ལབ།༼ ཞར་བཀོད་གཉིས་ཡོད ༽


གནམ་ལ་གསེར་སྐས་གཟུག་རྩིས་ཡིན།།
ཉི་མ་ཟླ་བ་བཟའ་རྩིས་ཡིན།།
ཞོར་དུ་གཟའ་ལ་གནོད་རྩིས་ཡིན།།
སྐར་ཚོགས་ཐུ་བར་བཏུ་རྩིས་ཡིན།།
སྤུ་གྲི་གདན་ལ་གདིང་རྩིས་ཡིན།།
བར་སྣང་ཐབ་རྡོ་གཟུག་རྩིས་ཡིན།།
ཆར་བའི་ཇ་ཞིག་བསྐོལ་རྩིས་ཡིན།།
འཇའ་ཡི་གུར་ཞིག་དབུབ་རྩིས་ཡིན།།
ལྷ་ཚོགས་མགྲོན་ལ་འབོད་རྩིས་ཡིན།།
ལྷ་མོར་དགའ་རོགས་བསྒྲིག་རྩིས་ཡིན།།

 

             སྲིད་པར་ལྟུང་བ།

བྱ་ནི་མདའ་མོས་རྒྱུན་པ་ལྟར།།
སྡོམ་གྱི་སྐུད་པ་ཆད་པ་བཞིན།།
གནམ་ནས་སྐར་མདའ་འཕེན་ཚུལ་གྱིས།།
ང་ནི་སྲིད་པའི་གནས་སུ་ལྟུང་།།

ད་ནི་མིག་གཉིས་རིག་རིག་དང་།།
བ་སྤུ་རྣམས་ཀྱང་གཟེངས་གཟེངས་ཀྱིས།།
སྲིད་པར་འཐིམས་པའི་བྱེད་ལས་ལ།།
རམ་འདེགས་བྱེད་ཅིང་རིག་པ་སྒྲིམ།།

དེ་དུས་ལ་ལ་གཉའ་བར་ཞོན།།
དེ་དུས་ལ་ལ་འུབས་ལ་འགོས།
དེ་དུས་ལ་ལ་ལྟོ་བར་འཛུལ།།
སྲིད་པའི་རྐང་འཛིན་ཡིན་ལུགས་བྱས།།

ཉི་མས་གདུང་བའི་ཉིན་དཀར་དང་།།
ཟླ་བས་བསིལ་བའི་མཚན་མོ་ལ།།
ངས་ཀྱང་སྲིད་པ་གདན་ལ་བཏིངས།།
ངས་ཀྱང་སྲིད་པ་གོས་སུ་གྱོན།།

སྲིད་པའི་རྒན་པོ་མགོ་དཀར་དང་།།
སྲིད་པའི་གླུ་བ་སྟོང་བརྒྱ་དང་།།
སྲིད་པའི་ཞང་བཟང་ཚ་མོ་རྣམས།།
ང་ཡི་གྲོགས་དང་དཔུང་ལ་བྱོན།།

སྲིད་པའི་ཉམས་ལེན་རྒྱལ་པོ་ལ།།
སྡོམ་དང་འཛེམ་འཛི་ཉུང་ན་ཡང་།།
སྲིད་པའི་ཁུར་ཆེན་འདེགས་པ་ལ།།
ཐབ་རྡོ་འཛུགས་པར་ཤིན་ཏུ་དཀའ།།

ཅིས་ཀྱང་སྲིད་པར་གནས་དགོས་ན། །
རྟག་བརྟན་ཐེར་དུ་ཟུག་པ་ལ།།
ང་ཡིས་སྲིད་པའི་ཁ་སྐད་སློབ།།
ང་ཡིས་སྲིད་པའི་བརྡ་སྤྲོད་སྦྱང་།།
༢༠༡༤ལོར། མདོ་མེད་པས།

              ངལ་བ།

འུར་ཟིང་བྲག་གི་མངལ་ལ་ལྷུང་།།
བྱ་རྒྱལ་ཐུགས་ལ་མ་གནོད་དམ།།།
ཁབ་སྐུད་འཛིན་པའི་བྱེད་པོ་ཡ།།
ཆུ་ཡི་ཤུར་མོ་མ་བཙེམ་ཀྱེ།།

ས་བཀྲའི་ངོས་ཀྱི་མེ་ཏོག་བཏོག །
ཟོལ་གྱི་རི་མོ་མ་མཚོན་ཅིག །
ཨི་ཁུང་ནང་གི་ཨ་བྲ་ཁོང་།།
སྒོམ་ལ་ཞུགས་ཚུལ་མི་བཤུ་འམ།།

རྟ་ལ་བཀལ་བའི་ཆོས་ཀྱི་ཕུང་།།
རླུང་གིས་ཨེ་ཁུར་སེམས་ཁྲལ་ལྕི།།
རི་སྐྱིབས་རི་བྱིའུ་ཆུང་ཆུང་ཚོ།།
གཤོག་པ་རྡེབ་ཀིན་འདིར་ཕེབས་ཤོག །

གྲོང་པ་དེ་ནི་རྒྱང་ན་མེད།།
ངལ་གསོའི་བསྟི་གནས་དེ་རུ་ཡོད།།
ཆང་གི་ཕབས་ཀྱང་དེ་རུ་ཡོད།།
ལམ་ཁའི་གོམ་པ་རིང་ལེན་དགོས།།

འབུ་ཕྲུག་དེ་ཚོ་མིག་ནང་འགྲོ །
ས་རྡུལ་རྣམས་ནི་སྐྲ་ལོར་བཙུད།།
བུ་གུ་ཟེར་ཡ་མེད་གྱུར་ཚེ།།
བྲག་གི་ཐེམ་ལ་ཉལ་དགོས་ཡོད།།

ཚིག་གི་མདུད་པ་མ་དཀྲོལ་རོགས།།
གསང་བའི་འོབས་ལ་མ་སྐྱུར་རོགས།།
ང་ཡི་ལྷ་ཆེན་གཙུག་ན་ཡོད།།
ང་ཡི་དྲིན་ཆེན་རྒྱབ་ན་ཡོད།།

                ༢༠༡༤ལོར། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལབ།༼ ཞར་བཀོད་གཉིས་ཡོད ༽

2015-04-29 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།


གནམ་ལ་གསེར་སྐས་གཟུག་རྩིས་ཡིན།།
ཉི་མ་ཟླ་བ་བཟའ་རྩིས་ཡིན།།
ཞོར་དུ་གཟའ་ལ་གནོད་རྩིས་ཡིན།།
སྐར་ཚོགས་ཐུ་བར་བཏུ་རྩིས་ཡིན།།
སྤུ་གྲི་གདན་ལ་གདིང་རྩིས་ཡིན།།
བར་སྣང་ཐབ་རྡོ་གཟུག་རྩིས་ཡིན།།
ཆར་བའི་ཇ་ཞིག་བསྐོལ་རྩིས་ཡིན།།
འཇའ་ཡི་གུར་ཞིག་དབུབ་རྩིས་ཡིན།།
ལྷ་ཚོགས་མགྲོན་ལ་འབོད་རྩིས་ཡིན།།
ལྷ་མོར་དགའ་རོགས་བསྒྲིག་རྩིས་ཡིན།།

 

             སྲིད་པར་ལྟུང་བ།

བྱ་ནི་མདའ་མོས་རྒྱུན་པ་ལྟར།།
སྡོམ་གྱི་སྐུད་པ་ཆད་པ་བཞིན།།
གནམ་ནས་སྐར་མདའ་འཕེན་ཚུལ་གྱིས།།
ང་ནི་སྲིད་པའི་གནས་སུ་ལྟུང་།།

ད་ནི་མིག་གཉིས་རིག་རིག་དང་།།
བ་སྤུ་རྣམས་ཀྱང་གཟེངས་གཟེངས་ཀྱིས།།
སྲིད་པར་འཐིམས་པའི་བྱེད་ལས་ལ།།
རམ་འདེགས་བྱེད་ཅིང་རིག་པ་སྒྲིམ།།

དེ་དུས་ལ་ལ་གཉའ་བར་ཞོན།།
དེ་དུས་ལ་ལ་འུབས་ལ་འགོས།
དེ་དུས་ལ་ལ་ལྟོ་བར་འཛུལ།།
སྲིད་པའི་རྐང་འཛིན་ཡིན་ལུགས་བྱས།།

ཉི་མས་གདུང་བའི་ཉིན་དཀར་དང་།།
ཟླ་བས་བསིལ་བའི་མཚན་མོ་ལ།།
ངས་ཀྱང་སྲིད་པ་གདན་ལ་བཏིངས།།
ངས་ཀྱང་སྲིད་པ་གོས་སུ་གྱོན།།

སྲིད་པའི་རྒན་པོ་མགོ་དཀར་དང་།།
སྲིད་པའི་གླུ་བ་སྟོང་བརྒྱ་དང་།།
སྲིད་པའི་ཞང་བཟང་ཚ་མོ་རྣམས།།
ང་ཡི་གྲོགས་དང་དཔུང་ལ་བྱོན།།

སྲིད་པའི་ཉམས་ལེན་རྒྱལ་པོ་ལ།།
སྡོམ་དང་འཛེམ་འཛི་ཉུང་ན་ཡང་།།
སྲིད་པའི་ཁུར་ཆེན་འདེགས་པ་ལ།།
ཐབ་རྡོ་འཛུགས་པར་ཤིན་ཏུ་དཀའ།།

ཅིས་ཀྱང་སྲིད་པར་གནས་དགོས་ན། །
རྟག་བརྟན་ཐེར་དུ་ཟུག་པ་ལ།།
ང་ཡིས་སྲིད་པའི་ཁ་སྐད་སློབ།།
ང་ཡིས་སྲིད་པའི་བརྡ་སྤྲོད་སྦྱང་།།
༢༠༡༤ལོར། མདོ་མེད་པས།

              ངལ་བ།

འུར་ཟིང་བྲག་གི་མངལ་ལ་ལྷུང་།།
བྱ་རྒྱལ་ཐུགས་ལ་མ་གནོད་དམ།།།
ཁབ་སྐུད་འཛིན་པའི་བྱེད་པོ་ཡ།།
ཆུ་ཡི་ཤུར་མོ་མ་བཙེམ་ཀྱེ།།

ས་བཀྲའི་ངོས་ཀྱི་མེ་ཏོག་བཏོག །
ཟོལ་གྱི་རི་མོ་མ་མཚོན་ཅིག །
ཨི་ཁུང་ནང་གི་ཨ་བྲ་ཁོང་།།
སྒོམ་ལ་ཞུགས་ཚུལ་མི་བཤུ་འམ།།

རྟ་ལ་བཀལ་བའི་ཆོས་ཀྱི་ཕུང་།།
རླུང་གིས་ཨེ་ཁུར་སེམས་ཁྲལ་ལྕི།།
རི་སྐྱིབས་རི་བྱིའུ་ཆུང་ཆུང་ཚོ།།
གཤོག་པ་རྡེབ་ཀིན་འདིར་ཕེབས་ཤོག །

གྲོང་པ་དེ་ནི་རྒྱང་ན་མེད།།
ངལ་གསོའི་བསྟི་གནས་དེ་རུ་ཡོད།།
ཆང་གི་ཕབས་ཀྱང་དེ་རུ་ཡོད།།
ལམ་ཁའི་གོམ་པ་རིང་ལེན་དགོས།།

འབུ་ཕྲུག་དེ་ཚོ་མིག་ནང་འགྲོ །
ས་རྡུལ་རྣམས་ནི་སྐྲ་ལོར་བཙུད།།
བུ་གུ་ཟེར་ཡ་མེད་གྱུར་ཚེ།།
བྲག་གི་ཐེམ་ལ་ཉལ་དགོས་ཡོད།།

ཚིག་གི་མདུད་པ་མ་དཀྲོལ་རོགས།།
གསང་བའི་འོབས་ལ་མ་སྐྱུར་རོགས།།
ང་ཡི་ལྷ་ཆེན་གཙུག་ན་ཡོད།།
ང་ཡི་དྲིན་ཆེན་རྒྱབ་ན་ཡོད།།

                ༢༠༡༤ལོར། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།