ཟླ་བའི་སྨྲེ་ངག༼ ཞར་བཀོད་གཅིག་ཡོད ༽


མཚན་མོའི་མགོ་དཀྲིས་བཅིང་བའི་ཐང་གའི་ངོར།།
མུན་པའི་བརྡ་རྟགས་འཆར་བའི་རི་མོའི་གཟུགས།།
ཁ་སང་ཕྲེང་བ་ཐོག་པའི་ཟླ་བ་ཡིས།།
མཐོང་བས་མཆི་མ་ཤམ་ཤམ་འཐོར་ལ་ལྟོས།།

འཁྲི་ཤིང་སོར་རྩེར་བབ་པའི་བྱེའུ་ཆུང་གིས།།
ཟླ་བས་མིག་ཆུ་འབྱིན་པར་མཐོང་བའི་ཚེ།།
གཤོག་པ་གནམ་ལ་རྡེབ་ཙམ་བྱེད་ཞོར་དུ།།
མགྲིན་པའི་དབྱངས་རྟ་ཆུ་མོའི་གཞུང་ལ་བསྐུར།།

ཚེ་ཡི་རི་མོ་རི་ལ་བཏབ་པ་ཡི།།
མེ་ཏོག་འཛུམ་བརྒྱ་འཕྲོགས་པའི་གཞོན་ནུ་མས།།
ཟླ་བས་སྨྲེ་སྔགས་འབྱིན་པར་མ་བཟོད་པར།།
གནམ་གྱི་མཐའ་ལ་འདྲི་རྟགས་གོར་མོ་བཞག།

ས་གཞིའི་གདོང་གི་ཤོག་ངོས་དཀར་པོ་ལ།།
རྐང་རྗེས་ཁྲ་ཁྲ་འགོད་པའི་མི་རྣམས་ཀྱིས།།
རང་གི་སྤྱི་གཙུག་ཟུག་པའི་ཟླ་བ་ཡི།།
གདོང་གི་གསང་བ་འཚོལ་བ་རྒྱང་དུ་བཞག།

ཟླ་བའི་སྨྲེ་སྔགས་འབྱིན་པའི་ངུ་སྐད་ཀྱིས།།
རྒྱ་མཚོའི་རལ་བ་མཁའ་ལ་འཛིངས་པར་བྱས།།
ས་གཞའི་གྲུག་ཤར་ལྕག་ཀྱིས་འབྲབ་པར་བྱས།།
རི་བོའི་སུག་པར་སྟ་གྲིས་རྡེག་པར་བྱས།།

ཉི་མའི་ངོ་གདོང་དམར་ལེར་འཛུམ་པ་འདི།།
སྐེ་དཀྲིས་ནག་པོ་ཞིག་གི་བསྒྲིབས་པར་བྱས།།
ཟླ་བའི་དཀྱིལ་འཁོར་དཀར་པོར་བཞད་པ་འདི།།
ཤེལ་སྒྲོམ་སྨུག་པོ་ཞིག་གི་ནང་དུ་བཅུག།

ལྡུམ་རའི་དཀྱིལ་ན་གཡོ་བའི་མེ་ཏོག་གིས།།
ཟླ་བའི་གཏམ་རྒྱུད་རེ་རེ་གསལ་བོར་རྟོགས།།
གཏམ་རྒྱུད་གསེང་གི་མིག་ཆུ་གཞུར་ཚུལ་ཤེས།།
ཤེས་པར་འདོད་ན་མེ་ཏོག་འཚོལ་དུ་སོངས།།
                    ༢༠༡༤/༡༠/༢༤ཉིན།

            རང་ཉིད་ལ་བལྟས་པ།

རྨད་བྱུང་རིག་ཚུལ་གསེར་གྱི་འཁྲི་ཤིང་གི།
བྱམས་བརྩེའི་མཁོ་ལག་རྒྱས་པའི་རྩེ་མོ་ལས།།
མ་ནོར་ལེགས་བཤད་སྨིན་པའི་འབྲས་བཟང་མཆོག།
རྣམ་པར་རོལ་བའི་དོན་བཟང་ཐོབ་ན་ཡང་།།

བདུད་རྩིའི་བཅུད་ཀྱིས་བཀང་བའི་རོ་བརྒྱ་བ།།
བཟང་ལ་སྨན་པའི་ཚུལ་དང་རིང་སོང་སྟེ།།
དུག་ནག་ཁྲག་ཞགས་འཁོལ་བའི་ཆུ་གཏེར་གྱིས།།
མི་གཙང་སྣོད་ལ་གཙོག་པའི་རྫས་ཀྱིས་བཀང་།།

མཚན་མོའི་ནགས་ཚལ་སྟུག་པོའི་མཐར་འཕྱན་པའི།།
འཁྲུལ་སྣང་ཡིད་ཤེས་ནགས་ཀྱི་རི་དྭགས་མོ།།
ངན་གཡོའི་ལས་ཀྱིས་འདེད་པའི་ཤ་བ་རིས།།
མི་འདོད་ཆོ་གའི་གར་ལ་བསྒྱུར་འདི་སྐྱོ།།

རང་སེམས་མཁའ་ལ་རྒྱུ་བའི་ཟླ་ཤེལ་གཞོན།།
དུག་གསུམ་ར་རིས་དྲི་མས་ཡོངས་བཟུང་བས།།
རབ་དགའི་ལང་ཚོ་རྫོགས་པའི་མཛེས་སྡུག་མཆོག།
སྐྱེ་དགུ་འགྲོ་བར་འགྲེམས་པའི་གོ་སྐབས་ཕྲ།།

རིང་དུ་གནས་པའི་ཡིད་ཀྱི་བཞིན་བཟང་མ།།
རང་སེམས་དཀར་བོའི་གཞོན་ནུ་རིག་བཟང་གིས།།
ཅི་ཙམ་བཙལ་ཀྱང་བརྙེད་པའི་དོན་པོ་མཆོག།
མཁའ་ཡི་པདྨའི་རྗེས་ལ་འགྲོ་འདི་ཅི།།

              ༢༠༡༤/༡༠-༡༩ཉིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བའི་སྨྲེ་ངག༼ ཞར་བཀོད་གཅིག་ཡོད ༽

2015-05-08 མེ་བཙའ། ཀློག་གྲངས། མཆན ཡོད།


མཚན་མོའི་མགོ་དཀྲིས་བཅིང་བའི་ཐང་གའི་ངོར།།
མུན་པའི་བརྡ་རྟགས་འཆར་བའི་རི་མོའི་གཟུགས།།
ཁ་སང་ཕྲེང་བ་ཐོག་པའི་ཟླ་བ་ཡིས།།
མཐོང་བས་མཆི་མ་ཤམ་ཤམ་འཐོར་ལ་ལྟོས།།

འཁྲི་ཤིང་སོར་རྩེར་བབ་པའི་བྱེའུ་ཆུང་གིས།།
ཟླ་བས་མིག་ཆུ་འབྱིན་པར་མཐོང་བའི་ཚེ།།
གཤོག་པ་གནམ་ལ་རྡེབ་ཙམ་བྱེད་ཞོར་དུ།།
མགྲིན་པའི་དབྱངས་རྟ་ཆུ་མོའི་གཞུང་ལ་བསྐུར།།

ཚེ་ཡི་རི་མོ་རི་ལ་བཏབ་པ་ཡི།།
མེ་ཏོག་འཛུམ་བརྒྱ་འཕྲོགས་པའི་གཞོན་ནུ་མས།།
ཟླ་བས་སྨྲེ་སྔགས་འབྱིན་པར་མ་བཟོད་པར།།
གནམ་གྱི་མཐའ་ལ་འདྲི་རྟགས་གོར་མོ་བཞག།

ས་གཞིའི་གདོང་གི་ཤོག་ངོས་དཀར་པོ་ལ།།
རྐང་རྗེས་ཁྲ་ཁྲ་འགོད་པའི་མི་རྣམས་ཀྱིས།།
རང་གི་སྤྱི་གཙུག་ཟུག་པའི་ཟླ་བ་ཡི།།
གདོང་གི་གསང་བ་འཚོལ་བ་རྒྱང་དུ་བཞག།

ཟླ་བའི་སྨྲེ་སྔགས་འབྱིན་པའི་ངུ་སྐད་ཀྱིས།།
རྒྱ་མཚོའི་རལ་བ་མཁའ་ལ་འཛིངས་པར་བྱས།།
ས་གཞའི་གྲུག་ཤར་ལྕག་ཀྱིས་འབྲབ་པར་བྱས།།
རི་བོའི་སུག་པར་སྟ་གྲིས་རྡེག་པར་བྱས།།

ཉི་མའི་ངོ་གདོང་དམར་ལེར་འཛུམ་པ་འདི།།
སྐེ་དཀྲིས་ནག་པོ་ཞིག་གི་བསྒྲིབས་པར་བྱས།།
ཟླ་བའི་དཀྱིལ་འཁོར་དཀར་པོར་བཞད་པ་འདི།།
ཤེལ་སྒྲོམ་སྨུག་པོ་ཞིག་གི་ནང་དུ་བཅུག།

ལྡུམ་རའི་དཀྱིལ་ན་གཡོ་བའི་མེ་ཏོག་གིས།།
ཟླ་བའི་གཏམ་རྒྱུད་རེ་རེ་གསལ་བོར་རྟོགས།།
གཏམ་རྒྱུད་གསེང་གི་མིག་ཆུ་གཞུར་ཚུལ་ཤེས།།
ཤེས་པར་འདོད་ན་མེ་ཏོག་འཚོལ་དུ་སོངས།།
                    ༢༠༡༤/༡༠/༢༤ཉིན།

            རང་ཉིད་ལ་བལྟས་པ།

རྨད་བྱུང་རིག་ཚུལ་གསེར་གྱི་འཁྲི་ཤིང་གི།
བྱམས་བརྩེའི་མཁོ་ལག་རྒྱས་པའི་རྩེ་མོ་ལས།།
མ་ནོར་ལེགས་བཤད་སྨིན་པའི་འབྲས་བཟང་མཆོག།
རྣམ་པར་རོལ་བའི་དོན་བཟང་ཐོབ་ན་ཡང་།།

བདུད་རྩིའི་བཅུད་ཀྱིས་བཀང་བའི་རོ་བརྒྱ་བ།།
བཟང་ལ་སྨན་པའི་ཚུལ་དང་རིང་སོང་སྟེ།།
དུག་ནག་ཁྲག་ཞགས་འཁོལ་བའི་ཆུ་གཏེར་གྱིས།།
མི་གཙང་སྣོད་ལ་གཙོག་པའི་རྫས་ཀྱིས་བཀང་།།

མཚན་མོའི་ནགས་ཚལ་སྟུག་པོའི་མཐར་འཕྱན་པའི།།
འཁྲུལ་སྣང་ཡིད་ཤེས་ནགས་ཀྱི་རི་དྭགས་མོ།།
ངན་གཡོའི་ལས་ཀྱིས་འདེད་པའི་ཤ་བ་རིས།།
མི་འདོད་ཆོ་གའི་གར་ལ་བསྒྱུར་འདི་སྐྱོ།།

རང་སེམས་མཁའ་ལ་རྒྱུ་བའི་ཟླ་ཤེལ་གཞོན།།
དུག་གསུམ་ར་རིས་དྲི་མས་ཡོངས་བཟུང་བས།།
རབ་དགའི་ལང་ཚོ་རྫོགས་པའི་མཛེས་སྡུག་མཆོག།
སྐྱེ་དགུ་འགྲོ་བར་འགྲེམས་པའི་གོ་སྐབས་ཕྲ།།

རིང་དུ་གནས་པའི་ཡིད་ཀྱི་བཞིན་བཟང་མ།།
རང་སེམས་དཀར་བོའི་གཞོན་ནུ་རིག་བཟང་གིས།།
ཅི་ཙམ་བཙལ་ཀྱང་བརྙེད་པའི་དོན་པོ་མཆོག།
མཁའ་ཡི་པདྨའི་རྗེས་ལ་འགྲོ་འདི་ཅི།།

              ༢༠༡༤/༡༠-༡༩ཉིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།