ཉི་འོད་རྒུམ་པའི་ཡིག་འབྲུ།༼ ཞར་བཀོད་གཅིག་ཡོད ༽


ཚོར་བ་འཇའ་སྤྲིན་གྱི་གུར་ཁྱིམ་དབུས་ན།།
ཁྱེད་ནི་གཡང་འཁྱིལ་གྱི་ནོར་བུ་གཅིག་སྟེ།།
སྣང་སྲིད་བརྡ་གླུ་ཡི་འགྱུར་ཁུགས་སྟོང་གིས།།
སྲིད་པའི་རི་སིལ་ལ་འཛུམ་རིས་བྲིས་འགྲོ།།

 

རབ་གསལ་གངས་དཀར་གྱི་ཉིན་དང་སྲིབ་ན།།
ཁྱེད་ནི་དྭངས་གཙང་གི་ཆུ་མོ་ཞིག་སྟེ།།
རིག་པ་མེ་ལོང་གི་མཐའ་དང་དབུས་སུ།།
དད་པའི་ཡོན་ཆབ་ཀྱི་རླབས་རིས་བཞེེངས་འགྲོ།།

 

ཟག་མེད་སེམས་ཁམས་ཀྱི་རི་བོའི་མགུལ་ན།།
ཁྱེད་ནི་འདབ་སྟོང་གི་དར་ལྕོག་ཞིག་སྟེ།།
ཆོས་ཉིད་སྙན་འཇེབས་ཀྱི་རོལ་མོ་དཀྲོལ་གྱིན།།
འཁོར་བའི་སྒལ་གཞུང་ལ་མཛེས་པ་བསྩལ་འགྲོ།།

 

ཉི་ཟླའི་གཞས་ཁྱིམ་གྱི་སྒེའུ་ཁུང་དབུས་ན།།
ཁྱེད་ནི་ཐུ་བྟོད་ཀྱི་འབྲོག་མོ་ཞིག་སྟེ།།
ཡིག་དྲུག་དབྱངས་རྟ་ཡི་འགྱུར་ཁུགས་ཁྲོད་ནས།།
འདི་ཕྱིའི་ལམ་ཁ་ཡི་བདེན་པ་འཚོལ་འགྲོ།།

                     2014.2.22

 

             ཟླ་འོད་རྒུམ་པའི་སེམས་རིས།

 

ཞལ་གོར་གོར་ལ་འོད་ཟེར་དཀར་དམར་རྒྱས་ཡོད།།
འཛུམ་ཆུང་ཆུང་ལ་པདྨའི་འདབ་ལོ་མངོན་ཡོད།།
སྨྲ་ཉུང་ཉུང་དེས་བྱིས་པའི་རང་གཤིས་སྟོན་པའི།།
ངའི་ཟབ་ས་རུ་ཁྱེད་ནི་རྒྱ་སེའི་མེ་ཏོག།

 

ལག་ཆུང་ཆུང་དེ་མཇམ་ཤའི་ཁུད་ན་འབར་ཡོད།།
མིག་ཟླུམ་པོ་དེ་དཔྲལ་བའི་འགབ་ན་འཛུམ་ཡོད།།
སྐྲ་བསིལ་མོ་དེས་ཚོར་བའི་བྲེད་ཤ་སློང་བའི།།
ངའི་གདེང་ག་ན་ཁྱོད་ནི་མར་མེ་ཚེ་འབར།།

 

གཤིས་མཚར་པོ་དེ་དགོད་སྒྲའི་ཀློང་ན་ངོམ་ཡོད།།
རོགས་ཆུང་ཆུང་དེ་གཉོམ་ཆུང་མིག་གིས་འཚོས་ཡོད།།
ཞེ་དྭངས་གཙང་གི་ཁ་མདོག་མདངས་སུ་འཕོས་པའི།།
ངའི་གཏིང་རིམ་ན་ཁྱོད་ནི་སྒྲོལ་མ་རང་བྱོན།།

 

སེམས་ཆུང་ཆུང་ལ་དམ་བཅའི་སྒོ་ཟྭ་མེད་ཀྱང་།།
ཞེ་དྭངས་མོ་ལ་མི་འགྱུར་རྒྱབ་རི་མེད་ཀྱང་།།
ངའི་ཟབ་ས་རུ་ཁྱོད་ནི་ནམ་མཁའི་ལྷ་སྟེ།།
ངག་གྲེ་འགྱུར་གྱིས་སྣང་སྲིད་གླུ་རུ་ལེན་ནོ།།
          2015.1.12

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་འོད་རྒུམ་པའི་ཡིག་འབྲུ།༼ ཞར་བཀོད་གཅིག་ཡོད ༽

2015-06-14 རས་གཟན་དམར་པོ། ཀློག་གྲངས། མཆན ཡོད།


ཚོར་བ་འཇའ་སྤྲིན་གྱི་གུར་ཁྱིམ་དབུས་ན།།
ཁྱེད་ནི་གཡང་འཁྱིལ་གྱི་ནོར་བུ་གཅིག་སྟེ།།
སྣང་སྲིད་བརྡ་གླུ་ཡི་འགྱུར་ཁུགས་སྟོང་གིས།།
སྲིད་པའི་རི་སིལ་ལ་འཛུམ་རིས་བྲིས་འགྲོ།།

 

རབ་གསལ་གངས་དཀར་གྱི་ཉིན་དང་སྲིབ་ན།།
ཁྱེད་ནི་དྭངས་གཙང་གི་ཆུ་མོ་ཞིག་སྟེ།།
རིག་པ་མེ་ལོང་གི་མཐའ་དང་དབུས་སུ།།
དད་པའི་ཡོན་ཆབ་ཀྱི་རླབས་རིས་བཞེེངས་འགྲོ།།

 

ཟག་མེད་སེམས་ཁམས་ཀྱི་རི་བོའི་མགུལ་ན།།
ཁྱེད་ནི་འདབ་སྟོང་གི་དར་ལྕོག་ཞིག་སྟེ།།
ཆོས་ཉིད་སྙན་འཇེབས་ཀྱི་རོལ་མོ་དཀྲོལ་གྱིན།།
འཁོར་བའི་སྒལ་གཞུང་ལ་མཛེས་པ་བསྩལ་འགྲོ།།

 

ཉི་ཟླའི་གཞས་ཁྱིམ་གྱི་སྒེའུ་ཁུང་དབུས་ན།།
ཁྱེད་ནི་ཐུ་བྟོད་ཀྱི་འབྲོག་མོ་ཞིག་སྟེ།།
ཡིག་དྲུག་དབྱངས་རྟ་ཡི་འགྱུར་ཁུགས་ཁྲོད་ནས།།
འདི་ཕྱིའི་ལམ་ཁ་ཡི་བདེན་པ་འཚོལ་འགྲོ།།

                     2014.2.22

 

             ཟླ་འོད་རྒུམ་པའི་སེམས་རིས།

 

ཞལ་གོར་གོར་ལ་འོད་ཟེར་དཀར་དམར་རྒྱས་ཡོད།།
འཛུམ་ཆུང་ཆུང་ལ་པདྨའི་འདབ་ལོ་མངོན་ཡོད།།
སྨྲ་ཉུང་ཉུང་དེས་བྱིས་པའི་རང་གཤིས་སྟོན་པའི།།
ངའི་ཟབ་ས་རུ་ཁྱེད་ནི་རྒྱ་སེའི་མེ་ཏོག།

 

ལག་ཆུང་ཆུང་དེ་མཇམ་ཤའི་ཁུད་ན་འབར་ཡོད།།
མིག་ཟླུམ་པོ་དེ་དཔྲལ་བའི་འགབ་ན་འཛུམ་ཡོད།།
སྐྲ་བསིལ་མོ་དེས་ཚོར་བའི་བྲེད་ཤ་སློང་བའི།།
ངའི་གདེང་ག་ན་ཁྱོད་ནི་མར་མེ་ཚེ་འབར།།

 

གཤིས་མཚར་པོ་དེ་དགོད་སྒྲའི་ཀློང་ན་ངོམ་ཡོད།།
རོགས་ཆུང་ཆུང་དེ་གཉོམ་ཆུང་མིག་གིས་འཚོས་ཡོད།།
ཞེ་དྭངས་གཙང་གི་ཁ་མདོག་མདངས་སུ་འཕོས་པའི།།
ངའི་གཏིང་རིམ་ན་ཁྱོད་ནི་སྒྲོལ་མ་རང་བྱོན།།

 

སེམས་ཆུང་ཆུང་ལ་དམ་བཅའི་སྒོ་ཟྭ་མེད་ཀྱང་།།
ཞེ་དྭངས་མོ་ལ་མི་འགྱུར་རྒྱབ་རི་མེད་ཀྱང་།།
ངའི་ཟབ་ས་རུ་ཁྱོད་ནི་ནམ་མཁའི་ལྷ་སྟེ།།
ངག་གྲེ་འགྱུར་གྱིས་སྣང་སྲིད་གླུ་རུ་ལེན་ནོ།།
          2015.1.12

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།