སེམས་པའི་ཕྱི་ནང་།

ཚྭ་རྡེའུ།༼ ཟི་ལིང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-09


མགོ་བོའི་སྐྲ་ལོ་ཐུང་ན་ཐུང་ད་དུང་གཅོད་འབྲེག་བྱས་ན་བྱས།།
ལག་པའི་སེན་མོ་རིང་ན་རིང་དེ་དག་ཚོན་ཁས་བསྒྱུར་ན་བསྒྱུར།།
མིག་མཐའ་རྩི་ཡིས་བྱུགས་ན་བྱུགས་མིག་དབང་གང་ལ་འཁོར་ན་འཁོར།།
སྙིང་སྡུག་གཡུ་ཆུང་དྲུག་དཀར་ཁྱོད་སྙིང་གི་ཟེ་བ་ཏོག་ཏོག་ཡིན།།

ཟས་ཀྱི་ལག་ཤེས་མེད་ན་མེད་གོས་ཀྱི་ཕྱི་རས་མཁོ་ན་མཁོ།།
སྔ་དྲོར་ཨེན་ཙམ་གཉིད་ན་གཉིད་ཕྱི་དྲོར་ཅུང་ཙམ་འཕྱི་ན་འཕྱི།།
ཁྲོ་ཚུགས་དཔྲལ་བར་བསྡུས་ན་བསྡུས་རང་ཚུགས་ར་ལག་འཐོར་ན་འཐོར།།
སྙིང་སྡུག་གཟུ་ཆུང་ཁྲ་རིལ་ཁྱོད་མཁལ་མའི་ཚིལ་དཀར་ཕོན་ཕོན་ཡིན།།

ཁྱིམ་གྱི་ཆ་རྐྱེན་ཞན་ན་ཞན་སྒོ་ཕྱུགས་གྲངས་ཀ་ཉུང་ན་ཉུང་།།
རྒྱབ་ཀྱི་དཔུང་རྩ་གཉོམ་ན་གཉོམ་ཤིང་གི་ཁང་ཁྱིམ་མེད་ན་མེད།།
གཟུགས་བྱད་ཆ་ལག་བཙོག་ན་བཙོག་མདུན་གྱི་ལམ་ཞེང་དོག་ན་དོག།
སྙིང་སྡུག་སྤེན་དཀར་ཆུན་པོ་ཁྱོད་གློ་བའི་རྩ་ཆེན་རྒྱུད་རྒྱུད་ཡིན།།

སྡེ་ཆེན་མྱི་ཁ་རྒོད་ན་རྒོད་དབང་ཆེན་ཁ་ཤེད་བཙན་ན་བཙན།།
ལན་རེར་ཁ་འཁོན་བྱུང་ན་བྱུང་མཚམས་རེར་སྡང་སྡིག་འཁྱུག་ན་འཁྱུག།
གཡེར་བག་དྲོད་ཀྱིས་འབར་ན་འབར་རྣམ་རྟོག་གྲང་བས་ལྡང་ན་ལྡང་།།
སྙིང་སྡུག་འབྲུ་ཤུག་རྩེ་བརྒྱ་ཁྱོད་འཚེར་བའི་ཐགས་རིས་ཁྲ་ཁྲ་ཡིན།།

ཐེ་ཚོམ་ཐ་གུས་བསྡམས་ན་བསྡམས་འདང་བརྩེའི་མདུད་ལོག་གྲོལ་ན་གྲོལ།།
སྡུག་གི་འཕྲང་ལམ་དེད་ན་དེད་ཟས་ཀྱི་དཀར་ཡོལ་ཆག་ན་ཆག།
འཁོར་བའི་རྩིབས་ཆེན་བསྡད་ན་བསྡད་ཚོར་བའི་རྩ་ཆེན་རུལ་ན་རུལ།།
སྙིང་སྡུག་ཁྱོད་བའི་མེ་ཏོག་ཁྱོད་མཆིན་པའི་ཤ་སྣག་རྡོ་རྡོ་ཡིན།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པའི་ཕྱི་ནང་།

2015-03-09 ཚྭ་རྡེའུ།༼ ཟི་ལིང ༽ ཀློག་གྲངས། མཆན ཡོད།


མགོ་བོའི་སྐྲ་ལོ་ཐུང་ན་ཐུང་ད་དུང་གཅོད་འབྲེག་བྱས་ན་བྱས།།
ལག་པའི་སེན་མོ་རིང་ན་རིང་དེ་དག་ཚོན་ཁས་བསྒྱུར་ན་བསྒྱུར།།
མིག་མཐའ་རྩི་ཡིས་བྱུགས་ན་བྱུགས་མིག་དབང་གང་ལ་འཁོར་ན་འཁོར།།
སྙིང་སྡུག་གཡུ་ཆུང་དྲུག་དཀར་ཁྱོད་སྙིང་གི་ཟེ་བ་ཏོག་ཏོག་ཡིན།།

ཟས་ཀྱི་ལག་ཤེས་མེད་ན་མེད་གོས་ཀྱི་ཕྱི་རས་མཁོ་ན་མཁོ།།
སྔ་དྲོར་ཨེན་ཙམ་གཉིད་ན་གཉིད་ཕྱི་དྲོར་ཅུང་ཙམ་འཕྱི་ན་འཕྱི།།
ཁྲོ་ཚུགས་དཔྲལ་བར་བསྡུས་ན་བསྡུས་རང་ཚུགས་ར་ལག་འཐོར་ན་འཐོར།།
སྙིང་སྡུག་གཟུ་ཆུང་ཁྲ་རིལ་ཁྱོད་མཁལ་མའི་ཚིལ་དཀར་ཕོན་ཕོན་ཡིན།།

ཁྱིམ་གྱི་ཆ་རྐྱེན་ཞན་ན་ཞན་སྒོ་ཕྱུགས་གྲངས་ཀ་ཉུང་ན་ཉུང་།།
རྒྱབ་ཀྱི་དཔུང་རྩ་གཉོམ་ན་གཉོམ་ཤིང་གི་ཁང་ཁྱིམ་མེད་ན་མེད།།
གཟུགས་བྱད་ཆ་ལག་བཙོག་ན་བཙོག་མདུན་གྱི་ལམ་ཞེང་དོག་ན་དོག།
སྙིང་སྡུག་སྤེན་དཀར་ཆུན་པོ་ཁྱོད་གློ་བའི་རྩ་ཆེན་རྒྱུད་རྒྱུད་ཡིན།།

སྡེ་ཆེན་མྱི་ཁ་རྒོད་ན་རྒོད་དབང་ཆེན་ཁ་ཤེད་བཙན་ན་བཙན།།
ལན་རེར་ཁ་འཁོན་བྱུང་ན་བྱུང་མཚམས་རེར་སྡང་སྡིག་འཁྱུག་ན་འཁྱུག།
གཡེར་བག་དྲོད་ཀྱིས་འབར་ན་འབར་རྣམ་རྟོག་གྲང་བས་ལྡང་ན་ལྡང་།།
སྙིང་སྡུག་འབྲུ་ཤུག་རྩེ་བརྒྱ་ཁྱོད་འཚེར་བའི་ཐགས་རིས་ཁྲ་ཁྲ་ཡིན།།

ཐེ་ཚོམ་ཐ་གུས་བསྡམས་ན་བསྡམས་འདང་བརྩེའི་མདུད་ལོག་གྲོལ་ན་གྲོལ།།
སྡུག་གི་འཕྲང་ལམ་དེད་ན་དེད་ཟས་ཀྱི་དཀར་ཡོལ་ཆག་ན་ཆག།
འཁོར་བའི་རྩིབས་ཆེན་བསྡད་ན་བསྡད་ཚོར་བའི་རྩ་ཆེན་རུལ་ན་རུལ།།
སྙིང་སྡུག་ཁྱོད་བའི་མེ་ཏོག་ཁྱོད་མཆིན་པའི་ཤ་སྣག་རྡོ་རྡོ་ཡིན།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།