ཚངས་དབྱངས་རྒྱ་མཚོའི་གཟན་སྣེ་འགུལ་བ།


རི་བོའི་རྩེ་ཡི་དཀར་གསལ་ཟླ་བར་བལྟས།།
མ་སྐྱེས་ཨ་མ་དེ་ནས་མངོན་ལགས་སམ།།
ཡིད་ལ་འཁོར་བའི་ཆུང་འདྲེས་ག་ཙམ་གྱིས།།
སྣང་བའི་མཁའ་ན་ཟུར་མིག་གང་འདྲ་འཕེན།།

གཟན་སྣེ་རླུང་གིས་སྒུལ་བ་ད་རེས་ཙམ།།
རང་སེམས་སོང་བའི་ཨ་ཅ་དེ་ཉིད་ནི།།
རྒྱ་མཚོའི་ནང་གི་ནོར་བུ་ཀུན་འབྱུང་ངོ་།།
ཚོར་བའི་གམ་ལ་ལོན་པའི་སྙིང་ཐུབ་བོ།།

མི་ཆེན་དཔོན་པོའི་སྲས་མོ་ཧད་དེ་བལྟས །
ཁ་འབྲས་མཚར་བའི་གཡོན་མ་སེམས་ཤོར་ཏེ།།
གཏན་གྱི་འདུན་མར་ལེན་པར་འདོད་མོད་ཀྱང་།།
ལས་དབང་བཙན་པོས་གཟན་སྣེ་རི་ལ་ཁུར།།

བྱམས་པའི་ལས་འཕྲོ་ཟད་པར་མ་སྐྱོ་ཞེས།།
སེམས་ཀྱི་རྩ་རྩིབ་དེ་ནས་ཁེར་ལབ་རྒྱག།
ཕྱིར་མིག་མེད་པའི་བྱམས་པ་རབ་དྲན་ནས།།
རྟིང་མ་བྱིས་པའི་ལོ་ལ་དམ་བཅའ་བཞག།

བྲིས་པའི་ཡིག་ཆུང་རང་གི་རྟོག་ངོར་གསལ།།
མ་བྲིས་རི་མོ་ལས་ཀྱི་མཁའ་རུ་ཤར།།
གསུབ་ཐབས་མེད་པའི་བརྩེ་བའི་མེ་ཏོག་དེ།།
ཚངས་དབྱངས་གྲྭ་བའི་རས་གཟན་ཁུད་དུ་ལུས།།

ཁྲེལ་གཞུང་མེད་པའི་ཁྲུང་ཁྲུང་དཀར་མོ་ཡིས།།
གཤོག་པ་ང་ལ་མ་གཡར་བསྐྱུར་ན་ཡང་།།
ཚོར་བའི་རྟ་རྒོད་འདི་ལ་མཐུར་མེད་པས།།
བྱམས་པའི་རྩིབ་ལ་སྐད་ཅིག་སྐད་ཅིག་འགྲོ།།

སྒོམ་པའི་བླ་མ་མི་དྲན་བྱམས་པ་དྲན།།
བྱམས་པའི་ལུས་དྲི་ཞིམ་པོ་ཡང་ཡང་དྲན།།
སེམས་པ་འདི་ལ་འཁོར་འཁོར་སུ་ལ་འཁོར།།
འཁོར་བའི་རྐང་རྗེས་ལ་མོའི་ཕར་ལ་དཔར།།

བུ་མོའི་ཐུགས་དང་འགལ་བར་དོགས་པ་ལངས།།
ཚེ་འདིའི་ཆོས་སྐལ་ཆད་བར་སེམས་ཁྲལ་བྱས།།
དབེན་པ་དབེན་པ་ཞེས་པའི་ས་མཐའ་ཞིག།
འགྲིམ་དང་མི་འགྲིམ་ད་དུང་སོམ་ཉི་ཞིག།

སོ་དཀར་པགས་པའི་མཛེས་པ་བརྗེད་མི་བྲ།།
ཟུར་མིག་རྣོན་པོའི་སྒྲིལ་མཚམས་ཡལ་མི་བྲ།།
གྲྭ་གཞོན་ཡིད་ཀྱི་ཁ་དོག་ཅི་ཙམ་གྱིས།།
རྨི་ལམ་བརྒྱ་སྟོང་མང་བོ་ཚིག་ལ་བརྒྱུས།། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚངས་དབྱངས་རྒྱ་མཚོའི་གཟན་སྣེ་འགུལ་བ།

2015-04-22 གཏེར་སྣང་བྱེད། ཀློག་གྲངས། མཆན ཡོད།


རི་བོའི་རྩེ་ཡི་དཀར་གསལ་ཟླ་བར་བལྟས།།
མ་སྐྱེས་ཨ་མ་དེ་ནས་མངོན་ལགས་སམ།།
ཡིད་ལ་འཁོར་བའི་ཆུང་འདྲེས་ག་ཙམ་གྱིས།།
སྣང་བའི་མཁའ་ན་ཟུར་མིག་གང་འདྲ་འཕེན།།

གཟན་སྣེ་རླུང་གིས་སྒུལ་བ་ད་རེས་ཙམ།།
རང་སེམས་སོང་བའི་ཨ་ཅ་དེ་ཉིད་ནི།།
རྒྱ་མཚོའི་ནང་གི་ནོར་བུ་ཀུན་འབྱུང་ངོ་།།
ཚོར་བའི་གམ་ལ་ལོན་པའི་སྙིང་ཐུབ་བོ།།

མི་ཆེན་དཔོན་པོའི་སྲས་མོ་ཧད་དེ་བལྟས །
ཁ་འབྲས་མཚར་བའི་གཡོན་མ་སེམས་ཤོར་ཏེ།།
གཏན་གྱི་འདུན་མར་ལེན་པར་འདོད་མོད་ཀྱང་།།
ལས་དབང་བཙན་པོས་གཟན་སྣེ་རི་ལ་ཁུར།།

བྱམས་པའི་ལས་འཕྲོ་ཟད་པར་མ་སྐྱོ་ཞེས།།
སེམས་ཀྱི་རྩ་རྩིབ་དེ་ནས་ཁེར་ལབ་རྒྱག།
ཕྱིར་མིག་མེད་པའི་བྱམས་པ་རབ་དྲན་ནས།།
རྟིང་མ་བྱིས་པའི་ལོ་ལ་དམ་བཅའ་བཞག།

བྲིས་པའི་ཡིག་ཆུང་རང་གི་རྟོག་ངོར་གསལ།།
མ་བྲིས་རི་མོ་ལས་ཀྱི་མཁའ་རུ་ཤར།།
གསུབ་ཐབས་མེད་པའི་བརྩེ་བའི་མེ་ཏོག་དེ།།
ཚངས་དབྱངས་གྲྭ་བའི་རས་གཟན་ཁུད་དུ་ལུས།།

ཁྲེལ་གཞུང་མེད་པའི་ཁྲུང་ཁྲུང་དཀར་མོ་ཡིས།།
གཤོག་པ་ང་ལ་མ་གཡར་བསྐྱུར་ན་ཡང་།།
ཚོར་བའི་རྟ་རྒོད་འདི་ལ་མཐུར་མེད་པས།།
བྱམས་པའི་རྩིབ་ལ་སྐད་ཅིག་སྐད་ཅིག་འགྲོ།།

སྒོམ་པའི་བླ་མ་མི་དྲན་བྱམས་པ་དྲན།།
བྱམས་པའི་ལུས་དྲི་ཞིམ་པོ་ཡང་ཡང་དྲན།།
སེམས་པ་འདི་ལ་འཁོར་འཁོར་སུ་ལ་འཁོར།།
འཁོར་བའི་རྐང་རྗེས་ལ་མོའི་ཕར་ལ་དཔར།།

བུ་མོའི་ཐུགས་དང་འགལ་བར་དོགས་པ་ལངས།།
ཚེ་འདིའི་ཆོས་སྐལ་ཆད་བར་སེམས་ཁྲལ་བྱས།།
དབེན་པ་དབེན་པ་ཞེས་པའི་ས་མཐའ་ཞིག།
འགྲིམ་དང་མི་འགྲིམ་ད་དུང་སོམ་ཉི་ཞིག།

སོ་དཀར་པགས་པའི་མཛེས་པ་བརྗེད་མི་བྲ།།
ཟུར་མིག་རྣོན་པོའི་སྒྲིལ་མཚམས་ཡལ་མི་བྲ།།
གྲྭ་གཞོན་ཡིད་ཀྱི་ཁ་དོག་ཅི་ཙམ་གྱིས།།
རྨི་ལམ་བརྒྱ་སྟོང་མང་བོ་ཚིག་ལ་བརྒྱུས།། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།