སེམས་ཉིད་གླེང་བའི་ཆིག་ལབ།

རྫས་ལུང་ཚེ་དར།༼ ཀླུ་ཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-30


དབང་ལྔས་གཅེས་ཤིང་བཀུར་བའི་ངན་གོམས་འདིས།།
དབང་ཆེན་སེམས་ཀྱི་རྒྱལ་མོར་རྔམ་སེམས་རྒོད།།
དབང་ལུང་ཆོས་ཀྱིས་མི་ཐུལ་སེམས་ཁམས་འདིས།།
དབང་མེད་ཉེས་སྐྱོན་བསགས་པ་རྩིས་མི་ཚར།།

དོན་ཆེན་གཙིག་ཏུ་བཀུར་བའི་སྙིང་སྟོབས་དང་།།
རླབས་ཆེན་འཕྲིན་ལས་སྒྲུབ་པའི་རུས་ཞེན་དག།
སེམས་ཀྱི་གཏོང་ཕོད་ཆེན་པོས་གནང་གྱུར་བས།།
དཀའ་སྡུག་ལས་ཀུན་གདོང་གིས་བསུ་བར་སྤོབས།།

ལུས་ཟུངས་ཟད་ཀྱང་སྤྱི་དོན་ཁུར་དུ་བཞེས།།
སྤྱི་ནས་གསོས་ཀྱང་རང་དོན་ཁེ་ཕན་གཉེར།།
མི་མཐུན་ལས་ཀྱི་ཉིན་སྲིབ་དཀར་ནག་འདི།།
སེམས་ཀྱིས་སྐྱེད་པའི་ས་བོན་རྡོག་པོ་ཉིད།།

སྣ་ཚོགས་མཆོད་པའི་རྫས་མཆོག་ཀུན་བཤམས་ཤིང་།།
ཡར་འཇོག་བཀུར་བསྟིའི་མགོ་བོ་སྒུར་ན་ཡང་།།
གང་ཞིག་སེམས་ཀྱི་སྣོད་ཆེན་མ་གང་བས།།
ཞེ་སྡང་དྲག་པོའི་སྦྱོར་བ་རྩོམ་ཞིང་འོང་།།

འཇིག་ཉེན་དངངས་འཚབ་དྲག་པོའི་འོ་དོད་ཀྱིས།།
སྐྱབས་འཇུག་གསོལ་འདེབས་མང་པོ་སྒྲོན་ན་ཡང་།།
གང་ཞིག་སེམས་ཀྱི་དམག་ཆེན་མ་སྒུལ་ན།།
སྐྱོབ་པའི་དུས་ཞིག་ནམ་ཡང་ཡོད་རེ་སྐན།།

སྒྲིག་ཁྲིམས་བཀའ་ལུང་བཙན་པོ་བསྒྲགས་པ་དང་།།
ཉམས་རྒུད་ཁྲག་རྩ་དམར་པོ་སྐམ་ན་ཡང་།།
གང་ཞིག་ལྷག་བསམ་དྭངས་མོ་སྐེམ་གྱུར་བས།།
མཉམ་རུབ་གསེར་གྱི་དཔུང་རྡང་རིང་དུ་ཆད།།

སྐབས་རེར་ལྷ་ཆོས་ཟེར་ཞིང་ཕྱག་གིས་མཆོད།
ལན་རེར་གདོན་བགེགས་རེད་ཅེས་མེ་ལ་སྒྲོན།།
གང་ཞིག་སེམས་ཀྱི་རི་རྒྱལ་མ་བརྟན་ན།།
མི་རྟག་ལུས་ཀྱི་ཁ་མདོག་དེ་ལྟར་བརྗེ།།

ལུས་འདི་མེ་ཕུང་དམར་པོས་བསྲེག་ན་ཡང་།།
སེམས་ཁོང་འཁྱག་པའི་གྲང་འདར་ལྷབ་ལྷབ་རྒྱག།།
ལུས་འདི་ངལ་ཞིང་དུབ་པའི་ཟུངས་ཟད་ཀྱང་།།
སེམས་ཀྱི་དཔལ་འབར་འོད་དུ་སྒྲོན་པའང་ཡོད།།


མདོར་ན་བདེ་སྡུག་ལེགས་ཉེས་གང་འབྱུང་བ།།
རང་གི་སེམས་ངོགས་དྲོན་མོའི་དྭངས་འཐིབ་ལགས།།
སེམས་ཀྱི་དབང་ཆེན་རྒྱལ་མོའི་བཀའ་ལུང་གིས།།
སྲིད་པའི་ཁམས་འདི་གནམ་ས་བླ་འོག་བརྗེ།།

གསར་བསྒྱུར་དུས་རབས་འདི་ཡི་གོང་ཁ་ནས།།
རང་རིགས་ཉམས་ཤིང་ཕོངས་པའི་སྐྱོ་གར་འདིར།།
སྤུན་ཟླའི་ལུས་སེམས་གཅིག་ཏུ་མཐུན་རྒྱུ་ན།།
མི་ཐུབ་དུས་ཀྱི་དགྲ་བོ་འདུལ་བ་སླ།།

སྙིང་སྟོབས་གསོན་པོའི་ལྗང་ལོ་ལྡེམ་ཡག་ལ།།
སྒྱིད་ལུག་བ་མོས་གཙེས་ཤིང་གཙེས་གྱུར་བས།།
དོན་ལྡན་ལས་ཀྱི་སོ་ཁ་ཤོར་ཚར་ན།།
རྒས་མེད་སེམས་ཀྱི་ལྷ་ལ་བདག་ཕྱག་འཚལ།།     

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཉིད་གླེང་བའི་ཆིག་ལབ།

2015-03-30 རྫས་ལུང་ཚེ་དར།༼ ཀླུ་ཆུ ༽ ཀློག་གྲངས། མཆན ཡོད།


དབང་ལྔས་གཅེས་ཤིང་བཀུར་བའི་ངན་གོམས་འདིས།།
དབང་ཆེན་སེམས་ཀྱི་རྒྱལ་མོར་རྔམ་སེམས་རྒོད།།
དབང་ལུང་ཆོས་ཀྱིས་མི་ཐུལ་སེམས་ཁམས་འདིས།།
དབང་མེད་ཉེས་སྐྱོན་བསགས་པ་རྩིས་མི་ཚར།།

དོན་ཆེན་གཙིག་ཏུ་བཀུར་བའི་སྙིང་སྟོབས་དང་།།
རླབས་ཆེན་འཕྲིན་ལས་སྒྲུབ་པའི་རུས་ཞེན་དག།
སེམས་ཀྱི་གཏོང་ཕོད་ཆེན་པོས་གནང་གྱུར་བས།།
དཀའ་སྡུག་ལས་ཀུན་གདོང་གིས་བསུ་བར་སྤོབས།།

ལུས་ཟུངས་ཟད་ཀྱང་སྤྱི་དོན་ཁུར་དུ་བཞེས།།
སྤྱི་ནས་གསོས་ཀྱང་རང་དོན་ཁེ་ཕན་གཉེར།།
མི་མཐུན་ལས་ཀྱི་ཉིན་སྲིབ་དཀར་ནག་འདི།།
སེམས་ཀྱིས་སྐྱེད་པའི་ས་བོན་རྡོག་པོ་ཉིད།།

སྣ་ཚོགས་མཆོད་པའི་རྫས་མཆོག་ཀུན་བཤམས་ཤིང་།།
ཡར་འཇོག་བཀུར་བསྟིའི་མགོ་བོ་སྒུར་ན་ཡང་།།
གང་ཞིག་སེམས་ཀྱི་སྣོད་ཆེན་མ་གང་བས།།
ཞེ་སྡང་དྲག་པོའི་སྦྱོར་བ་རྩོམ་ཞིང་འོང་།།

འཇིག་ཉེན་དངངས་འཚབ་དྲག་པོའི་འོ་དོད་ཀྱིས།།
སྐྱབས་འཇུག་གསོལ་འདེབས་མང་པོ་སྒྲོན་ན་ཡང་།།
གང་ཞིག་སེམས་ཀྱི་དམག་ཆེན་མ་སྒུལ་ན།།
སྐྱོབ་པའི་དུས་ཞིག་ནམ་ཡང་ཡོད་རེ་སྐན།།

སྒྲིག་ཁྲིམས་བཀའ་ལུང་བཙན་པོ་བསྒྲགས་པ་དང་།།
ཉམས་རྒུད་ཁྲག་རྩ་དམར་པོ་སྐམ་ན་ཡང་།།
གང་ཞིག་ལྷག་བསམ་དྭངས་མོ་སྐེམ་གྱུར་བས།།
མཉམ་རུབ་གསེར་གྱི་དཔུང་རྡང་རིང་དུ་ཆད།།

སྐབས་རེར་ལྷ་ཆོས་ཟེར་ཞིང་ཕྱག་གིས་མཆོད།
ལན་རེར་གདོན་བགེགས་རེད་ཅེས་མེ་ལ་སྒྲོན།།
གང་ཞིག་སེམས་ཀྱི་རི་རྒྱལ་མ་བརྟན་ན།།
མི་རྟག་ལུས་ཀྱི་ཁ་མདོག་དེ་ལྟར་བརྗེ།།

ལུས་འདི་མེ་ཕུང་དམར་པོས་བསྲེག་ན་ཡང་།།
སེམས་ཁོང་འཁྱག་པའི་གྲང་འདར་ལྷབ་ལྷབ་རྒྱག།།
ལུས་འདི་ངལ་ཞིང་དུབ་པའི་ཟུངས་ཟད་ཀྱང་།།
སེམས་ཀྱི་དཔལ་འབར་འོད་དུ་སྒྲོན་པའང་ཡོད།།


མདོར་ན་བདེ་སྡུག་ལེགས་ཉེས་གང་འབྱུང་བ།།
རང་གི་སེམས་ངོགས་དྲོན་མོའི་དྭངས་འཐིབ་ལགས།།
སེམས་ཀྱི་དབང་ཆེན་རྒྱལ་མོའི་བཀའ་ལུང་གིས།།
སྲིད་པའི་ཁམས་འདི་གནམ་ས་བླ་འོག་བརྗེ།།

གསར་བསྒྱུར་དུས་རབས་འདི་ཡི་གོང་ཁ་ནས།།
རང་རིགས་ཉམས་ཤིང་ཕོངས་པའི་སྐྱོ་གར་འདིར།།
སྤུན་ཟླའི་ལུས་སེམས་གཅིག་ཏུ་མཐུན་རྒྱུ་ན།།
མི་ཐུབ་དུས་ཀྱི་དགྲ་བོ་འདུལ་བ་སླ།།

སྙིང་སྟོབས་གསོན་པོའི་ལྗང་ལོ་ལྡེམ་ཡག་ལ།།
སྒྱིད་ལུག་བ་མོས་གཙེས་ཤིང་གཙེས་གྱུར་བས།།
དོན་ལྡན་ལས་ཀྱི་སོ་ཁ་ཤོར་ཚར་ན།།
རྒས་མེད་སེམས་ཀྱི་ལྷ་ལ་བདག་ཕྱག་འཚལ།།     

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།