འཚོ་བའི་གདེང་།༼ ཞར་བཀོད་གཉིས་ཡོད ༽

སོ་ལྟ་བ།༼ ཀན་ལྷོ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-05-23


སྣང་བ་འཇའ་དྲུག་ལེབ་ལེབ་སྐེད་རགས་རེད།།
ཚོར་གཟུགས་ཁྲ་ཁྲ་གདུ་བ་རྨི་ལམ་མིན།།
མུན་པ་ནག་རིལ་འཇམ་འཇམ་བདག་ལ་བཅར།།
རེག་ཚོར་ཚ་ཚ་སྙིང་གི་དྲོད་ལ་དཔྱངས།།
ཞེན་འཁྲིས་དམར་ལྡིང་ལྷེམ་ལྷེམ་འདར་ཏེ་ཡོད།།

ཁེར་རྐྱང་སེམས་པ་སྨག་རིམ་གསེང་ན་ལྷག །
སྙན་ངག་ཁམས་དྭངས་ཆུང་མ་ཚུགས་ཐུབ་མ།།
ལྡེམ་འགྲོ་སྒྱུ་རྩལ་ཁུད་ཀྱི་ཡིག་འབྲུ་ཞིག །
ཡིག་འབྲུ་འདང་ཅན་སུན་མེད་སྐེ་རྒྱན་ཡིན།།
ཞེ་འདང་ཆུ་མིག་འཐུང་ཆུ་གཙང་མ་ཡིན། །

རས་ཡུག་སྲབ་མོ་ལང་ཚོའི་དྭངས་ཆ་རེད། །
རླུང་བུ་བསིལ་མོའི་ཁུད་ནས་སྙན་ངག་གྱེར། །
ཡི་གེ་འགུལ་བ་འཛུམ་གྱི་འོད་རིས་ཡིན། །
ཚོར་བའི་ཁ་རླངས་ཁྲོམ་པའི་དཀྱིལ་དུ་མྱུལ། །
སྙིང་ལ་རྗེ་བོའི་སྙིང་གི་གསང་བ་རྟོགས། །

མི་ཁ་མུན་པའི་གདོང་གི་གོས་གསར་ཞིག །
སྤྲིན་པ་ནག་པོའི་གསེང་གི་ལང་ཚོ་རེད།།
ལྕུག་ཕྲན་རྒྱང་ལ་བཀྱེད་པའི་ལམ་བར་ན།།
ཁེར་རྐྱང་ལོ་མ་མཛེས་པའི་དང་རྩེ་རེད།།
སེམས་པ་སྙན་ངག་བུ་མོའི་ཟུར་མདའ་ཞིག །

སྔས་མགོ་ནེམ་ནེམ་མཚན་མོ་གཉིད་ལ་ཤོར།།
ལྟོ་བ་ཆུང་ཆུང་ལྟོགས་པ་འཁྲུལ་བའི་རྒྱུ།།
སྣང་བའི་ཁམས་ཀྱི་རྨི་ལམ་བརྔོས་མ་རེད།།
ཚོར་བ་གདེང་ཐོབ་མྱུལ་བ་གཟུགས་མེད་དྲོད།།
པང་དུ་ལྷུང་བའི་ཚ་ངད་འཇམ་ཞིང་དྲོ།།

མཛེས་པ་མིག་ལ་འཁྲུལ་བའི་བར་ལྷགས་ནས།།
སྒེའུ་ཁུང་གསེང་གི་ཉི་ཐིགས་སྙིང་ལ་ཕོག །
དྲན་པ་སངས་ལ་ཁད་ཀྱི་གོ་རིམ་ཁྲོད།།
སྣང་བ་རྒོད་ལ་ཤོར་བའི་མཁའ་མཐའ་ནས།།
འཁང་ར་མེད་པའི་སྙན་ངག་བདག་ལ་དབང་།།
                    2014/12/27

 

             ཆོ་ག

སྣང་བ་སྤྲིན་ནག་འདྲ་བོ་འཁྲིགས་དུས།།
ཞེ་འདང་མར་ལོ་འདྲ་བོ་ཁངས་དུས།།
མིག་ཆུ་ཁ་བ་འདྲ་བོ་འབབ་དུས།།
སྨྲེང་སེམས་མུན་པ་འདྲ་བོ་འཐུལ་དུས།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།

ཕྱི་ཐག་མདུད་པ་འདྲ་བོ་ཞིག་དུས།།
སྙིང་གཏམ་ཀ་ར་འདྲ་བོ་ཟད་དུས།།
དུངས་བ་མེ་ཏོག་འདྲ་བོ་སྐམ་དུས།།
དྲན་སེམས་རླུང་དམར་འདྲ་བོ་འཚུབ་དུས།།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།

སུན་སྣང་གློག་ཞགས་འདྲ་བོ་འཁྱུག་དུས།།
དམ་བཅའ་རི་མགོ་འདྲ་བོ་ཞིག་དུས།།
དུས་ཆད་སྐེད་རགས་འདྲ་བོ་ཆད་དུས།།
དགའ་བ་ཚེ་སྲོག་འདྲ་བོ་ཤི་དུས།།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།

ཞེ་མཐུན་ཨ་ལོང་འདྲ་བོ་འཐོར་དུས།།
སྙིང་གཏམ་འོ་དྲི་འདྲ་བོ་ཡལ་དུས།།
བརྩེ་ར་བལ་འཇམ་འདྲ་བོ་འགྱུར་དུས།།
གྱེས་གཏམ་ལྟས་ངན་འདྲ་བོ་ཐོན་དུས།།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།

འཚོ་བ་འཇའ་ཚོན་འདྲ་བོ་ཡལ་དུས།།
རེ་འདུན་ཉི་མ་འདྲ་བོ་ནུབ་དུས།།
མི་ཚེ་ལྕུག་ཕྲན་འདྲ་བོ་རྙིད་དུས།།
སྐྱོ་བ་དུག་ཆུ་འདྲ་བོ་འཕྱུར་དུས།།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།
               2014/10/5

 

 

             ནམ་སྨད་འཐུང་བ།

མུན་པའི་གདོང་གི་གློག་འོད་གཉིད་ལ་ཤོར།།
ལྟོ་བ་ལྟོགས་པས་རྩམ་དྲི་སྣ་ཡིས་ཚོར།།
རྐང་ལག་འགུལ་བ་ཅུང་ཙམ་ཆད་སྣང་ཡོང་།།
འུག་པ་འགའ་ཡིས་མཉམ་འུར་བྱེད་ས་ན།།
མི་རྐྱང་ཁོ་བོས་སྙན་ངག་བྲིས་ཏེ་ཡོད།།

སྣང་བ་དགུང་ལས་མཐོ་བའི་གཞོན་སེམས་ཤིག །
ནམ་སྨད་གཉིད་ལས་སད་པ་ང་རྒྱལ་ཡིན།།
སྒྱུ་རྩལ་ཁུད་ན་མྱུལ་བའི་སྣང་བ་དེ།།
མི་རྟོགས་སྒྱུ་མའི་སྤྲུལ་བ་ཡིན་སྣང་ཤར།།
འཇའ་རིས་རླུང་གིས་སྤུར་བ་ཨེ་རྟོགས་ཐལ།།

གློག་འོད་ཆུང་ཆུང་ངོགས་ཀྱི་མི་ཆུང་དེ། །
སྣང་བ་དབྱངས་ལ་འགུག་པའི་སྒོམ་པ་ཞིག།
གཉིད་ཀྱི་སྣང་བ་སངས་པའི་སྙན་ངག་པ།།
མཚན་མོའི་རླུང་དྲི་འཚོལ་བའི་རྣམ་ཤེས་ཤིག།
མཚན་མོའི་གསང་བ་བརྐུ་བའི་སྣང་བ་ཤར།།

ལོ་མ་ལྗང་སེར་མཚན་མོ་འགུལ་ཏེ་ཡོད།།
གྲིབ་གཟུགས་ནག་པོ་ལྐོག་ན་སྦས་ནས་ཡོད།།
འུག་པའི་མིག་ལ་ཐོགས་པའི་ཁ་ཟས་ཤིག །
དོ་ནུབ་ཁོ་བོའི་སྙན་ངག་ཁམས་ན་ཡོད།།
འུག་པའི་ལྟོ་བ་མ་གང་ཁྲོས་ཏེ་སོང་།།

ནམ་སྨད་རྔུལ་ཆུའི་དྲོད་དེ་སྐྱིད་པོ་ཞིག །
ནམ་སྨད་ཚོར་བས་ཟིན་པ་མངར་མོ་ཞིག །
ནམ་སྨད་མུན་པའི་གདོང་ན་གསང་བ་མོད།།
ནམ་སྨད་གཉིད་ཀྱི་སྣང་བ་དྭངས་མོ་ཞིག །
ནམ་སྨད་རྨི་ལམ་རྨིས་པ་ཆག་སྒོ་ཡིན།།
   2015/1/4 ཉིན་མཚན་མོའི་དུས་ཚོད 04:36ཐོག་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་གདེང་།༼ ཞར་བཀོད་གཉིས་ཡོད ༽

2015-05-23 སོ་ལྟ་བ།༼ ཀན་ལྷོ ༽ ཀློག་གྲངས། མཆན ཡོད།


སྣང་བ་འཇའ་དྲུག་ལེབ་ལེབ་སྐེད་རགས་རེད།།
ཚོར་གཟུགས་ཁྲ་ཁྲ་གདུ་བ་རྨི་ལམ་མིན།།
མུན་པ་ནག་རིལ་འཇམ་འཇམ་བདག་ལ་བཅར།།
རེག་ཚོར་ཚ་ཚ་སྙིང་གི་དྲོད་ལ་དཔྱངས།།
ཞེན་འཁྲིས་དམར་ལྡིང་ལྷེམ་ལྷེམ་འདར་ཏེ་ཡོད།།

ཁེར་རྐྱང་སེམས་པ་སྨག་རིམ་གསེང་ན་ལྷག །
སྙན་ངག་ཁམས་དྭངས་ཆུང་མ་ཚུགས་ཐུབ་མ།།
ལྡེམ་འགྲོ་སྒྱུ་རྩལ་ཁུད་ཀྱི་ཡིག་འབྲུ་ཞིག །
ཡིག་འབྲུ་འདང་ཅན་སུན་མེད་སྐེ་རྒྱན་ཡིན།།
ཞེ་འདང་ཆུ་མིག་འཐུང་ཆུ་གཙང་མ་ཡིན། །

རས་ཡུག་སྲབ་མོ་ལང་ཚོའི་དྭངས་ཆ་རེད། །
རླུང་བུ་བསིལ་མོའི་ཁུད་ནས་སྙན་ངག་གྱེར། །
ཡི་གེ་འགུལ་བ་འཛུམ་གྱི་འོད་རིས་ཡིན། །
ཚོར་བའི་ཁ་རླངས་ཁྲོམ་པའི་དཀྱིལ་དུ་མྱུལ། །
སྙིང་ལ་རྗེ་བོའི་སྙིང་གི་གསང་བ་རྟོགས། །

མི་ཁ་མུན་པའི་གདོང་གི་གོས་གསར་ཞིག །
སྤྲིན་པ་ནག་པོའི་གསེང་གི་ལང་ཚོ་རེད།།
ལྕུག་ཕྲན་རྒྱང་ལ་བཀྱེད་པའི་ལམ་བར་ན།།
ཁེར་རྐྱང་ལོ་མ་མཛེས་པའི་དང་རྩེ་རེད།།
སེམས་པ་སྙན་ངག་བུ་མོའི་ཟུར་མདའ་ཞིག །

སྔས་མགོ་ནེམ་ནེམ་མཚན་མོ་གཉིད་ལ་ཤོར།།
ལྟོ་བ་ཆུང་ཆུང་ལྟོགས་པ་འཁྲུལ་བའི་རྒྱུ།།
སྣང་བའི་ཁམས་ཀྱི་རྨི་ལམ་བརྔོས་མ་རེད།།
ཚོར་བ་གདེང་ཐོབ་མྱུལ་བ་གཟུགས་མེད་དྲོད།།
པང་དུ་ལྷུང་བའི་ཚ་ངད་འཇམ་ཞིང་དྲོ།།

མཛེས་པ་མིག་ལ་འཁྲུལ་བའི་བར་ལྷགས་ནས།།
སྒེའུ་ཁུང་གསེང་གི་ཉི་ཐིགས་སྙིང་ལ་ཕོག །
དྲན་པ་སངས་ལ་ཁད་ཀྱི་གོ་རིམ་ཁྲོད།།
སྣང་བ་རྒོད་ལ་ཤོར་བའི་མཁའ་མཐའ་ནས།།
འཁང་ར་མེད་པའི་སྙན་ངག་བདག་ལ་དབང་།།
                    2014/12/27

 

             ཆོ་ག

སྣང་བ་སྤྲིན་ནག་འདྲ་བོ་འཁྲིགས་དུས།།
ཞེ་འདང་མར་ལོ་འདྲ་བོ་ཁངས་དུས།།
མིག་ཆུ་ཁ་བ་འདྲ་བོ་འབབ་དུས།།
སྨྲེང་སེམས་མུན་པ་འདྲ་བོ་འཐུལ་དུས།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།

ཕྱི་ཐག་མདུད་པ་འདྲ་བོ་ཞིག་དུས།།
སྙིང་གཏམ་ཀ་ར་འདྲ་བོ་ཟད་དུས།།
དུངས་བ་མེ་ཏོག་འདྲ་བོ་སྐམ་དུས།།
དྲན་སེམས་རླུང་དམར་འདྲ་བོ་འཚུབ་དུས།།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།

སུན་སྣང་གློག་ཞགས་འདྲ་བོ་འཁྱུག་དུས།།
དམ་བཅའ་རི་མགོ་འདྲ་བོ་ཞིག་དུས།།
དུས་ཆད་སྐེད་རགས་འདྲ་བོ་ཆད་དུས།།
དགའ་བ་ཚེ་སྲོག་འདྲ་བོ་ཤི་དུས།།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།

ཞེ་མཐུན་ཨ་ལོང་འདྲ་བོ་འཐོར་དུས།།
སྙིང་གཏམ་འོ་དྲི་འདྲ་བོ་ཡལ་དུས།།
བརྩེ་ར་བལ་འཇམ་འདྲ་བོ་འགྱུར་དུས།།
གྱེས་གཏམ་ལྟས་ངན་འདྲ་བོ་ཐོན་དུས།།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།

འཚོ་བ་འཇའ་ཚོན་འདྲ་བོ་ཡལ་དུས།།
རེ་འདུན་ཉི་མ་འདྲ་བོ་ནུབ་དུས།།
མི་ཚེ་ལྕུག་ཕྲན་འདྲ་བོ་རྙིད་དུས།།
སྐྱོ་བ་དུག་ཆུ་འདྲ་བོ་འཕྱུར་དུས།།
ང་ནི་སུ་རེད་སྐྲ་དེ་ཅི་རེད།།
               2014/10/5

 

 

             ནམ་སྨད་འཐུང་བ།

མུན་པའི་གདོང་གི་གློག་འོད་གཉིད་ལ་ཤོར།།
ལྟོ་བ་ལྟོགས་པས་རྩམ་དྲི་སྣ་ཡིས་ཚོར།།
རྐང་ལག་འགུལ་བ་ཅུང་ཙམ་ཆད་སྣང་ཡོང་།།
འུག་པ་འགའ་ཡིས་མཉམ་འུར་བྱེད་ས་ན།།
མི་རྐྱང་ཁོ་བོས་སྙན་ངག་བྲིས་ཏེ་ཡོད།།

སྣང་བ་དགུང་ལས་མཐོ་བའི་གཞོན་སེམས་ཤིག །
ནམ་སྨད་གཉིད་ལས་སད་པ་ང་རྒྱལ་ཡིན།།
སྒྱུ་རྩལ་ཁུད་ན་མྱུལ་བའི་སྣང་བ་དེ།།
མི་རྟོགས་སྒྱུ་མའི་སྤྲུལ་བ་ཡིན་སྣང་ཤར།།
འཇའ་རིས་རླུང་གིས་སྤུར་བ་ཨེ་རྟོགས་ཐལ།།

གློག་འོད་ཆུང་ཆུང་ངོགས་ཀྱི་མི་ཆུང་དེ། །
སྣང་བ་དབྱངས་ལ་འགུག་པའི་སྒོམ་པ་ཞིག།
གཉིད་ཀྱི་སྣང་བ་སངས་པའི་སྙན་ངག་པ།།
མཚན་མོའི་རླུང་དྲི་འཚོལ་བའི་རྣམ་ཤེས་ཤིག།
མཚན་མོའི་གསང་བ་བརྐུ་བའི་སྣང་བ་ཤར།།

ལོ་མ་ལྗང་སེར་མཚན་མོ་འགུལ་ཏེ་ཡོད།།
གྲིབ་གཟུགས་ནག་པོ་ལྐོག་ན་སྦས་ནས་ཡོད།།
འུག་པའི་མིག་ལ་ཐོགས་པའི་ཁ་ཟས་ཤིག །
དོ་ནུབ་ཁོ་བོའི་སྙན་ངག་ཁམས་ན་ཡོད།།
འུག་པའི་ལྟོ་བ་མ་གང་ཁྲོས་ཏེ་སོང་།།

ནམ་སྨད་རྔུལ་ཆུའི་དྲོད་དེ་སྐྱིད་པོ་ཞིག །
ནམ་སྨད་ཚོར་བས་ཟིན་པ་མངར་མོ་ཞིག །
ནམ་སྨད་མུན་པའི་གདོང་ན་གསང་བ་མོད།།
ནམ་སྨད་གཉིད་ཀྱི་སྣང་བ་དྭངས་མོ་ཞིག །
ནམ་སྨད་རྨི་ལམ་རྨིས་པ་ཆག་སྒོ་ཡིན།།
   2015/1/4 ཉིན་མཚན་མོའི་དུས་ཚོད 04:36ཐོག་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།