གཏེར་སྣང་བྱེད་ཀྱི་སྙན་ངག་ཚན་པ་ལྔ།

              གྲིབ་མ་ཁེར་རྐྱང་།

ང་ཡི་ཁང་པའི་ནང་།།
རྨ་བྱ་ག་ཙམ་བསྐུངས།།
གསང་བ་ཅི་ཙམ་གདའ།།
རྨི་ལམ་འོག་ཏུ་སྦས།།

སྙིང་རྗེ་དབང་གིས་ནི།།
སྤྲིན་ལ་ལག་པས་བྱིལ།།
ཆར་ཆུ་མང་ཙམ་གྱིས།།
སེམས་ལ་བྱབ་ཁྲུས་བྱེད།།

འཇའ་ཚོན་བུ་མོ་ཡིས།།
མཚོ་ལ་འོ་ཞིག་བྱེད།།
ལམ་གྱི་ཟམ་ཆེན་སྟེང་།།
གྲིབ་མ་ཁེར་རྐྱང་མཐོང་།།

ཁ་བ་དམར་པོ་བབས།།
སྐེ་དཀྲིས་གློ་དམར་ཅན།།
དལ་མོར་འཇབ་བྱས་ཏེ།།
སེམས་ཀྱི་གོང་ཁར་བཞུགས།།

གློག་འོད་དཀར་དམར་ཁྲོད།།
ལག་པ་སེམས་པ་གཉིས།།
གསལ་ལ་མི་གསལ་ངང་།།
ག་ལེར་རྒྱང་དུ་ཡལ།།

སེམས་པ་བློང་ཞིང་བློང་།།
ནུབ་ཁའི་ཟླ་བ་བལྟས།།
སྐར་མའི་ཡོལ་བ་བྱས།།
རྡོག་ལམ་གཅིག་པུ་མཐོང་།།

 

             ཤོག་བྱ།

ཤེལ་ཕོར་ནང་དུ་ཟླ་བ་གསལ།།
ཚེ་རིང་རྒྱ་མཚོ་ལག་པ་ཟེད།།
རྨི་ལམ་མེ་ཏོག་པང་གང་གཏོར།།
སེམས་པ་བཟི་བ་ཨེ་ཚོར་རམ།།

ཁ་བའི་འདབ་མ་དམར་བོ་ཞིག།
རྡོ་བའི་གཏིང་ལ་འཐིམ་ལ་ཉེ།།
རླུང་པོ་རླུང་པོ་མ་གཡུག་དང་།།
བརྩེ་བའི་ཁ་ཐུམ་ད་རེས་རྒྱག།

མི་ཡིས་མི་ལ་ལག་འཇུ་བྱེད།།
འཛུམ་དང་འཛུམ་ལ་མེ་ཏོག་གད།།
ལས་ཀྱི་གྲུ་གཟིངས་ཤར་ལ་བསྐྱོད།།
མཚོ་ཡི་པང་ནས་ང་ཅག་སྐྱིད།

ཤོག་བུའི་གནམ་གྲུ་དེ་ཡི་ནང་།།
རྨི་ལམ་ཁུར་བའི་ཨ་ཇོ་དེ།།
རི་དང་ཆུ་ལ་འགྲུལ་བཞུད་བྱེད།།
ང་ཡང་ཅིས་ཀྱང་མ་སྐྱུར་རོགས།།

 

             ང་ཡི་སྟོན་པ་དྲན་སྟངས་ཤིག

དབུ་ན་འོད་གོར་འཁྱུག་འཁྱུག་བྱེད།།
ཆོས་གོས་སྟེང་ནས་ཆོས་ཕུང་བཞུར།།
མུན་པའི་ཁ་ལ་རྡོག་པས་གཅོད།།
ཉི་ཟླ་མག་མོག་ཉིད་དུ་གཏོང་།།

འཁོར་བའི་གདོང་ལ་རྐང་རྗེས་བཞག།
ཤུལ་དུ་མེ་ཏོག་དགོད་ཙམ་བྱེད།།
སོ་སྐྱེས་ཟེེར་བས་ཧད་དེ་ཅེར།།
འོད་ཟེར་འགམ་པ་ད་རེས་ཡིན།།

འཇིག་རྟེན་ཚངས་བ་སྒུར་ཙམ་བྱེད།།
མུ་སྟེགས་སྟོན་པ་ཞུམ་ཙམ་བྱེད།།
ལྷས་སྦྱིན་ཁྲོས་ཀྱང་ཅང་མི་ཟེར།།
མཚོན་ལན་མེ་ཏོག་ག་ཙམ་གཏོར།།

ང་ཡི་སྟོན་པ་ཨེ་མཚར་རམ།།
ཤེས་རབ་ཁ་ལ་སྤུ་གྲི་ཐོགས།།
སྙིང་རྗེའི་དབང་གིས་ཚེར་མ་འཐུ།།
མིག་ཆུའི་ནང་གི་མགྲོན་པོ་བསྐྱབས།།

ཞེ་སྡང་རླུང་པོས་སྒུལ་མི་སྲིད།།
གཏི་མུག་ནང་དུ་གཟིམ་མི་སྲིད།།
འདོད་པའི་ཆུ་ཡིས་འཁུར་མི་སྲིད།།
སྟོང་ཉིད་རྒྱབ་རི་བརྟན་ཞིང་བརླིང་།།

ཐང་རིང་དེ་ཡི་སྤུ་ཉག་མཐོང་།།
དེ་ལ་ཅི་ཡང་མཚར་མི་མེད།།
བདེན་བཞི་རྟོགས་པ་ཅི་འདྲ་རེད།།
རྟོག་པའི་འོད་དེ་གང་འདྲ་རེད།།

རྩྭ་རྩིའི་ཟིལ་བ་འཐོར་གྲབས་བྱེད།།
སྐྱེ་དངོས་དག་གིས་མགོ་བོ་དུལ།།
རི་དྭགས་ཚོགས་ཀྱང་གམ་དུ་འཁོར།།
འདི་འདྲའི་སྟོན་པ་ཨེ་མཐོང་ངམ།།

 

དད་པའི་ནང་ན་སྟོན་པ་བཞུགས།།
འོད་ཀྱི་ལམ་བུ་རྒྱང་ལ་འཐེན།།
ཐར་བ་ཟེར་བ་དེ་ན་ཡོད།།
དག་ཞིང་ཟེར་ན་དེ་ན་ཡོད།།

 

               མི་ལ་རས་པ་དྲན་སྟངས།

ཕྱི་སྒོམ་ཐག་གིས་ཀུན་སྤྱོད་བསྡམས་ཤིང་།།
ནང་ཉམས་རྟོགས་ཀྱིས་སྣང་སྲིད་གཟིགས་པའི།།
དོན་ཆོས་ཉིད་ཀྱི་རྟ་བདུན་འདྲུད་པའི།།
སེམས་རྟོག་བྲལ་གྱི་བླ་མ་དྲན་ནོ།།

རྒྱུ་ཉོན་སྒྲིབ་ཀྱི་རས་ཡུག་ཕྱེས་ཤིང་།།
བློ་ཤེས་སྒྲིབ་ཀྱི་སྤྲིན་པ་ཡལ་བའི།།
བྲག་རྟ་སོ་ཡི་སྒོམ་ཆེན་གཅེར་བུ།།
དོན་སྟོང་ཉིད་ཀྱི་རྒྱལ་བོ་དྲན་ནོ།།

ཕྱི་ལྟོ་གོས་ཀྱི་ཞེན་པ་བཅད་ནས།།
ནང་གདམས་ངག་གི་རྒྱག་བྲོ་མངར་བ།།
ཕ་རྒོད་པོ་སྟེ་སྒྲ་བསྒྱུར་སྨྲ་བའི།།
བུ་རྟུལ་ཕོད་ཀྱི་བྱ་བཏང་དྲན་ནོ།

ཐུགས་འཛིན་བྲལ་གྱི་བྱ་ལམ་ཡངས་བོར།།
རྫུན་ཀུན་རྫོབ་ཀྱི་བཀག་རྡོ་དབེན་ཞིང་།།
དོན་བདེན་པ་ཡི་ཉི་ཟླ་འཚེར་བའི།།
གངས་ཏི་སེ་ཡི་རྟོགས་ལྡན་དྲན་ནོ།།

ཟས་ཏིང་འཛིན་གྱི་སྔོ་ལྡུམ་གསོལ་ཞིང་།།
ལུས་འབྱུང་བཞི་ཡི་མལ་དུ་གཟིམས་པའི།།
སེམས་བརྗོད་འདས་ཀྱི་བདེ་བར་རོལ་བའི།།
སྡེ་གོང་ཐང་གི་རི་ཁྲོད་དྲན་ནོ།།

             དེ་འདྲ་མ་རེད་ལགས།

རིག་པའི་མེ་ཞགས་ལ་གསོན་ཤུགས་རྒྱས་ཏེ།།
གཞུང་ལུགས་རབ་འབྱམས་ཀྱི་ཡིག་ཚོགས་ཉུལ་བ།།
ཕྱི་རབས་ང་ཅག་གི་འགན་ཁྲི་འདི་འདྲ།།
བོང་རྒན་སྐྱ་ལི་ཚོས་ཐེག་ཚོད་མ་རེད།།

ཁ་བའི་བདེ་སྡུག་གི་ནགས་ཀླུང་བརྒལ་ནས།།
ཞི་བདེའི་ཁུ་བྱུག་གི་གསུང་སྐད་བསུས་ཏེ།།
འཛམ་གླིང་ཡུལ་གྲུ་ལ་བསྒྲགས་གཏམ་སྤེལ་བ།།
ཤེས་མེད་ཁྭ་ཏ་ཚོས་ནུས་ཚོད་མ་རེད།།

ཚོར་བའི་རྟ་རྒོད་ལ་གཤོག་པ་བཙུགས་ནས།།
དངོས་པོའི་ཆོས་ཉིད་ཀྱི་གཡོ་སྐྱོམ་རེ་རེ།།
གངས་ཅན་མཐའ་བཞི་ལ་སུག་བྲིས་ཕབ་པ།།
ཀླད་མེད་གླང་རྫི་ཚོས་ཐུབ་ཚོད་མ་རེད།།

བདེན་པའི་རང་གཟུགས་ལ་ཨ་ཡིག་གསལ་ཏེ།།
བྱིན་རླབས་འོད་དཀར་ཀྱིས་མཁའ་དབྱིངས་ཁྱབ་སྟེ།།
མུན་ནག་འཇིག་རྟེན་ལ་ལམ་སྟོན་མཛད་པ།།
ཅོལ་ཆུང་གཡམ་རྒྱུགས་ཚོས་ནུས་ཚོད་མ་རེད།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏེར་སྣང་བྱེད་ཀྱི་སྙན་ངག་ཚན་པ་ལྔ།

2015-03-21 གཏེར་སྣང་བྱེད། ཀློག་གྲངས། མཆན ཡོད།

              གྲིབ་མ་ཁེར་རྐྱང་།

ང་ཡི་ཁང་པའི་ནང་།།
རྨ་བྱ་ག་ཙམ་བསྐུངས།།
གསང་བ་ཅི་ཙམ་གདའ།།
རྨི་ལམ་འོག་ཏུ་སྦས།།

སྙིང་རྗེ་དབང་གིས་ནི།།
སྤྲིན་ལ་ལག་པས་བྱིལ།།
ཆར་ཆུ་མང་ཙམ་གྱིས།།
སེམས་ལ་བྱབ་ཁྲུས་བྱེད།།

འཇའ་ཚོན་བུ་མོ་ཡིས།།
མཚོ་ལ་འོ་ཞིག་བྱེད།།
ལམ་གྱི་ཟམ་ཆེན་སྟེང་།།
གྲིབ་མ་ཁེར་རྐྱང་མཐོང་།།

ཁ་བ་དམར་པོ་བབས།།
སྐེ་དཀྲིས་གློ་དམར་ཅན།།
དལ་མོར་འཇབ་བྱས་ཏེ།།
སེམས་ཀྱི་གོང་ཁར་བཞུགས།།

གློག་འོད་དཀར་དམར་ཁྲོད།།
ལག་པ་སེམས་པ་གཉིས།།
གསལ་ལ་མི་གསལ་ངང་།།
ག་ལེར་རྒྱང་དུ་ཡལ།།

སེམས་པ་བློང་ཞིང་བློང་།།
ནུབ་ཁའི་ཟླ་བ་བལྟས།།
སྐར་མའི་ཡོལ་བ་བྱས།།
རྡོག་ལམ་གཅིག་པུ་མཐོང་།།

 

             ཤོག་བྱ།

ཤེལ་ཕོར་ནང་དུ་ཟླ་བ་གསལ།།
ཚེ་རིང་རྒྱ་མཚོ་ལག་པ་ཟེད།།
རྨི་ལམ་མེ་ཏོག་པང་གང་གཏོར།།
སེམས་པ་བཟི་བ་ཨེ་ཚོར་རམ།།

ཁ་བའི་འདབ་མ་དམར་བོ་ཞིག།
རྡོ་བའི་གཏིང་ལ་འཐིམ་ལ་ཉེ།།
རླུང་པོ་རླུང་པོ་མ་གཡུག་དང་།།
བརྩེ་བའི་ཁ་ཐུམ་ད་རེས་རྒྱག།

མི་ཡིས་མི་ལ་ལག་འཇུ་བྱེད།།
འཛུམ་དང་འཛུམ་ལ་མེ་ཏོག་གད།།
ལས་ཀྱི་གྲུ་གཟིངས་ཤར་ལ་བསྐྱོད།།
མཚོ་ཡི་པང་ནས་ང་ཅག་སྐྱིད།

ཤོག་བུའི་གནམ་གྲུ་དེ་ཡི་ནང་།།
རྨི་ལམ་ཁུར་བའི་ཨ་ཇོ་དེ།།
རི་དང་ཆུ་ལ་འགྲུལ་བཞུད་བྱེད།།
ང་ཡང་ཅིས་ཀྱང་མ་སྐྱུར་རོགས།།

 

             ང་ཡི་སྟོན་པ་དྲན་སྟངས་ཤིག

དབུ་ན་འོད་གོར་འཁྱུག་འཁྱུག་བྱེད།།
ཆོས་གོས་སྟེང་ནས་ཆོས་ཕུང་བཞུར།།
མུན་པའི་ཁ་ལ་རྡོག་པས་གཅོད།།
ཉི་ཟླ་མག་མོག་ཉིད་དུ་གཏོང་།།

འཁོར་བའི་གདོང་ལ་རྐང་རྗེས་བཞག།
ཤུལ་དུ་མེ་ཏོག་དགོད་ཙམ་བྱེད།།
སོ་སྐྱེས་ཟེེར་བས་ཧད་དེ་ཅེར།།
འོད་ཟེར་འགམ་པ་ད་རེས་ཡིན།།

འཇིག་རྟེན་ཚངས་བ་སྒུར་ཙམ་བྱེད།།
མུ་སྟེགས་སྟོན་པ་ཞུམ་ཙམ་བྱེད།།
ལྷས་སྦྱིན་ཁྲོས་ཀྱང་ཅང་མི་ཟེར།།
མཚོན་ལན་མེ་ཏོག་ག་ཙམ་གཏོར།།

ང་ཡི་སྟོན་པ་ཨེ་མཚར་རམ།།
ཤེས་རབ་ཁ་ལ་སྤུ་གྲི་ཐོགས།།
སྙིང་རྗེའི་དབང་གིས་ཚེར་མ་འཐུ།།
མིག་ཆུའི་ནང་གི་མགྲོན་པོ་བསྐྱབས།།

ཞེ་སྡང་རླུང་པོས་སྒུལ་མི་སྲིད།།
གཏི་མུག་ནང་དུ་གཟིམ་མི་སྲིད།།
འདོད་པའི་ཆུ་ཡིས་འཁུར་མི་སྲིད།།
སྟོང་ཉིད་རྒྱབ་རི་བརྟན་ཞིང་བརླིང་།།

ཐང་རིང་དེ་ཡི་སྤུ་ཉག་མཐོང་།།
དེ་ལ་ཅི་ཡང་མཚར་མི་མེད།།
བདེན་བཞི་རྟོགས་པ་ཅི་འདྲ་རེད།།
རྟོག་པའི་འོད་དེ་གང་འདྲ་རེད།།

རྩྭ་རྩིའི་ཟིལ་བ་འཐོར་གྲབས་བྱེད།།
སྐྱེ་དངོས་དག་གིས་མགོ་བོ་དུལ།།
རི་དྭགས་ཚོགས་ཀྱང་གམ་དུ་འཁོར།།
འདི་འདྲའི་སྟོན་པ་ཨེ་མཐོང་ངམ།།

 

དད་པའི་ནང་ན་སྟོན་པ་བཞུགས།།
འོད་ཀྱི་ལམ་བུ་རྒྱང་ལ་འཐེན།།
ཐར་བ་ཟེར་བ་དེ་ན་ཡོད།།
དག་ཞིང་ཟེར་ན་དེ་ན་ཡོད།།

 

               མི་ལ་རས་པ་དྲན་སྟངས།

ཕྱི་སྒོམ་ཐག་གིས་ཀུན་སྤྱོད་བསྡམས་ཤིང་།།
ནང་ཉམས་རྟོགས་ཀྱིས་སྣང་སྲིད་གཟིགས་པའི།།
དོན་ཆོས་ཉིད་ཀྱི་རྟ་བདུན་འདྲུད་པའི།།
སེམས་རྟོག་བྲལ་གྱི་བླ་མ་དྲན་ནོ།།

རྒྱུ་ཉོན་སྒྲིབ་ཀྱི་རས་ཡུག་ཕྱེས་ཤིང་།།
བློ་ཤེས་སྒྲིབ་ཀྱི་སྤྲིན་པ་ཡལ་བའི།།
བྲག་རྟ་སོ་ཡི་སྒོམ་ཆེན་གཅེར་བུ།།
དོན་སྟོང་ཉིད་ཀྱི་རྒྱལ་བོ་དྲན་ནོ།།

ཕྱི་ལྟོ་གོས་ཀྱི་ཞེན་པ་བཅད་ནས།།
ནང་གདམས་ངག་གི་རྒྱག་བྲོ་མངར་བ།།
ཕ་རྒོད་པོ་སྟེ་སྒྲ་བསྒྱུར་སྨྲ་བའི།།
བུ་རྟུལ་ཕོད་ཀྱི་བྱ་བཏང་དྲན་ནོ།

ཐུགས་འཛིན་བྲལ་གྱི་བྱ་ལམ་ཡངས་བོར།།
རྫུན་ཀུན་རྫོབ་ཀྱི་བཀག་རྡོ་དབེན་ཞིང་།།
དོན་བདེན་པ་ཡི་ཉི་ཟླ་འཚེར་བའི།།
གངས་ཏི་སེ་ཡི་རྟོགས་ལྡན་དྲན་ནོ།།

ཟས་ཏིང་འཛིན་གྱི་སྔོ་ལྡུམ་གསོལ་ཞིང་།།
ལུས་འབྱུང་བཞི་ཡི་མལ་དུ་གཟིམས་པའི།།
སེམས་བརྗོད་འདས་ཀྱི་བདེ་བར་རོལ་བའི།།
སྡེ་གོང་ཐང་གི་རི་ཁྲོད་དྲན་ནོ།།

             དེ་འདྲ་མ་རེད་ལགས།

རིག་པའི་མེ་ཞགས་ལ་གསོན་ཤུགས་རྒྱས་ཏེ།།
གཞུང་ལུགས་རབ་འབྱམས་ཀྱི་ཡིག་ཚོགས་ཉུལ་བ།།
ཕྱི་རབས་ང་ཅག་གི་འགན་ཁྲི་འདི་འདྲ།།
བོང་རྒན་སྐྱ་ལི་ཚོས་ཐེག་ཚོད་མ་རེད།།

ཁ་བའི་བདེ་སྡུག་གི་ནགས་ཀླུང་བརྒལ་ནས།།
ཞི་བདེའི་ཁུ་བྱུག་གི་གསུང་སྐད་བསུས་ཏེ།།
འཛམ་གླིང་ཡུལ་གྲུ་ལ་བསྒྲགས་གཏམ་སྤེལ་བ།།
ཤེས་མེད་ཁྭ་ཏ་ཚོས་ནུས་ཚོད་མ་རེད།།

ཚོར་བའི་རྟ་རྒོད་ལ་གཤོག་པ་བཙུགས་ནས།།
དངོས་པོའི་ཆོས་ཉིད་ཀྱི་གཡོ་སྐྱོམ་རེ་རེ།།
གངས་ཅན་མཐའ་བཞི་ལ་སུག་བྲིས་ཕབ་པ།།
ཀླད་མེད་གླང་རྫི་ཚོས་ཐུབ་ཚོད་མ་རེད།།

བདེན་པའི་རང་གཟུགས་ལ་ཨ་ཡིག་གསལ་ཏེ།།
བྱིན་རླབས་འོད་དཀར་ཀྱིས་མཁའ་དབྱིངས་ཁྱབ་སྟེ།།
མུན་ནག་འཇིག་རྟེན་ལ་ལམ་སྟོན་མཛད་པ།།
ཅོལ་ཆུང་གཡམ་རྒྱུགས་ཚོས་ནུས་ཚོད་མ་རེད།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།