ཝེ། ཧེ་ཧེ།
མདུན་གྱི་ནམ་མཁའ་ཡངས་པོར་ཕྱེས།།
རྨི་ལམ་ཟེར་བ་ཁ་ཤུ་བཏབ།།
མི་སེམས་རྩི་ཡི་རི་མོ་ལ།།
ལོ་འཁོར་གཅིག་གི་ཞག་མ་བྲིས།།
དུས་ཚོད་སྟེང་གི་སྐར་མ་ལ།།
ཉི་མའི་རྐང་ལམ་རིང་མོ་བྲིས།།
གངས་དཀར་ཐུགས་སུན་མེད་པ་ན།།
རང་ཉིད་འབོད་བའི་ཡི་གེ་བཙལ།།
མདང་ནུབ་དགོད་པའི་སྨོན་ལམ་འགའ།།
སྲིད་པ་སྦྱོར་བའི་ལམ་འགྲོ་མཚོན།།
ཚེ་དང་ཚེ་ཆང་མཉམ་བཏུང་ལ།།
མགྲིན་པས་ངལ་གསོ་ཉུང་ཙམ་སྤྲད།།
ཉེ་བའི་ཉེ་བ་མ་ཡིན་པས།།
ཡུན་གྱིས་མཆིན་པ་ནག་པོར་བསྒྱུར།།
ཁྲིས་སུ་བདེ་བས་མྱོས་གྱུར་ན།།
བུང་བ་འཚང་ནས་སྦྲང་རྩི་བྱུགས།།
མེ་ཏོག་སྣ་ལྔའི་ཁ་རྒྱན་བཙུགས།།
ཞེ་འཇམ་ངོས་ལ་ཁ་བཏགས་བཏེག།
2/20/2015 ཉིན་ཡུལ་ཝ་ར་ཎ་སིའི་གྲོང་གསེབ་ཅིག་ཏུ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།