སེམས་ལ་ལྷུང་བའི་སྐར་མ།
ཚོར་བའི་རྩིབ་ལོགས་སུ།།
མུན་པའི་ཁ་ནང་དུ།།
མེ་ཏོག་གློ་ཁ་བཞད།།
རླུང་པོ་བསམ་ནག་རེད།།
འདབ་མ་སྒུལ་སྒུལ་བྱེད།།
འཇིག་རྟེན་དགོད་སྤྲོ་རེད།
སྣང་བ་ཆུ་ལ་འཕོ།།
གྱང་ངོར་རི་མོ་བྲིས།།
སེམས་ལ་མ་བྲིས་ཀྱང་།།
སྨྱུག་ཆུང་ཁ་ནས་འཐོར།།
མི་ནི་ཨ་རེ་མཚར།།
གནམ་སྔོན་མི་དབང་ཡང་།།
དེ་ལ་རེ་བ་རྒྱག།
དེ་ལ་དུང་བ་བྱེད།།
སྤྲིན་པ་ཁོང་དགོད་བྱེད།།
བྱ་བྱིའུ་ཞོར་ལ་འཕུར།།
སྣང་བ་ཁྲ་ཁྲ་འདིས།།
ཟླ་བ་ཟ་བར་འདོད།།
མཚོ་ནང་ཤར་བ་ཡང་།།
ལག་པས་ཨེ་ཐུག་བལྟས།།
རྨི་ལམ་དབང་གིས་ནི།།
རི་ཡི་རྩེ་ལ་འགྲོ།།
དེ་ལ་ལབ་ཙེ་བསྟོད།།
མཚོ་ཡི་མཐའ་ལ་འགྲོ།།
བྱེ་མའི་མཁར་ཡང་བཞེངས།།
དོ་ཞག་ནམ་མཁའ་གསལ།
སྐར་མ་ཁྲི་མ་འབུམ།།
ལྷ་ཆེན་གདོང་བཞི་ཡི།།
མཐུ་ལས་བྱུང་ངམ་ཅི།།
འོན་ཀྱང་སྐར་མ་གཅིག།
ཁང་བའི་སྒོ་ཁར་ལྷུང་།།
འོད་ཅིག་འཕྲོས་པ་ཚོར།།
ཡིན་ཡང་ང་རང་ལ།།
བབས་ཁུར་ཅི་ཞིག་ཡོད།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།