དོ་ནུབ། གཉིད་མི་ཡོང་གི


མཚན་མོའི་ངོ་གདོང་བརླན་ལ་ཤོར།།
མལ་སའི་བདེ་དྲོད་དབྱིངས་སུ་བཏེགས།།
ང་རང་མལ་གོས་ཐུ་འོག་ན།།
དབུགས་ཀྱང་ལྷེམ་ལྷེམ་སྙིང་རྗེའི་ཡུལ།།

ཐ་མག་དུ་བ་འཁོར་ཞིང་འཁྱུག།
ང་ཡི་གློ་བའི་བུ་གར་འཚངས།།
རླུང་ཁྲག་རྩ་ལམ་འབུར་ཙམ་བྱས།།
དལ་མོར་ང་ཡི་སྣང་བར་སིམས།།

ཐ་མག་རྐང་དེའི་མེ་འོད་ནི།།
ཁྱོད་ལ་བཏང་བའི་འཕྲིན་པ་ཡིན།།
དུད་ཞགས་ལང་ལོང་འཁོར་བ་དེ།།
ཤུལ་དུ་བཟུང་བའི་མ་ཕྱི་ཡིན།།

མུན་ནག་གྱང་ངོས་ལྷེམ་ལྷེམ་འགུལ།།
ང་ཡི་སྙིང་ཆུང་དེ་ལ་འགྲོགས།།
གྱང་ངོས་རལ་ཏེ་འདྲིལ་སྙམ་བྱེད།།
སྣང་བ་བཟི་སྟེ་འཁྱར་འཁྱོར་འདར།།

ཕར་ངོས་མུན་པའི་གསའ་གསེང་ནས།།
ཁྱོད་རང་མངོན་པས་དེ་ལ་ཧད།།
སླར་ཡང་སྣང་བའི་ཡུལ་ལས་བོར།།
འཇིགས་པའི་བློ་ཞིག་ཡང་ཡང་ཐོན།།

ཁ་ཉིན་རྨི་ལམ་རྨིས་པ་དེ།།
དེ་རིང་མངོན་པའི་ཡུལ་དུ་ཤར།།
དེ་ལ་འདི་བསམ་དེ་ལ་ཡང་།།
བློ་ལ་ངེས་པ་མ་རྙེད་དོ།།

མུན་ནང་ཧད་དེ་ལུས་པ་ངས།།
སྔུར་བ་ཡང་མོའི་སྒྲ་རེ་ཐོས།།
མལ་སའི་ཙིར་སྒྲ་ཡང་ཡང་ཐོས།།
གཉིད་ལབ་ཅིག་ཀྱང་གསལ་བར་ཐོས།།

ཕྱི་རོལ་མི་རྣམས་བག་ཡངས་འདུག།
ལྷོད་མོར་མེད་པ་རེ་གཉིས་ཙམ།།
ང་ལ་གང་ཡང་འཁྲིགས་ཏེ་འདུག།
མལ་སྟན་དེ་ཡང་ཚེར་མར་འཁྲུལ།།

མུན་ནང་མི་གསལ་ལ་མི་གསལ་གྱི།།
བུ་མོའི་ལུས་པོ་ཚེར་མའི་ཁེངས།།
རེག་འདོད་འཁྱུད་འདོད་གང་ལ་ཡང་།།
རེ་ཞིག་སོམ་ཉིར་མི་ཚུད་སུ།།

ང་ཡི་དབང་བོར་སིམས་པ་ཡི།།
སྨན་ཆུང་བུ་མོའི་ཞེ་སེམས་དེ།།
ང་ལ་འཁོར་ཞིང་བསྐོར་བ་དེས།།
ཐེ་ཚོམ་ཅི་ཡང་རླངས་པར་གྱུར།།
           ༢༠༡༤ ༡༡ ༠༣མཚན་མོར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ། གཉིད་མི་ཡོང་གི

2015-05-30 ལྡོག་འཆར། ཀློག་གྲངས། མཆན ཡོད།


མཚན་མོའི་ངོ་གདོང་བརླན་ལ་ཤོར།།
མལ་སའི་བདེ་དྲོད་དབྱིངས་སུ་བཏེགས།།
ང་རང་མལ་གོས་ཐུ་འོག་ན།།
དབུགས་ཀྱང་ལྷེམ་ལྷེམ་སྙིང་རྗེའི་ཡུལ།།

ཐ་མག་དུ་བ་འཁོར་ཞིང་འཁྱུག།
ང་ཡི་གློ་བའི་བུ་གར་འཚངས།།
རླུང་ཁྲག་རྩ་ལམ་འབུར་ཙམ་བྱས།།
དལ་མོར་ང་ཡི་སྣང་བར་སིམས།།

ཐ་མག་རྐང་དེའི་མེ་འོད་ནི།།
ཁྱོད་ལ་བཏང་བའི་འཕྲིན་པ་ཡིན།།
དུད་ཞགས་ལང་ལོང་འཁོར་བ་དེ།།
ཤུལ་དུ་བཟུང་བའི་མ་ཕྱི་ཡིན།།

མུན་ནག་གྱང་ངོས་ལྷེམ་ལྷེམ་འགུལ།།
ང་ཡི་སྙིང་ཆུང་དེ་ལ་འགྲོགས།།
གྱང་ངོས་རལ་ཏེ་འདྲིལ་སྙམ་བྱེད།།
སྣང་བ་བཟི་སྟེ་འཁྱར་འཁྱོར་འདར།།

ཕར་ངོས་མུན་པའི་གསའ་གསེང་ནས།།
ཁྱོད་རང་མངོན་པས་དེ་ལ་ཧད།།
སླར་ཡང་སྣང་བའི་ཡུལ་ལས་བོར།།
འཇིགས་པའི་བློ་ཞིག་ཡང་ཡང་ཐོན།།

ཁ་ཉིན་རྨི་ལམ་རྨིས་པ་དེ།།
དེ་རིང་མངོན་པའི་ཡུལ་དུ་ཤར།།
དེ་ལ་འདི་བསམ་དེ་ལ་ཡང་།།
བློ་ལ་ངེས་པ་མ་རྙེད་དོ།།

མུན་ནང་ཧད་དེ་ལུས་པ་ངས།།
སྔུར་བ་ཡང་མོའི་སྒྲ་རེ་ཐོས།།
མལ་སའི་ཙིར་སྒྲ་ཡང་ཡང་ཐོས།།
གཉིད་ལབ་ཅིག་ཀྱང་གསལ་བར་ཐོས།།

ཕྱི་རོལ་མི་རྣམས་བག་ཡངས་འདུག།
ལྷོད་མོར་མེད་པ་རེ་གཉིས་ཙམ།།
ང་ལ་གང་ཡང་འཁྲིགས་ཏེ་འདུག།
མལ་སྟན་དེ་ཡང་ཚེར་མར་འཁྲུལ།།

མུན་ནང་མི་གསལ་ལ་མི་གསལ་གྱི།།
བུ་མོའི་ལུས་པོ་ཚེར་མའི་ཁེངས།།
རེག་འདོད་འཁྱུད་འདོད་གང་ལ་ཡང་།།
རེ་ཞིག་སོམ་ཉིར་མི་ཚུད་སུ།།

ང་ཡི་དབང་བོར་སིམས་པ་ཡི།།
སྨན་ཆུང་བུ་མོའི་ཞེ་སེམས་དེ།།
ང་ལ་འཁོར་ཞིང་བསྐོར་བ་དེས།།
ཐེ་ཚོམ་ཅི་ཡང་རླངས་པར་གྱུར།།
           ༢༠༡༤ ༡༡ ༠༣མཚན་མོར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།