འཇིག་རྟེན་སྒྱུ་མའི་ལམ་ཕྲན།

མགར་རྩེ་ཨུ་རྒྱན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-21



གཞན་གྱི་སྐྱོན་བརྗོད་ཐེངས་གཅིག་གིས།།
རང་སེམས་དྲོན་མོར་ན་ཟུག་བསླངས།།
རང་ཉིད་ཉེས་པའི་བྱ་བཞག་དག།
རང་སྐྱོན་ཡིན་པ་རྟོགས་པར་དཀའ།།

སྡུག་བསྔལ་ཁབ་ཀྱི་རྩེ་མོ་ཙམ།།
རང་མགོར་ཐོན་ན་སུ་ཡང་འཇིགས།།
གཞན་ལ་གནོད་པའི་འཚེ་སེམས་དག།
ཉིན་མཚན་རྟ་ཕོའི་བང་ལ་འགྲན།།

གདོང་ནས་འཛུམ་ཆུང་བྱེད་ལུགས་འདི།།
སྲང་ན་འགྲོ་བའི་ཡུལ་མིའི་སྲོལ།།
སེམས་ནས་སྐད་ཆ་བཤད་པ་ཡང་།།
སྙིང་ལ་ན་བའི་ཕ་མའི་གཏམ།།

རང་གི་ཁེ་ཕན་ཕྲན་བུའི་ཆེད།།
གཉེན་ཉེ་ལ་ཡང་བསླུ་བྲིད་གཏོང་།།
རང་ལ་འཐོབ་བྱ་ཆུང་བུའི་དོན།།
སྤུན་མཆེད་དག་ཀྱང་གཞན་ལ་འཚོང་།།

རང་བཞིན་དྲང་བོའི་མཛེས་ཆ་ལ།།
ཀླད་མེད་ཁུམ་པོའི་ཐ་སྙད་སྤྱོར།།
རང་གཤིས་འཇམ་པོའི་བཟང་ཆ་ཡང་།།
ནུས་མེད་སྡར་མའི་མིང་བྱང་འདོགས།།

འབྱོར་མེད་དབུལ་བོའི་ནོར་འཁྲུལ་དག།
རང་ལམ་གཅོད་པའི་རྒྱུ་རུ་འགྱུར།།
འབྱོར་ལྡན་ཕྱུག་པོའི་མ་འཁྱོངས་ས།།
ཉམས་མྱོང་མེད་པའི་གནས་སུ་བརྩི།།

ཁ་ཡག་ངོ་དགའི་སྐད་ཆ་ལ།།
རྣ་བ་གཏད་ནས་ཉན་མཁན་མང་།།
སེམས་དཀར་གཏམ་གྱི་བསླབ་བྱ་དག།
རྗེས་ལུས་ཡིན་ཞེས་འདོར་བར་བརྩོན།།

ཡུན་རིང་འགྲོགས་པའི་ཕུ་ནུ་ཚོར།།
སྐྱོན་བརྗོད་ཚིག་ངན་བཤད་མཁན་མང་།།
དེ་རིང་འཕྲད་པའི་ངོ་ཤེས་ལ།།
ཨག་གསར་སྙིང་གཏམ་གླེང་རྒྱུར་དགའ།།

ངོ་ནས་བྱུང་བའི་འཛུམ་མདངས་དག།
ཁེ་ཕན་ཞིག་གི་ཆེད་དུ་གྲུབ།།
ཁ་ནས་བཤད་པའི་གཏམ་སྙན་ཡང་།།
དམིགས་ཡུལ་ཅིག་གི་དོན་དུ་བྱུང་།།

བསླུ་བའི་ལྗགས་རྩལ་མེད་པ་ཚོས།།
རྐང་བ་ས་ལ་འཛུགས་པ་དཀའ།།
ཆབ་སྲིད་ཀླད་པ་མེད་པའི་མིས།།
དོན་ཆེན་ལས་རིགས་གཉེར་བ་དཀོན།།
     ༢༠༡༤ ༡༢ ༡༤ཉིན།     

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇིག་རྟེན་སྒྱུ་མའི་ལམ་ཕྲན།

2015-03-21 མགར་རྩེ་ཨུ་རྒྱན། ཀློག་གྲངས། མཆན ཡོད།



གཞན་གྱི་སྐྱོན་བརྗོད་ཐེངས་གཅིག་གིས།།
རང་སེམས་དྲོན་མོར་ན་ཟུག་བསླངས།།
རང་ཉིད་ཉེས་པའི་བྱ་བཞག་དག།
རང་སྐྱོན་ཡིན་པ་རྟོགས་པར་དཀའ།།

སྡུག་བསྔལ་ཁབ་ཀྱི་རྩེ་མོ་ཙམ།།
རང་མགོར་ཐོན་ན་སུ་ཡང་འཇིགས།།
གཞན་ལ་གནོད་པའི་འཚེ་སེམས་དག།
ཉིན་མཚན་རྟ་ཕོའི་བང་ལ་འགྲན།།

གདོང་ནས་འཛུམ་ཆུང་བྱེད་ལུགས་འདི།།
སྲང་ན་འགྲོ་བའི་ཡུལ་མིའི་སྲོལ།།
སེམས་ནས་སྐད་ཆ་བཤད་པ་ཡང་།།
སྙིང་ལ་ན་བའི་ཕ་མའི་གཏམ།།

རང་གི་ཁེ་ཕན་ཕྲན་བུའི་ཆེད།།
གཉེན་ཉེ་ལ་ཡང་བསླུ་བྲིད་གཏོང་།།
རང་ལ་འཐོབ་བྱ་ཆུང་བུའི་དོན།།
སྤུན་མཆེད་དག་ཀྱང་གཞན་ལ་འཚོང་།།

རང་བཞིན་དྲང་བོའི་མཛེས་ཆ་ལ།།
ཀླད་མེད་ཁུམ་པོའི་ཐ་སྙད་སྤྱོར།།
རང་གཤིས་འཇམ་པོའི་བཟང་ཆ་ཡང་།།
ནུས་མེད་སྡར་མའི་མིང་བྱང་འདོགས།།

འབྱོར་མེད་དབུལ་བོའི་ནོར་འཁྲུལ་དག།
རང་ལམ་གཅོད་པའི་རྒྱུ་རུ་འགྱུར།།
འབྱོར་ལྡན་ཕྱུག་པོའི་མ་འཁྱོངས་ས།།
ཉམས་མྱོང་མེད་པའི་གནས་སུ་བརྩི།།

ཁ་ཡག་ངོ་དགའི་སྐད་ཆ་ལ།།
རྣ་བ་གཏད་ནས་ཉན་མཁན་མང་།།
སེམས་དཀར་གཏམ་གྱི་བསླབ་བྱ་དག།
རྗེས་ལུས་ཡིན་ཞེས་འདོར་བར་བརྩོན།།

ཡུན་རིང་འགྲོགས་པའི་ཕུ་ནུ་ཚོར།།
སྐྱོན་བརྗོད་ཚིག་ངན་བཤད་མཁན་མང་།།
དེ་རིང་འཕྲད་པའི་ངོ་ཤེས་ལ།།
ཨག་གསར་སྙིང་གཏམ་གླེང་རྒྱུར་དགའ།།

ངོ་ནས་བྱུང་བའི་འཛུམ་མདངས་དག།
ཁེ་ཕན་ཞིག་གི་ཆེད་དུ་གྲུབ།།
ཁ་ནས་བཤད་པའི་གཏམ་སྙན་ཡང་།།
དམིགས་ཡུལ་ཅིག་གི་དོན་དུ་བྱུང་།།

བསླུ་བའི་ལྗགས་རྩལ་མེད་པ་ཚོས།།
རྐང་བ་ས་ལ་འཛུགས་པ་དཀའ།།
ཆབ་སྲིད་ཀླད་པ་མེད་པའི་མིས།།
དོན་ཆེན་ལས་རིགས་གཉེར་བ་དཀོན།།
     ༢༠༡༤ ༡༢ ༡༤ཉིན།     

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།