ཟུར་ངོས་རེ་ལ་རྟོག་འགྱུ་རེ།


ངན་རྟོག་གཅེར་བུར་རྒྱུགས་པའི་སྲིད་པའི་གཞི།།
འདོད་རྔམས་བཤན་གྲིའི་ཁ་ན་འདར་ཞིང་ཡོམ།།
ཉི་ཟླའི་རྣ་ལུང་བོར་བའི་སློང་མོ་བས།།
བདེན་པའི་རྩམ་ཁུག་བྲང་གི་འོག་ཏུ་སྦས།།

རླུང་གིས་གཙབ་པའི་སྒོ་དར་སྔོན་པོ་དེར།།
འགྲོ་ཞོར་མི་ཡི་པར་ཆས་ཡང་ཡང་བསྐོར།།
དཔྲལ་བར་རྨ་ཁ་ཟབ་པའི་ཕོ་རྒོད་དེས།།
ལྷོ་དང་ནུབ་ལ་ལག་པ་བཀྱགས་ནས་བལྟས།།

འདམ་ཆུའི་སྣོད་དུ་ལྷུང་བའི་ཟླ་བའི་རོ།།
སྒོར་དང་ཟུར་གསུམ་རྩོད་པའི་ཀླན་ཀ་ཐལ།།
ཚུགས་ཐུབ་ལྟ་བ་རྙེད་པའི་གསོང་སྨྲ་བས།།
བདེན་པའི་རྒྱབ་རྟེན་གླེགས་བམ་གསེང་ལ་བཞག།

སྨུག་པས་མགྲིན་པ་བཙིར་བའི་རི་བོའི་ཟོམ།།
ཁྭ་ཏས་གཤོག་ལྕག་གཟེད་པས་ཡོམ་ཡོམ་བསྒུལ།།
སྦྲ་སྒོར་པགས་པ་མཉེད་པའི་གསར་རྒོད་དེས།།
འགྲམ་གྱི་གྲི་དང་མདུང་ལ་ལག་པ་བསྙབས།།

ཁ་ལག་ལྷག་མ་བསྐྱེད་པའི་་རྐུབ་སྟེགས་དེ།།
ལུགས་ལྡོག་ཝ་ཁྱིའི་སྡེར་མོ་སྟོང་གིས་བཏེགས།།
ཚངས་པའི་ལམ་ཐིག་བརྒྱུད་པའི་བསོད་སྙོམས་པས།།
ཕྱག་གི་འཁར་གསིལ་ས་ལ་ཡང་ཡང་བརྡབས།།

སྒལ་ཤུན་བཤུས་པའི་འོག་གཞི་ནད་པ་འདིའི།།
ནོར་བུ་བྲུས་པས་འཕག་འཚག་མང་དུ་རྒྱག།
ལྟེ་ཐག་བཅད་མ་ཐག་པའི་ཚེ་སྲོག་དེས།།
ཡོད་ཚད་སྟོང་བ་རེད་ཅེས་ངུ་སྐད་འདོན།།

ཆུ་བོའི་གཞུང་ལ་བསྐྱོན་པའི་ཀོ་གྲུ་ཞིག།
རླབས་ཀྱིས་གཙེས་པས་བྲག་གི་སྲུབས་ལ་འཚངས།།
ཆུ་འགྲམ་མེ་ཏོག་འཐུ་བའི་བེའུ་རྫི་དེས།།
དབྱུག་པའི་རྟ་ཁ་ཨ་མའི་ཕྱོགས་ལ་འཐེན།།

ས་རྡུལ་ཁུར་བའི་གླེགས་བམ་གསེར་བྲིས་མ།།
ལོ་ཟླའི་ཉལ་གོས་བརྩེགས་པའི་འོག་ནས་རུལ།།
སྲོག་གིས་བླུ་ཡོན་སྤྲད་པའི་ཕོ་ཉ་བས།།
ཕྱིར་རྟོག་ཉི་མའི་པང་ལ་མཆི་མ་ཟགས།།
           ༢༠༡༤--༦--༢༧ཉིན། 

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟུར་ངོས་རེ་ལ་རྟོག་འགྱུ་རེ།

2015-03-18 མདའ་མེ་ལྕེ། ཀློག་གྲངས། མཆན ཡོད།


ངན་རྟོག་གཅེར་བུར་རྒྱུགས་པའི་སྲིད་པའི་གཞི།།
འདོད་རྔམས་བཤན་གྲིའི་ཁ་ན་འདར་ཞིང་ཡོམ།།
ཉི་ཟླའི་རྣ་ལུང་བོར་བའི་སློང་མོ་བས།།
བདེན་པའི་རྩམ་ཁུག་བྲང་གི་འོག་ཏུ་སྦས།།

རླུང་གིས་གཙབ་པའི་སྒོ་དར་སྔོན་པོ་དེར།།
འགྲོ་ཞོར་མི་ཡི་པར་ཆས་ཡང་ཡང་བསྐོར།།
དཔྲལ་བར་རྨ་ཁ་ཟབ་པའི་ཕོ་རྒོད་དེས།།
ལྷོ་དང་ནུབ་ལ་ལག་པ་བཀྱགས་ནས་བལྟས།།

འདམ་ཆུའི་སྣོད་དུ་ལྷུང་བའི་ཟླ་བའི་རོ།།
སྒོར་དང་ཟུར་གསུམ་རྩོད་པའི་ཀླན་ཀ་ཐལ།།
ཚུགས་ཐུབ་ལྟ་བ་རྙེད་པའི་གསོང་སྨྲ་བས།།
བདེན་པའི་རྒྱབ་རྟེན་གླེགས་བམ་གསེང་ལ་བཞག།

སྨུག་པས་མགྲིན་པ་བཙིར་བའི་རི་བོའི་ཟོམ།།
ཁྭ་ཏས་གཤོག་ལྕག་གཟེད་པས་ཡོམ་ཡོམ་བསྒུལ།།
སྦྲ་སྒོར་པགས་པ་མཉེད་པའི་གསར་རྒོད་དེས།།
འགྲམ་གྱི་གྲི་དང་མདུང་ལ་ལག་པ་བསྙབས།།

ཁ་ལག་ལྷག་མ་བསྐྱེད་པའི་་རྐུབ་སྟེགས་དེ།།
ལུགས་ལྡོག་ཝ་ཁྱིའི་སྡེར་མོ་སྟོང་གིས་བཏེགས།།
ཚངས་པའི་ལམ་ཐིག་བརྒྱུད་པའི་བསོད་སྙོམས་པས།།
ཕྱག་གི་འཁར་གསིལ་ས་ལ་ཡང་ཡང་བརྡབས།།

སྒལ་ཤུན་བཤུས་པའི་འོག་གཞི་ནད་པ་འདིའི།།
ནོར་བུ་བྲུས་པས་འཕག་འཚག་མང་དུ་རྒྱག།
ལྟེ་ཐག་བཅད་མ་ཐག་པའི་ཚེ་སྲོག་དེས།།
ཡོད་ཚད་སྟོང་བ་རེད་ཅེས་ངུ་སྐད་འདོན།།

ཆུ་བོའི་གཞུང་ལ་བསྐྱོན་པའི་ཀོ་གྲུ་ཞིག།
རླབས་ཀྱིས་གཙེས་པས་བྲག་གི་སྲུབས་ལ་འཚངས།།
ཆུ་འགྲམ་མེ་ཏོག་འཐུ་བའི་བེའུ་རྫི་དེས།།
དབྱུག་པའི་རྟ་ཁ་ཨ་མའི་ཕྱོགས་ལ་འཐེན།།

ས་རྡུལ་ཁུར་བའི་གླེགས་བམ་གསེར་བྲིས་མ།།
ལོ་ཟླའི་ཉལ་གོས་བརྩེགས་པའི་འོག་ནས་རུལ།།
སྲོག་གིས་བླུ་ཡོན་སྤྲད་པའི་ཕོ་ཉ་བས།།
ཕྱིར་རྟོག་ཉི་མའི་པང་ལ་མཆི་མ་ཟགས།།
           ༢༠༡༤--༦--༢༧ཉིན། 

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།