ཀ་རྩོམ་སུམ་ཅུ་བ།

ཨ་བུ་བོད།༼ འབའ་རྫོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-15


ཀ་མང་གཞིས་ཁྱིམ་གཅིག་ཏུ་མཉམ་འཁོད་ན།།
ཀ་ར་ཆང་སོགས་ཁོ་ནར་མི་རོལ་པར།།
ཀྭ་ཡེ་གསོན་དང་ཉན་འདོད་ཡོད་པ་ཚོས།།
ཀ་ནས་དག་པའི་ཕྱོགས་ལ་བློ་འཁོར་ཅིག །

ཁ་མིན་སྙིང་ནས་ཕན་མཁན་ཡོད་མོད་ཀྱི།།
ཁ་ཏ་སློབ་གསོའི་ལམ་ལ་མི་འཐད་མང་།།
ཁ་རྒྱབ་བདེ་སྡུག་ཁེ་ཕན་ཆུང་ངུ་ལ།།
ཁ་བའི་བུ་ཞིག་ཡིན་ན་མ་བྲེལ་རོགས།།

ག་ས་གང་དུ་རྒྱུས་མེད་སྣ་ཚོགས་པ།།
ག་ལོག་སྒྲོ་འདོཊ་བསྐུར་འདེབས་བྱེད་མཁན་དང་།།
ག་ཆད་འཁྱམ་པོ་དེ་ཚོའི་སྤྱོད་སྟངས་ལ།།
ག་ལེར་དཔྱོད་དང་འགྲིག་མིན་ཡུན་གྱིས་རྟོཊ།།

ང་བཟང་ང་རྒྱལ་ལབ་གཏམ་མང་མིས་སྨྲ།།
ང་ཅག་རིགས་འདི་དེ་ལས་ལྷག་གོ་སྙམ།།
ང་དང་ཁྱོད་ཀྱིས་ཀུན་དོན་བསམ་དགོས་སོ།།
ང་བཟང་ཁོ་ངར་བདེན་ལུགས་རྒན་པོས་ཤེས།།

ཅ་དག་རང་གཤིས་བཟུང་ལ་རང་ལས་གཞན།།
ཅ་ནོར་མང་ཙམ་རང་ལ་ཐོབ་པའི་དུས།།
ཅ་ནེ་ཟས་ཀྱིས་དབུལ་བའི་ཉམ་ཐག་ལ།།
ཅ་ལག་ཉོ་བྱེད་ཉུང་ཙམ་སྦྱིན་རོགས་མཛོད།།

ཆ་འགྲིག་གྲོགས་ཀྱི་བརྩེ་འདང་དམ་དུ་སྦྲེལ།།
ཆ་ལུགས་ཀུན་དང་མཐུན་ན་ཁྱད་ཆོས་ཡིན།།
ཆ་མེད་གཏམ་དང་རྒྱུས་ཡོད་ཡིན་མིན་ལ།།
ཆ་འཇོག་ཡིད་ཆེས་བྱེད་སྐབས་དོཊ་ཟོན་གྱིས།།

ཇ་ཁུའི་དྲི་ངད་འཁྱིལ་སའི་ཇ་ཁང་དུ།།
ཇ་ཐུན་གཅིག་གི་ཡུན་གྱི་འཐུང་གྲོགས་དེས།།
ཇ་ཆང་མཚར་གླུས་མི་སེམས་དྲངས་པས་དོན།།
ཇ་རིན་རང་གིས་མི་སྤྲོད་ཐབས་ཡིན་ནོ།།

ཉ་ཉོག་གད་སྙིགས་གང་སར་སྤུངས་བ་དང་།།
ཉ་ར་གཙང་དག་བློ་ཡང་དབེན་པ་དེས།།
ཉ་ཆུང་གསེར་མིག་གཤོག་སྣེ་ནད་ཀྱིས་བཟུང་།།
ཉ་བ་རྒན་པོའི་འཚོ་བ་ཉིན་བཞིན་རྒུད།།

ཏ་ཀུར་ལག་ཏུ་འཆང་བའི་ཁུ་བོའི་གཏམ།།
ཏ་ཐ་ག་ཏའི་གསུང་ལས་ལྷག་མིན་མོད།།
ཏ་ལེན་རྒྱབ་ཏུ་ཁུར་ནས་འཁྱམ་དགོས་དུས།།
ཏ་ལེར་ཡིད་ལ་འཁོར་ཡང་འཕྱི་སོང་ངོ།།

ཐ་ཆུང་བདག་འདྲའི་བློ་ནུས་ཆུང་ངུ་ཙམ།།
ཐ་ཆད་མིན་མིན་སུ་ལ་མངའ་ཁོ་ཐག །
ཐ་ཐོར་ངང་ན་འཚོ་བས་སྤུན་ཟླའི་སྡུག །
ཐ་ན་སེལ་ཐབས་བྲལ་ཡང་བརྗེད་དུ་མེད།།

ད་ནངས་ཁ་སང་ཡོད་ཚད་སྡུག་གིས་མནར།།
དྭ་བུ་རེ་ཟུང་ཟས་མེད་གོས་ཀྱིས་དབེན།།
ད་ལྟའི་གནས་བབས་རླུང་ནང་མར་མེའི་དཔེ།།
ད་ཕྱིན་ཀུན་གྱིས་མཐུན་སྒྲིལ་བྱེད་རན་འདུག །

ན་རྒ་འཆི་བ་སུ་ལ་ཡོད་མོད་ཀྱང་།།
ན་དུས་སྨན་དང་རྒས་དུས་གཉོར་མཁན་མཁོ།།
ན་གཞོན་སྐྱོང་ཤེས་རྒན་པ་བཀུར་ཤེས་ལུགས།།
ན་མཉམ་བོད་པའི་མི་བུར་ལྷག་ཏུ་མཁོ།།

པ་ཊུའི་ལེཊ་བཤད་གཞུང་དང་མཐུན་པའི་ལམ།།
པ་རུའི་དབྱིབས་ལྟར་རྨོངས་པ་དཔེ་མི་སྲིད།།
པ་ཊུ་མི་གསུམ་ལ་སོགས་བོད་དུ་འཁྲུངས།།
པ་ཊུའི་ཚོགས་འདི་མི་རིགས་ཀུན་གྱི་སྲོག །

ཕ་མཁར་གྲུ་བཞིའི་ཡང་སྙིང་རིན་ཆེན་ནོར།།
ཕ་རོལ་གཞན་གྱིས་བསླུ་འདོད་མང་ཙམ་མཆིས།།
ཕ་རྒྱུད་བཙན་པོ་ཡིན་ཞེས་མིང་སྐམ་གྱིས།།
ཕ་ནོར་བསྲུང་ཐབས་བྲལ་ལ་བོར་ཉེན་ཆེ།།

བ་སྤུ་གཟེངས་ཤིང་འཇིགས་སྣང་སྟེར་ཐབས་ཀྱིས།།
བ་གམ་ཅན་གྱི་ཕོ་བྲང་བདག་ཏུ་བཟུང་།།
བ་ལང་ནུས་མེད་ཆ་དང་མཚུངས་བའི་མི།།
བ་ལྕི་བཞིན་དུ་ཉོག་སྟེ་འདར་གྱིན་ཤི།།

མ་དག་སྐྱེ་བོ་ཀུན་གྱིས་གང་ཡིན་བསྒྲུབས།།
མ་འོངས་བདེ་ཞིང་སྐྱིད་འདོད་ཁོ་ནའི་ཆེད།།
མ་རབས་ལས་དང་ཡ་རབས་གཉིས་ཀ་ལས།།
མ་ལོའི་དྲིན་ལན་བརྗེད་སྲིད་འཇལ་ཡང་ངེས།།

ཙ་ན་དུས་ཐུང་ཙམ་དུ་བསགས་པའི་སྐྱོན།།
ཙ་གི་ཙི་གེའི་རིགས་ལ་བཟོད་བསྒོམ་མཛོད།།
ཙ་རའི་ཁྲིམས་ལྟར་བྱེད་པའི་ངམ་གནག་ལས།།
ཙ་རིའི་ཡུལ་གྱི་སྤུན་ཟླར་མི་གཅོད་རོགས།།

ཚ་གདུང་བཟོད་དུ་མེད་པའི་བྱེ་གཞུང་དུ།།
ཚ་ངད་སྐོམ་གྱིས་ཤིན་ཏུ་མནར་བས་ཚེ།།
ཚྭ་ཆུ་ཧུབ་ཀྱིས་བཏུང་ཡང་སྐོམ་སོད་དཀའ།།
ཚ་ནད་ལུས་ལ་སྐྱེད་བྱེད་རྒྱུ་རུ་འགྱུར།།

ཛ་དྲག་གཡུལ་ས་ཞིག་གི་གྱོང་རྒུད་དེས།།
ཛ་ལང་སྤྱོད་ངན་རེ་འགའ་བཅོམ་ན་ཡང་།།
ཛ་ཏིའི་སྨན་སྣ་བསྟེན་དགོས་རྨས་ཅན་ཚོགས།།
ཛ་ཧུའི་བུ་མོའི་འགྲམ་གྱི་ངང་ཁྱུ་བཞིན།།

ཝ་ལོང་ཆ་འགྲིག་ཅན་གྱི་སྒེག་མོའི་ཉམས།།
ཝ་མོའི་གཡོ་གར་ཆ་དང་མི་མཚུངས་ཡང་།།
ཝ་ལེར་རྒྱལ་བའི་བཀའ་ལ་ཉམས་བཞག་ཚེ།།
ཝ་མོའི་གཡོ་གར་ལས་ཀྱང་ལྷག་ཉེས་ཆེ།།

ཞ་ཉེ་གསེར་དང་ཁ་དོག་མི་འདྲ་བ།།
ཞ་ར་མིན་མིན་ཀུན་གྱིས་ཤེས་མོད་ཀྱི།།
ཞྭ་སེར་བསྟན་ལ་གནོད་པའི་རྨོངས་བུ་དེས།།
ཞ་ཉེ་གསེར་ལས་འོད་དུ་འཚེར་འདོད་རློམ།།

ཟ་ཐུར་ཕྲ་མོས་ཟས་སྣ་གང་བཟང་བླངས།།
ཟ་འདོད་ཁ་རྒན་ཧེབ་དེ་ཆེ་རུ་གདེང་།།
ཟ་ཚོད་མ་ཟིན་ཟས་མཐར་ལྟོ་ཡང་ན།།
ཟ་ཉལ་འགྲོ་འདུག་ལས་ཀུན་ཡག་པོ་གྱིས།།

འ་འུར་རྩེད་འཇོས་བཟི་བའི་གཅེས་ཕྲུག་འགས།།
འ་ཆད་འུ་ཐུག་འཚོ་བ་རིག་མྱོང་མེད།།
འ་ཅག་གནས་སྐབས་ཙམ་གྱི་བདེ་བ་འདི།།
འ་ལེ་འོལ་ལེ་རྫོགས་པར་ངེས་སྲིད་དོ།།

ཡ་གིའི་རི་དང་མ་གིའི་གཙང་བོ་སོགས།།
ཡ་མེས་བཙན་པོས་སུམ་ཆའི་གཉིས་ཙམ་བཟུང་།།
ཡ་ཟླ་བྲལ་བའི་རིགས་ཤིག་ཡིན་ཚུལ་གཏམ།།
ཡ་མཚན་སྒྲོ་འདོགས་ཚིག་གིས་འབྲི་ནུས་མིན།།

རྭ་ལྟར་གུག་པའི་བྲང་ཁོག་ལོན་པར་དཀའ།།
རྭ་ལྟར་གྱོང་བའི་གཤིས་ཀ་བསྒྱུར་དུ་མེད།།
ར་རི་དྲི་དང་བྲལ་བའི་སེམས་ཅན་དཀོན།།
ར་བཏགས་རྫུན་གྱིས་བསླུ་མཁན་མང་ཚོད་ཡིན།།

ལ་ལུང་རྩི་ཤིང་སྨན་སྣ་འཁྲུངས་ས་དེ།།
ལ་རྒྱའི་རུ་དཔུང་སྟོབས་ཀྱིས་གཤར་སའི་ཡུལ།།
ལ་ཉེ་མེད་པ་རེ་འགས་གཞན་ལ་བཙོང་།།
ལ་ཐང་རི་བྲག་བརླགས་པ་བཟོད་དུ་མེད།།

ཤ་ཟ་སྲིན་པོ་དངོས་དེ་ཟ་མཁན་ཡིན།།
ཤ་ཁྲག་གཟན་དུ་མི་བྱ་སྙིང་རྗེའི་སེམས།།
ཤ་ཚོང་བཤས་ར་མཐོང་ན་ལྷག་ཏུ་སྐྱེ།།
ཤ་མོ་སྔོ་ཚོད་རིགས་ཀྱིས་ཚིམ་པར་གྱིས།།

ས་གཏེར་མཚོ་གཏེར་བྲག་གཏེར་དམ་པས་བཞག །
ས་འཛིན་སྙིང་ལ་གཏེར་ཁ་མང་ཤོས་བཞག །
ས་ཡ་དྲུག་སོགས་ས་ཁྱབ་སེམས་ཅན་སུས།།
ས་ཆེན་སྒ་གཞུང་གཤགས་པ་འཛམ་གླིང་གྱོང་།།

ཧ་ཅང་གནད་དུ་སོང་མིན་ཤེས་དཀའ་མོད།།
ཧ་ལམ་ཉིན་ཕྱེད་བསམ་བློའི་དཔག་ཚོད་ཅིག །
ཧ་ནིའི་སྤྱན་དུ་བཤམས་པ་དགེ་ལེགས་འཕེལ།།
ཧ་རྒོད་འཕྱ་གཏམ་སྤེལ་ཆོག་བསྟད་ཀྱང་ཆོག །

ཨ་འཐས་སྐད་ཅིག་བློ་ལ་ཉེས་སྐྱོན་མང་།།
ཨ་ཅང་འགྲིག་འདོད་བདེན་ཁ་སྟེར་ཚོད་མིན།།
ཨ་གསར་བཅད་རྩོམ་འབྲི་འདོད་འགོག་མེད་དེ།།
ཨ་ཅག་དབྱངས་ཅན་ལྷ་མོས་བསྩལ་པས་སོ།།

            ༢༢ - ༡༢ - ༢༠༡༣ 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་རྩོམ་སུམ་ཅུ་བ།

2015-03-15 ཨ་བུ་བོད།༼ འབའ་རྫོང༽ ཀློག་གྲངས། མཆན ཡོད།


ཀ་མང་གཞིས་ཁྱིམ་གཅིག་ཏུ་མཉམ་འཁོད་ན།།
ཀ་ར་ཆང་སོགས་ཁོ་ནར་མི་རོལ་པར།།
ཀྭ་ཡེ་གསོན་དང་ཉན་འདོད་ཡོད་པ་ཚོས།།
ཀ་ནས་དག་པའི་ཕྱོགས་ལ་བློ་འཁོར་ཅིག །

ཁ་མིན་སྙིང་ནས་ཕན་མཁན་ཡོད་མོད་ཀྱི།།
ཁ་ཏ་སློབ་གསོའི་ལམ་ལ་མི་འཐད་མང་།།
ཁ་རྒྱབ་བདེ་སྡུག་ཁེ་ཕན་ཆུང་ངུ་ལ།།
ཁ་བའི་བུ་ཞིག་ཡིན་ན་མ་བྲེལ་རོགས།།

ག་ས་གང་དུ་རྒྱུས་མེད་སྣ་ཚོགས་པ།།
ག་ལོག་སྒྲོ་འདོཊ་བསྐུར་འདེབས་བྱེད་མཁན་དང་།།
ག་ཆད་འཁྱམ་པོ་དེ་ཚོའི་སྤྱོད་སྟངས་ལ།།
ག་ལེར་དཔྱོད་དང་འགྲིག་མིན་ཡུན་གྱིས་རྟོཊ།།

ང་བཟང་ང་རྒྱལ་ལབ་གཏམ་མང་མིས་སྨྲ།།
ང་ཅག་རིགས་འདི་དེ་ལས་ལྷག་གོ་སྙམ།།
ང་དང་ཁྱོད་ཀྱིས་ཀུན་དོན་བསམ་དགོས་སོ།།
ང་བཟང་ཁོ་ངར་བདེན་ལུགས་རྒན་པོས་ཤེས།།

ཅ་དག་རང་གཤིས་བཟུང་ལ་རང་ལས་གཞན།།
ཅ་ནོར་མང་ཙམ་རང་ལ་ཐོབ་པའི་དུས།།
ཅ་ནེ་ཟས་ཀྱིས་དབུལ་བའི་ཉམ་ཐག་ལ།།
ཅ་ལག་ཉོ་བྱེད་ཉུང་ཙམ་སྦྱིན་རོགས་མཛོད།།

ཆ་འགྲིག་གྲོགས་ཀྱི་བརྩེ་འདང་དམ་དུ་སྦྲེལ།།
ཆ་ལུགས་ཀུན་དང་མཐུན་ན་ཁྱད་ཆོས་ཡིན།།
ཆ་མེད་གཏམ་དང་རྒྱུས་ཡོད་ཡིན་མིན་ལ།།
ཆ་འཇོག་ཡིད་ཆེས་བྱེད་སྐབས་དོཊ་ཟོན་གྱིས།།

ཇ་ཁུའི་དྲི་ངད་འཁྱིལ་སའི་ཇ་ཁང་དུ།།
ཇ་ཐུན་གཅིག་གི་ཡུན་གྱི་འཐུང་གྲོགས་དེས།།
ཇ་ཆང་མཚར་གླུས་མི་སེམས་དྲངས་པས་དོན།།
ཇ་རིན་རང་གིས་མི་སྤྲོད་ཐབས་ཡིན་ནོ།།

ཉ་ཉོག་གད་སྙིགས་གང་སར་སྤུངས་བ་དང་།།
ཉ་ར་གཙང་དག་བློ་ཡང་དབེན་པ་དེས།།
ཉ་ཆུང་གསེར་མིག་གཤོག་སྣེ་ནད་ཀྱིས་བཟུང་།།
ཉ་བ་རྒན་པོའི་འཚོ་བ་ཉིན་བཞིན་རྒུད།།

ཏ་ཀུར་ལག་ཏུ་འཆང་བའི་ཁུ་བོའི་གཏམ།།
ཏ་ཐ་ག་ཏའི་གསུང་ལས་ལྷག་མིན་མོད།།
ཏ་ལེན་རྒྱབ་ཏུ་ཁུར་ནས་འཁྱམ་དགོས་དུས།།
ཏ་ལེར་ཡིད་ལ་འཁོར་ཡང་འཕྱི་སོང་ངོ།།

ཐ་ཆུང་བདག་འདྲའི་བློ་ནུས་ཆུང་ངུ་ཙམ།།
ཐ་ཆད་མིན་མིན་སུ་ལ་མངའ་ཁོ་ཐག །
ཐ་ཐོར་ངང་ན་འཚོ་བས་སྤུན་ཟླའི་སྡུག །
ཐ་ན་སེལ་ཐབས་བྲལ་ཡང་བརྗེད་དུ་མེད།།

ད་ནངས་ཁ་སང་ཡོད་ཚད་སྡུག་གིས་མནར།།
དྭ་བུ་རེ་ཟུང་ཟས་མེད་གོས་ཀྱིས་དབེན།།
ད་ལྟའི་གནས་བབས་རླུང་ནང་མར་མེའི་དཔེ།།
ད་ཕྱིན་ཀུན་གྱིས་མཐུན་སྒྲིལ་བྱེད་རན་འདུག །

ན་རྒ་འཆི་བ་སུ་ལ་ཡོད་མོད་ཀྱང་།།
ན་དུས་སྨན་དང་རྒས་དུས་གཉོར་མཁན་མཁོ།།
ན་གཞོན་སྐྱོང་ཤེས་རྒན་པ་བཀུར་ཤེས་ལུགས།།
ན་མཉམ་བོད་པའི་མི་བུར་ལྷག་ཏུ་མཁོ།།

པ་ཊུའི་ལེཊ་བཤད་གཞུང་དང་མཐུན་པའི་ལམ།།
པ་རུའི་དབྱིབས་ལྟར་རྨོངས་པ་དཔེ་མི་སྲིད།།
པ་ཊུ་མི་གསུམ་ལ་སོགས་བོད་དུ་འཁྲུངས།།
པ་ཊུའི་ཚོགས་འདི་མི་རིགས་ཀུན་གྱི་སྲོག །

ཕ་མཁར་གྲུ་བཞིའི་ཡང་སྙིང་རིན་ཆེན་ནོར།།
ཕ་རོལ་གཞན་གྱིས་བསླུ་འདོད་མང་ཙམ་མཆིས།།
ཕ་རྒྱུད་བཙན་པོ་ཡིན་ཞེས་མིང་སྐམ་གྱིས།།
ཕ་ནོར་བསྲུང་ཐབས་བྲལ་ལ་བོར་ཉེན་ཆེ།།

བ་སྤུ་གཟེངས་ཤིང་འཇིགས་སྣང་སྟེར་ཐབས་ཀྱིས།།
བ་གམ་ཅན་གྱི་ཕོ་བྲང་བདག་ཏུ་བཟུང་།།
བ་ལང་ནུས་མེད་ཆ་དང་མཚུངས་བའི་མི།།
བ་ལྕི་བཞིན་དུ་ཉོག་སྟེ་འདར་གྱིན་ཤི།།

མ་དག་སྐྱེ་བོ་ཀུན་གྱིས་གང་ཡིན་བསྒྲུབས།།
མ་འོངས་བདེ་ཞིང་སྐྱིད་འདོད་ཁོ་ནའི་ཆེད།།
མ་རབས་ལས་དང་ཡ་རབས་གཉིས་ཀ་ལས།།
མ་ལོའི་དྲིན་ལན་བརྗེད་སྲིད་འཇལ་ཡང་ངེས།།

ཙ་ན་དུས་ཐུང་ཙམ་དུ་བསགས་པའི་སྐྱོན།།
ཙ་གི་ཙི་གེའི་རིགས་ལ་བཟོད་བསྒོམ་མཛོད།།
ཙ་རའི་ཁྲིམས་ལྟར་བྱེད་པའི་ངམ་གནག་ལས།།
ཙ་རིའི་ཡུལ་གྱི་སྤུན་ཟླར་མི་གཅོད་རོགས།།

ཚ་གདུང་བཟོད་དུ་མེད་པའི་བྱེ་གཞུང་དུ།།
ཚ་ངད་སྐོམ་གྱིས་ཤིན་ཏུ་མནར་བས་ཚེ།།
ཚྭ་ཆུ་ཧུབ་ཀྱིས་བཏུང་ཡང་སྐོམ་སོད་དཀའ།།
ཚ་ནད་ལུས་ལ་སྐྱེད་བྱེད་རྒྱུ་རུ་འགྱུར།།

ཛ་དྲག་གཡུལ་ས་ཞིག་གི་གྱོང་རྒུད་དེས།།
ཛ་ལང་སྤྱོད་ངན་རེ་འགའ་བཅོམ་ན་ཡང་།།
ཛ་ཏིའི་སྨན་སྣ་བསྟེན་དགོས་རྨས་ཅན་ཚོགས།།
ཛ་ཧུའི་བུ་མོའི་འགྲམ་གྱི་ངང་ཁྱུ་བཞིན།།

ཝ་ལོང་ཆ་འགྲིག་ཅན་གྱི་སྒེག་མོའི་ཉམས།།
ཝ་མོའི་གཡོ་གར་ཆ་དང་མི་མཚུངས་ཡང་།།
ཝ་ལེར་རྒྱལ་བའི་བཀའ་ལ་ཉམས་བཞག་ཚེ།།
ཝ་མོའི་གཡོ་གར་ལས་ཀྱང་ལྷག་ཉེས་ཆེ།།

ཞ་ཉེ་གསེར་དང་ཁ་དོག་མི་འདྲ་བ།།
ཞ་ར་མིན་མིན་ཀུན་གྱིས་ཤེས་མོད་ཀྱི།།
ཞྭ་སེར་བསྟན་ལ་གནོད་པའི་རྨོངས་བུ་དེས།།
ཞ་ཉེ་གསེར་ལས་འོད་དུ་འཚེར་འདོད་རློམ།།

ཟ་ཐུར་ཕྲ་མོས་ཟས་སྣ་གང་བཟང་བླངས།།
ཟ་འདོད་ཁ་རྒན་ཧེབ་དེ་ཆེ་རུ་གདེང་།།
ཟ་ཚོད་མ་ཟིན་ཟས་མཐར་ལྟོ་ཡང་ན།།
ཟ་ཉལ་འགྲོ་འདུག་ལས་ཀུན་ཡག་པོ་གྱིས།།

འ་འུར་རྩེད་འཇོས་བཟི་བའི་གཅེས་ཕྲུག་འགས།།
འ་ཆད་འུ་ཐུག་འཚོ་བ་རིག་མྱོང་མེད།།
འ་ཅག་གནས་སྐབས་ཙམ་གྱི་བདེ་བ་འདི།།
འ་ལེ་འོལ་ལེ་རྫོགས་པར་ངེས་སྲིད་དོ།།

ཡ་གིའི་རི་དང་མ་གིའི་གཙང་བོ་སོགས།།
ཡ་མེས་བཙན་པོས་སུམ་ཆའི་གཉིས་ཙམ་བཟུང་།།
ཡ་ཟླ་བྲལ་བའི་རིགས་ཤིག་ཡིན་ཚུལ་གཏམ།།
ཡ་མཚན་སྒྲོ་འདོགས་ཚིག་གིས་འབྲི་ནུས་མིན།།

རྭ་ལྟར་གུག་པའི་བྲང་ཁོག་ལོན་པར་དཀའ།།
རྭ་ལྟར་གྱོང་བའི་གཤིས་ཀ་བསྒྱུར་དུ་མེད།།
ར་རི་དྲི་དང་བྲལ་བའི་སེམས་ཅན་དཀོན།།
ར་བཏགས་རྫུན་གྱིས་བསླུ་མཁན་མང་ཚོད་ཡིན།།

ལ་ལུང་རྩི་ཤིང་སྨན་སྣ་འཁྲུངས་ས་དེ།།
ལ་རྒྱའི་རུ་དཔུང་སྟོབས་ཀྱིས་གཤར་སའི་ཡུལ།།
ལ་ཉེ་མེད་པ་རེ་འགས་གཞན་ལ་བཙོང་།།
ལ་ཐང་རི་བྲག་བརླགས་པ་བཟོད་དུ་མེད།།

ཤ་ཟ་སྲིན་པོ་དངོས་དེ་ཟ་མཁན་ཡིན།།
ཤ་ཁྲག་གཟན་དུ་མི་བྱ་སྙིང་རྗེའི་སེམས།།
ཤ་ཚོང་བཤས་ར་མཐོང་ན་ལྷག་ཏུ་སྐྱེ།།
ཤ་མོ་སྔོ་ཚོད་རིགས་ཀྱིས་ཚིམ་པར་གྱིས།།

ས་གཏེར་མཚོ་གཏེར་བྲག་གཏེར་དམ་པས་བཞག །
ས་འཛིན་སྙིང་ལ་གཏེར་ཁ་མང་ཤོས་བཞག །
ས་ཡ་དྲུག་སོགས་ས་ཁྱབ་སེམས་ཅན་སུས།།
ས་ཆེན་སྒ་གཞུང་གཤགས་པ་འཛམ་གླིང་གྱོང་།།

ཧ་ཅང་གནད་དུ་སོང་མིན་ཤེས་དཀའ་མོད།།
ཧ་ལམ་ཉིན་ཕྱེད་བསམ་བློའི་དཔག་ཚོད་ཅིག །
ཧ་ནིའི་སྤྱན་དུ་བཤམས་པ་དགེ་ལེགས་འཕེལ།།
ཧ་རྒོད་འཕྱ་གཏམ་སྤེལ་ཆོག་བསྟད་ཀྱང་ཆོག །

ཨ་འཐས་སྐད་ཅིག་བློ་ལ་ཉེས་སྐྱོན་མང་།།
ཨ་ཅང་འགྲིག་འདོད་བདེན་ཁ་སྟེར་ཚོད་མིན།།
ཨ་གསར་བཅད་རྩོམ་འབྲི་འདོད་འགོག་མེད་དེ།།
ཨ་ཅག་དབྱངས་ཅན་ལྷ་མོས་བསྩལ་པས་སོ།།

            ༢༢ - ༡༢ - ༢༠༡༣ 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།