ཁྱེད་ཉིད་བརྗོད་བྱར་བྱས་པའི་སྙན་ངག་འདི།


སེམས་ཀྱིས་མ་ཟིན་རླུང་ལ་ཡན་པའི་དྲོད།།
སྣང་བ་བན་བུན་འཚོལ་བའི་ལྟས་ལ་ལངས།།
དཀར་སེར་དམར་ལྗང་འབྲི་བའི་ང་ཡི་ཁམས།།
ཆོས་ཉིད་བཙན་ས་མཐོང་བར་མོས་པས་ཕྱུག།
ལམ་ཟུར་མེ་ཏོག་གད་པའི་ཞལ་གྱི་མདངས།།
བསྐལ་བ་བརྒྱ་སྟོང་མང་པོའི་ཕ་རོལ་བརྒལ།།
སེམས་འདུན་བརྒྱ་སྟོང་མང་པོའི་ཚུར་རོལ་བསླེབས།།

ཆུ་མོའི་བཞུར་སྒྲས་དཀྲོལ་བའི་རྨི་ལམ་གྱི།།
རེ་བའི་དབྱངས་རྟ་སྒང་ལ་ཞོགས་པའི་སྲོལ།།
ཤིང་སྡོང་གྲིབ་མར་ཁེན་པའི་ཚོར་བའི་ཟུར།།
ཁྱེད་ཉིད་ཁོ་ན་འཚོལ་བའི་ལམ་དུ་གཤེགས།།
སང་ཞོགས་རྨི་ལམ་གཏོང་འཕྲོ་བྱས་པའི་རྗེས།།
དྲན་འཛིན་ཡིད་ཀྱི་མེ་ལོང་སྒོར་སྒོར་ལ།།
ཉི་ཟླ་ལྟ་བུའི་དབུ་མནའ་སྒོར་སྒོར་འཇོག།

                     25 2 2015

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཉིད་བརྗོད་བྱར་བྱས་པའི་སྙན་ངག་འདི།

2015-06-08 ཀློག་གྲངས། མཆན ཡོད།


སེམས་ཀྱིས་མ་ཟིན་རླུང་ལ་ཡན་པའི་དྲོད།།
སྣང་བ་བན་བུན་འཚོལ་བའི་ལྟས་ལ་ལངས།།
དཀར་སེར་དམར་ལྗང་འབྲི་བའི་ང་ཡི་ཁམས།།
ཆོས་ཉིད་བཙན་ས་མཐོང་བར་མོས་པས་ཕྱུག།
ལམ་ཟུར་མེ་ཏོག་གད་པའི་ཞལ་གྱི་མདངས།།
བསྐལ་བ་བརྒྱ་སྟོང་མང་པོའི་ཕ་རོལ་བརྒལ།།
སེམས་འདུན་བརྒྱ་སྟོང་མང་པོའི་ཚུར་རོལ་བསླེབས།།

ཆུ་མོའི་བཞུར་སྒྲས་དཀྲོལ་བའི་རྨི་ལམ་གྱི།།
རེ་བའི་དབྱངས་རྟ་སྒང་ལ་ཞོགས་པའི་སྲོལ།།
ཤིང་སྡོང་གྲིབ་མར་ཁེན་པའི་ཚོར་བའི་ཟུར།།
ཁྱེད་ཉིད་ཁོ་ན་འཚོལ་བའི་ལམ་དུ་གཤེགས།།
སང་ཞོགས་རྨི་ལམ་གཏོང་འཕྲོ་བྱས་པའི་རྗེས།།
དྲན་འཛིན་ཡིད་ཀྱི་མེ་ལོང་སྒོར་སྒོར་ལ།།
ཉི་ཟླ་ལྟ་བུའི་དབུ་མནའ་སྒོར་སྒོར་འཇོག།

                     25 2 2015

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།