སེམས་པ་ངལ་དུས་ཤིག་ལ།༼ ཞར་བཀོད་གཅིག་ཡོད༽

གཡུ་རྔོག་ལུང་རྟོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-12


སེམས་པའི་ཉིན་སྲིབ་ནས་རྡུལ་འཚུབ་འཁྲིགས་ཏེ།།
སྐྱོ་བ་ནར་ནར་གྱིས་ལུས་སེམས་ངལ་བས།།
ཚོར་བའི་སྒེའུ་ཡོལ་དེ་ཤུགས་ཀྱིས་འབྱེད་ནས།།
སྐྱོ་རོགས་ན་ཆུང་ཞིག་འཛུམ་གྱིས་བསུས་པ།།
དབྱངས་ཀྱི་བདག་མོ་ཞིག་ཡིན་ཚོད་འདུག་སྟེ།།
སྡུག་བསྔལ་རལ་བོ་དག་ཧྲིལ་གྱིས་བཀྲུས་ཤིང་།།
སྨྲེང་པའི་སྤྲིན་པ་དག་དུབ་བུར་བཅད་དེ།།
བརྩེ་བའི་ཉི་ཟེར་གྱི་ལག་ཟུང་འཇམ་པོས།།
ང་ཡི་ཕུང་པོ་ལྔ་བདེ་བའི་མལ་དུ།།
མིག་གི་སྐར་ཁུང་དུ་དབྱངས་ཀྱི་མཛོད་བསྐྱིལ།།
རྣ་བའི་བུ་ག་རུ་གཟུགས་ཀྱི་མཁར་བཞེངས།།
ལུས་ཀྱི་བ་སྤུ་ལ་ཚོར་བས་བྲོ་བརྡུང་།།
འཕྲུལ་སྣང་མེ་ལོང་གི་འཇིག་རྟེན་གཉོམ་པོར།།
དཔའ་མཛངས་དཀྱིལ་ཀྲུང་གི་མདུད་པ་དཀྲིས་ཡོད།།
དུས་ཀྱི་རླུང་བུ་དག་རྡོག་པ་བརྐྱངས་ཀྱང་།།
དུར་གྱི་གཅེར་བུ་དག་ལྐོག་ཉན་སླེབས་ཀྱང་།།
གཤིན་རྗེ་ཕོ་ཉའི་ཚོགས་ར་མདར་སྤྲད་ཀྱང་།།
སེམས་ཀྱི་མེ་ལོང་ངོས་མག་མོག་སྣང་བའི།།
ང་ཡི་འཇིག་རྟེན་ཏུ་ལས་ཀྱི་རླུང་བས།།
མཛེས་འཛུམ་མེ་ཏོག་གི་ཞལ་རིས་བྱུག་པའི།།
ཨ་ཅག་སྣང་ས་རང་ཡོད་པས་ཆོག་གོ།

ཨ་ཅག་སྣང་ས་ཡི་ཆུ་ཟོམ་ནང་དུ།།
ང་ཡི་འཇིག་རྟེན་གྱི་སྐྱིད་སྡུག་བཅུས་ཡོད།།
མི་ཚེའི་བགྲོད་ལམ་གྱི་སྐས་གདེང་ངོགས་སུ།།
གྲིབ་མ་རབ་རིབ་ཀྱིས་འབྱར་བའི་གྲོག་མ།།
སེམས་ཀྱི་མེ་ལོང་ངོས་གོམ་འགྲོས་འཁྱར་འཁྱོར།།
ཚེ་རིང་དོན་གྲུབ*ཀྱང་ལམ་ནས་འཕྲད་ཅིང་།།
དེ་རིང་ཁོ་བོ་ཡང་ལམ་ནས་འཕྲད་པའི།།
རིགས་པའི་ལྡེམ་མྱུར་ལ་རྩལ་ཤུགས་རྒྱས་པའི།།
རིགས་ཀྱི་བདེ་སྡུག་ལ་སེམས་ཚེགས་ཆེ་བའི།།
གྲོག་མ་ཆུང་ཆུང་འདིའི་རྒྱབ་གཟུགས་ངོས་སུ།།
ང་རང་འདང་རྒྱག་གི་མཚོ་མོར་བྱིངས་སོ།།

      ༢༠༡༤ལོའི་ཟླ༡༠པའི་ཚེས༢༡ཉིན་གྲོགས་པོའི་གཞིས་ཁྱིམ་དུ་སྦྱར།

__________
*སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་སྒྲུང་<<གླུ་སྐད་སྐྱ་བོ>>འི་ནང་གི་སྒྲུང་ཐུང་ཚེ་རིང་དོན་གྲུབ་ཞེས་པ་སྟེ། དེ་ལ་གཟིགས་དང་སྒྲུང་ཐུང་དེའི་འཕྲུལ་སྣང་གིས་ཁྱེད་ཉིད་ཧད་པར་བྱེད་ངེས།

             མཚན་མོ་འདིའི་ཕྱི་ནང་།

མཚན་མོ་སྨག་དང་འདྲེས་པའི་ལྷིང་འཇགས།།
ང་ཡི་སྨོན་པའི་མཐིལ་དུ་བབས་བྱུང་།།
སེམས་དང་གློ་བའི་ཟབ་སར་ལྷུང་བའི།།
ཡིག་འབྲུ་ཐར་ཐོར་བརྗེད་ཐབས་མི་འདུག།
ཐར་ཐོར་བབས་པའི་ཡིག་འབྲུ་དེ་དག།
རྨི་ལམ་འཁུར་བའི་རྒོད་པོ་ཁྱུ་གཅིག།
རེ་བས་བསྐྱོད་པའི་རླུང་རྟ་སྤར་གང་།།
མཚར་སྡུག་སྦྲུམ་པའི་རོལ་དབྱངས་དེ་ཡིས།།
ང་ཡི་མཚན་མོའི་གནམ་མཁའ་བསྒུལ་བྱུང་།།
སྐར་མའི་རྫི་བོར་བསྐོས་པའི་ལྷ་མོས།།
འཛུམ་མདངས་ལྷུག་ལྷུག་མཆི་མ་བཞུར་བྱུང་།།
སྐྱོ་བ་ལྷང་ལྷིང་སྙིང་གཏམ་བསྩལ་བྱུང་།།

མཚན་གྱི་ལྷིང་འཇགས་སྙིམ་པར་སིམ་པའི།།
ཏིང་འཛིན་མལ་གྱི་བདེ་དྲོད་གཉོམ་པོ།།
ས་ཁི་སི་ཡི་དབྱངས་སུ་བཞུར་ཏེ།།
བསམ་གཞིགས་ཀློང་གི་ཐ་སྙད་མཁན་ལ།།
འཁོར་བའི་ཞལ་ཁེབས་དལ་གྱིས་བཀྱགས་ཤིང་།།
རྒུན་ཆང་པུ་ཙེ་པུ་ཙེ་འདྲེན་བཞིན།།
སྣང་བ་རང་སར་ཡན་པའི་རྟོག་པ།།
བྱ་ཚང་རྡོ་ཡིས་དཀྲོགས་པ་ཇི་བཞིན།།
དྭངས་གསལ་སེམས་པའི་མེ་ལོང་ངོས་སུ།།
འཕར་ལྡིང་རྒོད་པའི་ཡིད་བརྙན་ཁྱུ་གཅིག།།
རང་དབང་རྔོག་མ་རླུང་གིས་བསྐྱོད་བཞིན།།
དབྱངས་ཀྱི་གྲེ་བ་ཆང་གིས་གདུ་བཞིན།།
ཚོར་དང་མ་ཚོར་བར་ནས་གནང་བྱུང་།།
      ༢༠༡༤ལོའི་ཟླ༡༠པའི་ཚེས༢༤ཉིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པ་ངལ་དུས་ཤིག་ལ།༼ ཞར་བཀོད་གཅིག་ཡོད༽

2015-03-12 གཡུ་རྔོག་ལུང་རྟོགས། ཀློག་གྲངས། མཆན ཡོད།


སེམས་པའི་ཉིན་སྲིབ་ནས་རྡུལ་འཚུབ་འཁྲིགས་ཏེ།།
སྐྱོ་བ་ནར་ནར་གྱིས་ལུས་སེམས་ངལ་བས།།
ཚོར་བའི་སྒེའུ་ཡོལ་དེ་ཤུགས་ཀྱིས་འབྱེད་ནས།།
སྐྱོ་རོགས་ན་ཆུང་ཞིག་འཛུམ་གྱིས་བསུས་པ།།
དབྱངས་ཀྱི་བདག་མོ་ཞིག་ཡིན་ཚོད་འདུག་སྟེ།།
སྡུག་བསྔལ་རལ་བོ་དག་ཧྲིལ་གྱིས་བཀྲུས་ཤིང་།།
སྨྲེང་པའི་སྤྲིན་པ་དག་དུབ་བུར་བཅད་དེ།།
བརྩེ་བའི་ཉི་ཟེར་གྱི་ལག་ཟུང་འཇམ་པོས།།
ང་ཡི་ཕུང་པོ་ལྔ་བདེ་བའི་མལ་དུ།།
མིག་གི་སྐར་ཁུང་དུ་དབྱངས་ཀྱི་མཛོད་བསྐྱིལ།།
རྣ་བའི་བུ་ག་རུ་གཟུགས་ཀྱི་མཁར་བཞེངས།།
ལུས་ཀྱི་བ་སྤུ་ལ་ཚོར་བས་བྲོ་བརྡུང་།།
འཕྲུལ་སྣང་མེ་ལོང་གི་འཇིག་རྟེན་གཉོམ་པོར།།
དཔའ་མཛངས་དཀྱིལ་ཀྲུང་གི་མདུད་པ་དཀྲིས་ཡོད།།
དུས་ཀྱི་རླུང་བུ་དག་རྡོག་པ་བརྐྱངས་ཀྱང་།།
དུར་གྱི་གཅེར་བུ་དག་ལྐོག་ཉན་སླེབས་ཀྱང་།།
གཤིན་རྗེ་ཕོ་ཉའི་ཚོགས་ར་མདར་སྤྲད་ཀྱང་།།
སེམས་ཀྱི་མེ་ལོང་ངོས་མག་མོག་སྣང་བའི།།
ང་ཡི་འཇིག་རྟེན་ཏུ་ལས་ཀྱི་རླུང་བས།།
མཛེས་འཛུམ་མེ་ཏོག་གི་ཞལ་རིས་བྱུག་པའི།།
ཨ་ཅག་སྣང་ས་རང་ཡོད་པས་ཆོག་གོ།

ཨ་ཅག་སྣང་ས་ཡི་ཆུ་ཟོམ་ནང་དུ།།
ང་ཡི་འཇིག་རྟེན་གྱི་སྐྱིད་སྡུག་བཅུས་ཡོད།།
མི་ཚེའི་བགྲོད་ལམ་གྱི་སྐས་གདེང་ངོགས་སུ།།
གྲིབ་མ་རབ་རིབ་ཀྱིས་འབྱར་བའི་གྲོག་མ།།
སེམས་ཀྱི་མེ་ལོང་ངོས་གོམ་འགྲོས་འཁྱར་འཁྱོར།།
ཚེ་རིང་དོན་གྲུབ*ཀྱང་ལམ་ནས་འཕྲད་ཅིང་།།
དེ་རིང་ཁོ་བོ་ཡང་ལམ་ནས་འཕྲད་པའི།།
རིགས་པའི་ལྡེམ་མྱུར་ལ་རྩལ་ཤུགས་རྒྱས་པའི།།
རིགས་ཀྱི་བདེ་སྡུག་ལ་སེམས་ཚེགས་ཆེ་བའི།།
གྲོག་མ་ཆུང་ཆུང་འདིའི་རྒྱབ་གཟུགས་ངོས་སུ།།
ང་རང་འདང་རྒྱག་གི་མཚོ་མོར་བྱིངས་སོ།།

      ༢༠༡༤ལོའི་ཟླ༡༠པའི་ཚེས༢༡ཉིན་གྲོགས་པོའི་གཞིས་ཁྱིམ་དུ་སྦྱར།

__________
*སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་སྒྲུང་<<གླུ་སྐད་སྐྱ་བོ>>འི་ནང་གི་སྒྲུང་ཐུང་ཚེ་རིང་དོན་གྲུབ་ཞེས་པ་སྟེ། དེ་ལ་གཟིགས་དང་སྒྲུང་ཐུང་དེའི་འཕྲུལ་སྣང་གིས་ཁྱེད་ཉིད་ཧད་པར་བྱེད་ངེས།

             མཚན་མོ་འདིའི་ཕྱི་ནང་།

མཚན་མོ་སྨག་དང་འདྲེས་པའི་ལྷིང་འཇགས།།
ང་ཡི་སྨོན་པའི་མཐིལ་དུ་བབས་བྱུང་།།
སེམས་དང་གློ་བའི་ཟབ་སར་ལྷུང་བའི།།
ཡིག་འབྲུ་ཐར་ཐོར་བརྗེད་ཐབས་མི་འདུག།
ཐར་ཐོར་བབས་པའི་ཡིག་འབྲུ་དེ་དག།
རྨི་ལམ་འཁུར་བའི་རྒོད་པོ་ཁྱུ་གཅིག།
རེ་བས་བསྐྱོད་པའི་རླུང་རྟ་སྤར་གང་།།
མཚར་སྡུག་སྦྲུམ་པའི་རོལ་དབྱངས་དེ་ཡིས།།
ང་ཡི་མཚན་མོའི་གནམ་མཁའ་བསྒུལ་བྱུང་།།
སྐར་མའི་རྫི་བོར་བསྐོས་པའི་ལྷ་མོས།།
འཛུམ་མདངས་ལྷུག་ལྷུག་མཆི་མ་བཞུར་བྱུང་།།
སྐྱོ་བ་ལྷང་ལྷིང་སྙིང་གཏམ་བསྩལ་བྱུང་།།

མཚན་གྱི་ལྷིང་འཇགས་སྙིམ་པར་སིམ་པའི།།
ཏིང་འཛིན་མལ་གྱི་བདེ་དྲོད་གཉོམ་པོ།།
ས་ཁི་སི་ཡི་དབྱངས་སུ་བཞུར་ཏེ།།
བསམ་གཞིགས་ཀློང་གི་ཐ་སྙད་མཁན་ལ།།
འཁོར་བའི་ཞལ་ཁེབས་དལ་གྱིས་བཀྱགས་ཤིང་།།
རྒུན་ཆང་པུ་ཙེ་པུ་ཙེ་འདྲེན་བཞིན།།
སྣང་བ་རང་སར་ཡན་པའི་རྟོག་པ།།
བྱ་ཚང་རྡོ་ཡིས་དཀྲོགས་པ་ཇི་བཞིན།།
དྭངས་གསལ་སེམས་པའི་མེ་ལོང་ངོས་སུ།།
འཕར་ལྡིང་རྒོད་པའི་ཡིད་བརྙན་ཁྱུ་གཅིག།།
རང་དབང་རྔོག་མ་རླུང་གིས་བསྐྱོད་བཞིན།།
དབྱངས་ཀྱི་གྲེ་བ་ཆང་གིས་གདུ་བཞིན།།
ཚོར་དང་མ་ཚོར་བར་ནས་གནང་བྱུང་།།
      ༢༠༡༤ལོའི་ཟླ༡༠པའི་ཚེས༢༤ཉིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།