གཅིག་པར་གྱིས།།

སྐད་ཅིག་ཁོང་ཁྲོའི་བང་ཁ་མྱུར་དྲགས་ཏེ།།
གཞན་སེམས་བདེ་མོའི་སྤང་ལ་རྡོག་བརྫིས་གྱིས།།
རང་ལ་དཔེ་ཞིག་ལོངས་ལ་གཞན་སྟེང་དུ།།
མྱི་ཁའི་དུག་མདའ་ཕོངས་དང་གནད་དུ་འཁེལ།།

ཁྱེད་ཀྱི་སེམས་པའི་སྤུ་ཉག་འབལ་བ་ལ།།
བཟོད་དུ་མེད་པའི་ན་ཟུག་དགུ་ལྡན་ཞིག།
བདག་གི་རང་རྩིས་བསམ་བློ་འཕྲོག་པ་ལ།།
རང་མགོ་ཐོ་བས་རྡུང་འདྲའི་སྡང་སེམས་ལྕི།།

            བདེན་རྫུན།

བདེན་པའི་ཐགས་པ་ཁྲ་བོའི་ཡས་སྣེ་ན།།
རྫུན་གྱི་ཁྱེའུ་གང་ཞིག་ཡུན་གྱིས་རྩེན།།
རྫུན་ཚིག་དམུ་ཐག་སྐྱ་བོའི་མས་སྣེ་ན།།
བདེན་པའི་འོད་དཀར་ཅིག་ཀྱང་ཡོད་སྣང་འཆར།།

རྫུན་ལ་ཟུར་ཁ་མང་ལ་རྙོག་འཛིང་ལྡན།།
བདེན་གྱི་རྩ་བ་འབུས་ཤིས་རྩེ་མོ་རྒྱས།།
བདེན་རྫུན་བསླེས་པའི་ཐ་གུ་ཁྲ་རིས་མ།།
འཇིག་རྟེན་མི་ཡི་སེམས་སུ་དལ་གྱིས་འཐེན།།

རྫུན་གྱི་དར་ཐགས་ལྷ་ཡི་ཡུལ་དུ་འཐེན།།
བདེན་པའི་མེ་ཏོག་དག་པའི་ཞིང་ལ་བཞད།།
བདེན་རྫུན་འོ་ཆུ་འདྲེས་པའི་བཏུང་བ་དེ།།
ཀུན་ཀྱིས་སྙོམས་པོར་བཞེས་པ་ཀྱེ་མ་མཚར།།

རྫུན་ནི་ཚེར་མ་འདྲ་བར་རྩུབ་སྣང་འཆར།།
བདེན་ནི་ནེ་ཙོའི་སྒྲོ་བཞིན་འཇམ་སྣང་ལྡན།།
འཇམ་རྩུབ་སྣོལ་བའི་འཚོ་བའི་མྱོང་ལུགས་འདི།།
དུས་ཡུན་ཅི་ཙམ་ཞིག་ལ་སེམས་ཀྱིས་མྱངས།།

བདེན་ནི་ལྷ་ཡི་སྐད་དེ་མཐོ་སར་འཕགས།།
རྫུན་ནི་མི་ཡི་ཚིག་སྟེ་ཆ་འཇོག་དཀོན།།
བདེན་རྫུན་ལས་ཀྱི་བག་མ་ཁྲ་རིས་མ།།
སུ་ཡིས་ཁྱིམ་ལ་བསུ་འམ་མོས་མཐུན་ཚོ།།

བདེན་པའི་ལུང་བ་གཡུ་ཡི་གཞོང་བ་ལ།།
རྫུན་གྱི་མེ་ཏོག་དམར་པོ་འགའ་ཤས་བཞད།།
རྫུན་ཚིག་ལྕགས་ཀྱི་ཕོར་བའི་གས་ཁ་ལ།།
བདེན་པའི་དངུལ་གྱི་ལྷན་པ་ཅུང་ཞིག་གླན།།

བདེན་གྱི་སྤང་ལ་ཡན་པའི་ལུག་ཁྱིར་ཡང་།།
རྫུན་གྱི་རི་སྤྱང་ལྟོགས་པ་འགའ་ཤས་རྒྱུགས།།
བདེན་དོན་པགས་པ་སྲ་བའི་བཀའ་དྲིན་ལ།།
རྫུན་གྱི་མཆེ་བ་ཁག་ཅིག་ཐང་ལ་ལྷུང་།།

བདེན་པའི་འོ་མ་སྐོལ་བའི་སླ་ང་རུ།།
རྫུན་ཚིག་སྲིན་འབུ་འགའ་རེ་གཡང་ལ་ལྕེབས།།
ལས་འབྲས་བསླུ་བ་མེད་པའི་ཆོས་ཉིད་ཀྱིས།།
འོ་མའི་ཁ་དོག་ད་དུང་གཙང་ཞིང་དཀར།།

བདེན་པའི་མཚོ་མོའི་ཁ་ཞེང་སྤང་ལ་བརྡལ།།
རྫུན་པའི་གཤོག་དྲུག་ཉ་མོ་དེ་ལ་འཁོར།།
མཚོ་མོར་ཀླུ་གཏེར་རྒྱས་པའི་རྟེན་འབྲེལ་གྱིས།།
ཉ་མོའི་གཤོག་གར་གདོན་གྱིས་ག་ལ་འཛིན།།

བདེན་པའི་རི་བོར་གཡོས་པའི་དར་ལྕོག་དེ།།
རྫུན་ཚིག་རླུང་གིས་བསྐྱོད་དེ་ལྷབ་ལྷུབ་འགུལ།།
བདེན་རྫུན་གཉིས་ཀྱི་སྣང་བ་རླུང་གཞོན་མ།།
གས་སར་འདུར་རྒྱུག་རྒོད་ཀྱང་ཕུགས་རེ་ཆུང་།།

བདེན་པའི་མཚོ་མོ་གཏན་ནས་རྙོག་པ་མེད།།
རྫུན་གྱི་ཆུ་མོ་ཐལ་རྡུལ་འདམ་གྱིས་སྦགས།།
ལས་འབྲས་སྲོག་ལྟར་སྲུང་བའི་བུ་ཆུང་གིས།།
སྔ་མ་གསེར་དང་ཕྱི་མ་ལྕགས་སུ་འཛིན།།

སྤྱི་ཚོགས་གང་གིས་བསླད་པ་མི་གསལ་ཀྱང་།།
རུལ་དྲིའི་རླངས་པ་འཐུལ་བའི་དེ་རིང་ལ།།
དཔྱོད་ལྔན་སྨྲ་ཤེས་དོན་གོའི་མི་བུ་ཡང་།།
སྐབས་འགར་ཐེ་ཚོམ་ལྕགས་སྒྲོག་དམ་པོས་བཅིངས།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྱེ་ཕུར་མཆོག་གསུམ་གྱི་བཅད་རྩོམ་ཁག་གསུམ།

2015-03-04 ཀྱེ་ཕུར་མཆོག་གསུམ།༼ མཚོ་ལྷོ ༽ ཀློག་གྲངས། མཆན ཡོད།

             རྫུན་མ།

གསེར་གྱིས་བྲིས་པའི་ཁ་ཡིག་རྫིག་པོ་ཞིག།
མཐོང་ལམ་ཡོལ་བའི་ངོས་ན་ཐུར་དུ་དཔྱངས།།
དེ་ལ་ཅེར་བའི་མིག་ཟུང་ལོང་བའི་ཚོགས།།
གཡུ་སྦྲང་བཞིན་དུ་དགའ་སྤྲོའི་གར་གྱིས་མྱོས།།

གསེར་གྱིས་བླུགས་པའི་བུམ་པ་ལེགས་པོ་ཞིག།
གསེར་གྱི་སྟེགས་བུར་འོད་ཀྱིས་ལྷམ་ན་ཡང་།།
གསེར་གྱི་བུམ་པའི་ནང་བཅུད་ཐལ་རྡུལ་གྱིས།།
གསེར་གྱི་རང་བཞིན་མངོན་ཐབས་ག་ལ་ཡོད།།

གངས་ཀྱི་དབུ་ན་འགྱིང་བའི་གངས་སེང་དེ།།
གངས་ཀྱི་རྒྱན་དུ་འཁྲུངས་ན་ལོས་བཟང་ཡང་།།
གངས་ལ་སེང་གེའི་གཟུགས་ཙམ་འཛིན་པ་དེས།།
གངས་ཀྱི་གཟི་བརྗིད་ངོ་སོ་གང་དུ་འཕགས།།

ཁྱུ་མཆོག་རླབས་པོ་ཆེ་ཡི་གོམ་སྟབས་ཀྱིས།།
ངེས་དོན་དམིགས་པའི་ས་ཆོད་མི་ཆོད་པས།།
རྩྭ་གཟུགས་འཆང་བའི་ལས་དེར་སྡང་སེམས་ལྕི།།
དོན་གྱི་གནད་དེ་ཐལ་བས་རྡུལ་གྱིས་གོས།།

ཁ་ལ་མར་ཁུ་འཁྱིལ་བའི་གཏམ་གྱིར་གར།།
ཟོལ་མས་བསྒྱུར་བའི་སུན་པའི་རླུང་བུ་དེས།།
ཁམས་ཀྱི་མོས་པ་དཀྲུགས་པའི་ཆགས་སྡང་ལ།།
འཇགས་མེད་རླབས་ཀྱི་གཉེར་མ་དགུ་རུ་བརྩེགས།།

སུས་ཀྱང་སྙིང་གི་དཀྱིལ་ལ་ལེགས་བཞད་པའི།།
ཚིག་གི་ཟེའུ་འབྲུ་སྤུངས་པའི་ངག་སྒོ་ཡངས།།
དོན་དམ་ཉི་མ་སེར་པོའི་འཆར་ལུགས་ལ།།
གྱ་གྱུའི་ཁུག་པ་བཅོ་བརྒྱད་བསྐུངས་ནས་འདུག།

ཕྱི་ཡི་རྫ་རི་སྟོབས་དང་རྔམ་གྱིས་འགྱིང་།།
ནང་གི་བླ་སྲོག་བཅུད་དང་སྙིང་བོས་དབེན།།
ལས་དེར་བརྒྱུས་པའི་ཚིག་བཟང་དོན་གྱི་བུ།།
དབང་ཆེན་གང་གི་ངག་ན་ལྐུགས་ཤིང་ཉམས།།

སྙིང་ལ་གས་ཁ་ཤོར་བའི་སྒྲ་ཆེན་ཞིག།།
གནམ་ནས་ཐོལ་གྱིས་ལྷུང་བ་མ་ཡིན་ལ།།
ས་ནས་ཤུགས་ཀྱིས་འཕྱུར་བ་མ་ཡིན་ཏེ།།
ངག་གི་སྦུབས་ལས་ཐལ་བས་རྣ་བ་ཚ།།

བཅོས་འཛུམ་བུ་མོ་བགད་པ་འཕྲུལ་བ་རེད།།
བཅོས་མའི་ངག་གི་གྲེ་འགྱུར་སྒྱུ་མ་རེད།།
བཅོས་མའི་ཚིག་གི་སྦྱོར་བ་བསླུ་བྲིད་རེད།།
བཅོས་མའི་ལས་ཀྱི་རིགས་འདི་རྫུན་མ་རེད།།

རང་སེམས་ཤོག་དཀར་བཀྲམ་པའི་སྤང་ལྗོངས་སུ།།
ཀུན་སློང་སྦྲང་ནག་ཁྱུ་ཞིག་ལྡིང་སྐོར་རྩེན།།
འདོད་འདུན་གོས་ཀྱི་རི་མོ་ནོག་པ་ལ།།
མདངས་ཀྱི་འོད་ཅིག་མེད་པ་གཞི་ནས་ཚོར།།

            འགལ་ཟླ།

འདི་ལ་ཕན་ཡང་གན་ལ་ཤིན་ཏུ་གནོད།།
གན་ལ་འགྲིག་ཀྱང་འདི་ལ་གནོད་དུ་གྲུབ།།
སྤྱང་ཀི་མི་ལྟོགས་མ་མོ་མི་ཚ་བའི།།
ཐབས་ཀྱི་མཆོག་ཅིག་ང་ཡིས་གང་ནས་འཚོལ།།

བརྩེ་ལྡན་གྲོགས་ཀྱིས་ཁྱེད་རང་རྒྱས་འདུག་ཟེར།
སྙིང་སྡུག་མཛའ་མོས་ཁྱེད་རང་འགྱུར་འདུག་ཟེར།།
གྲོགས་དང་མཛའ་མོ་གང་ཡང་མི་གནོད་པའི།།
ཚུལ་མཐུན་མི་ཞིག་བདག་གིས་ཡོང་བ་དཀའ།།

སྐད་ཀྱི་གདངས་དེར་སྙན་ཆ་མི་འདུག་ཟེར།།
ལྡེམ་མྱུར་གན་ཡང་སྣང་ངོར་མི་མཐུན་སྐད།།
སྐད་དང་ལྡེམ་མྱུར་འཕྲོད་པའི་འཁྲབ་ཚན་ཞིག།
ཨ་ཕོ་འབྲོག་པ་ང་ཡིས་ནུས་ཚོད་མིན།།

གཏམ་ཞིག་ལབ་དུས་ཁོག་རྒྱ་མི་འདུག་ཟེར།།
ཚིག་སྦྱོར་སྤེལ་དུས་བསམ་བློ་དམའ་རབས་ལབ།།
བསམ་བློས་བཅུད་ཀྱིས་གཏམས་པའི་སྦྱོར་བ་ཞིག།
ཚུལ་བཞིན་སྤེལ་བ་འཇིག་རྟེན་ཁྱོན་ན་དཀོན།།

ཚིག་དེས་ང་ཡི་ཡིད་སེམས་རྨས་པར་སྐད།།
དོན་དེས་ང་ལ་ཁྱད་གསོད་བྱས་པར་ལབ།།
བྱམས་ལྡན་ཨ་མས་བགོས་པའི་སྐལ་འདྲ་ཞིག།
བདག་གི་ལུས་ངག་ཕུལ་ཀྱང་ཡོང་ཐབས་དཀའ།།

ཚིག་རྩུབ་ཚེར་མས་མི་སེམས་དབྲལ་རབས་ལབ།།
ཁ་ཡག་འོ་མས་མཁྲིས་པ་ན་རབས་ཟེར།།
ཉན་ན་གདམས་པ་ཐོབ་པའི་ལུང་བསྟན་ཅིག།
བློ་དམན་བུ་ལོ་བདག་གིས་ག་ནས་འཚོལ།།

དངོས་གྲུབ་ཆར་བའི་ཤག་སྒྲ་མཐོ་ནི་ཞིག།
ལག་ཡོང་ཆུ་མོའི་བཞུར་སྒྲ་སྙན་ནི་ཞིག།
ཀུན་ཕན་དཀར་པོ་ཆིག་ཐུབ་དངོས་མ་ཞིག།
དེ་རིང་ཁོ་བོས་ཁྱེད་ལ་བསྩལ་དུ་མེད།།

ཤ་ཚའི་ཚིག་གི་བདུད་རྩི་མི་དགོས་ཏེ།།
སྙིང་གཏམ་མགུར་གྱི་གདངས་ལ་ག་ནས་ཆགས།།
ཁེ་ཕན་ཤིག་གི་མཚང་རར་འཐམ་པ་ཡི།།
སྒེར་སྡོམ་ལྕགས་སྒྲོག་ཅན་ལ་ཅི་ཞིག་མཁོ།།

གན་ཡང་མི་འགྲིག་ཁྱེད་རང་འཕྱུག་འདུག་སྟེ།།
འདི་ཡང་མ་རེད་ཁྱེད་རང་ནོར་འདུག་ཅེས།།
རང་ཉིད་ཚད་མར་འཛིན་པ་མཐའ་དག་གིས།།
རང་ཁ་གསེར་གྱི་ཁ་དེར་ལྕགས་ཟྭ་རྒྱོབས།།

ནད་བརྒྱ་གསོ་བའི་ལྷ་རྗེ་ང་ཡང་མིན།།
ཡོ་གཟུར་མེད་པའི་ཚངས་པའི་ཐིག་ཀྱང་མིན།།
ཐམས་ཅད་མཁྱེན་པ་ཁྱེད་ཀྱང་གཏན་ནས་མིན།།
ང་ཚོའི་སྙིང་གི་འདོད་འདུན་གཅིག་པར་གྱིས།།

སྐད་ཅིག་ཁོང་ཁྲོའི་བང་ཁ་མྱུར་དྲགས་ཏེ།།
གཞན་སེམས་བདེ་མོའི་སྤང་ལ་རྡོག་བརྫིས་གྱིས།།
རང་ལ་དཔེ་ཞིག་ལོངས་ལ་གཞན་སྟེང་དུ།།
མྱི་ཁའི་དུག་མདའ་ཕོངས་དང་གནད་དུ་འཁེལ།།

ཁྱེད་ཀྱི་སེམས་པའི་སྤུ་ཉག་འབལ་བ་ལ།།
བཟོད་དུ་མེད་པའི་ན་ཟུག་དགུ་ལྡན་ཞིག།
བདག་གི་རང་རྩིས་བསམ་བློ་འཕྲོག་པ་ལ།།
རང་མགོ་ཐོ་བས་རྡུང་འདྲའི་སྡང་སེམས་ལྕི།།

            བདེན་རྫུན།

བདེན་པའི་ཐགས་པ་ཁྲ་བོའི་ཡས་སྣེ་ན།།
རྫུན་གྱི་ཁྱེའུ་གང་ཞིག་ཡུན་གྱིས་རྩེན།།
རྫུན་ཚིག་དམུ་ཐག་སྐྱ་བོའི་མས་སྣེ་ན།།
བདེན་པའི་འོད་དཀར་ཅིག་ཀྱང་ཡོད་སྣང་འཆར།།

རྫུན་ལ་ཟུར་ཁ་མང་ལ་རྙོག་འཛིང་ལྡན།།
བདེན་གྱི་རྩ་བ་འབུས་ཤིས་རྩེ་མོ་རྒྱས།།
བདེན་རྫུན་བསླེས་པའི་ཐ་གུ་ཁྲ་རིས་མ།།
འཇིག་རྟེན་མི་ཡི་སེམས་སུ་དལ་གྱིས་འཐེན།།

རྫུན་གྱི་དར་ཐགས་ལྷ་ཡི་ཡུལ་དུ་འཐེན།།
བདེན་པའི་མེ་ཏོག་དག་པའི་ཞིང་ལ་བཞད།།
བདེན་རྫུན་འོ་ཆུ་འདྲེས་པའི་བཏུང་བ་དེ།།
ཀུན་ཀྱིས་སྙོམས་པོར་བཞེས་པ་ཀྱེ་མ་མཚར།།

རྫུན་ནི་ཚེར་མ་འདྲ་བར་རྩུབ་སྣང་འཆར།།
བདེན་ནི་ནེ་ཙོའི་སྒྲོ་བཞིན་འཇམ་སྣང་ལྡན།།
འཇམ་རྩུབ་སྣོལ་བའི་འཚོ་བའི་མྱོང་ལུགས་འདི།།
དུས་ཡུན་ཅི་ཙམ་ཞིག་ལ་སེམས་ཀྱིས་མྱངས།།

བདེན་ནི་ལྷ་ཡི་སྐད་དེ་མཐོ་སར་འཕགས།།
རྫུན་ནི་མི་ཡི་ཚིག་སྟེ་ཆ་འཇོག་དཀོན།།
བདེན་རྫུན་ལས་ཀྱི་བག་མ་ཁྲ་རིས་མ།།
སུ་ཡིས་ཁྱིམ་ལ་བསུ་འམ་མོས་མཐུན་ཚོ།།

བདེན་པའི་ལུང་བ་གཡུ་ཡི་གཞོང་བ་ལ།།
རྫུན་གྱི་མེ་ཏོག་དམར་པོ་འགའ་ཤས་བཞད།།
རྫུན་ཚིག་ལྕགས་ཀྱི་ཕོར་བའི་གས་ཁ་ལ།།
བདེན་པའི་དངུལ་གྱི་ལྷན་པ་ཅུང་ཞིག་གླན།།

བདེན་གྱི་སྤང་ལ་ཡན་པའི་ལུག་ཁྱིར་ཡང་།།
རྫུན་གྱི་རི་སྤྱང་ལྟོགས་པ་འགའ་ཤས་རྒྱུགས།།
བདེན་དོན་པགས་པ་སྲ་བའི་བཀའ་དྲིན་ལ།།
རྫུན་གྱི་མཆེ་བ་ཁག་ཅིག་ཐང་ལ་ལྷུང་།།

བདེན་པའི་འོ་མ་སྐོལ་བའི་སླ་ང་རུ།།
རྫུན་ཚིག་སྲིན་འབུ་འགའ་རེ་གཡང་ལ་ལྕེབས།།
ལས་འབྲས་བསླུ་བ་མེད་པའི་ཆོས་ཉིད་ཀྱིས།།
འོ་མའི་ཁ་དོག་ད་དུང་གཙང་ཞིང་དཀར།།

བདེན་པའི་མཚོ་མོའི་ཁ་ཞེང་སྤང་ལ་བརྡལ།།
རྫུན་པའི་གཤོག་དྲུག་ཉ་མོ་དེ་ལ་འཁོར།།
མཚོ་མོར་ཀླུ་གཏེར་རྒྱས་པའི་རྟེན་འབྲེལ་གྱིས།།
ཉ་མོའི་གཤོག་གར་གདོན་གྱིས་ག་ལ་འཛིན།།

བདེན་པའི་རི་བོར་གཡོས་པའི་དར་ལྕོག་དེ།།
རྫུན་ཚིག་རླུང་གིས་བསྐྱོད་དེ་ལྷབ་ལྷུབ་འགུལ།།
བདེན་རྫུན་གཉིས་ཀྱི་སྣང་བ་རླུང་གཞོན་མ།།
གས་སར་འདུར་རྒྱུག་རྒོད་ཀྱང་ཕུགས་རེ་ཆུང་།།

བདེན་པའི་མཚོ་མོ་གཏན་ནས་རྙོག་པ་མེད།།
རྫུན་གྱི་ཆུ་མོ་ཐལ་རྡུལ་འདམ་གྱིས་སྦགས།།
ལས་འབྲས་སྲོག་ལྟར་སྲུང་བའི་བུ་ཆུང་གིས།།
སྔ་མ་གསེར་དང་ཕྱི་མ་ལྕགས་སུ་འཛིན།།

སྤྱི་ཚོགས་གང་གིས་བསླད་པ་མི་གསལ་ཀྱང་།།
རུལ་དྲིའི་རླངས་པ་འཐུལ་བའི་དེ་རིང་ལ།།
དཔྱོད་ལྔན་སྨྲ་ཤེས་དོན་གོའི་མི་བུ་ཡང་།།
སྐབས་འགར་ཐེ་ཚོམ་ལྕགས་སྒྲོག་དམ་པོས་བཅིངས།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།