སྨུག་པའི་གླེགས་བམ།༼ ཞར་བཀོད་གཅིག་ཡོད ༽

མགོ་ལོག་ཆུ་ཐིགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-07-19


ང་ནི་གཟུགས་བརྙན་ཁུར་བའི་མེ་ལོང་ཞིག།
འགྲོ་བའི་མིག་དང་དག་པའི་སྣང་བ་ལ།།
རྒྱལ་བའི་སྲས་དང་བཙན་གྱི་ས་མཁན་ཏེ།།
བླ་ན་འཕགས་ཤིང་ཀུན་ལས་རྒྱལ་བ་ཞིག།

དོན་ལ་ཁྲག་གི་ཁ་མདོག་དམར་བ་སྟེ།།
སྣང་བའི་ཁ་དོག་སྐྱེ་དགུར་མཚུངས་པ་ཡི།།
ལས་དབང་གཅིག་ཀྱང་ལམ་ཀ་མ་གཅིག་པའི།།
བས་མཐའི་ཚལ་གྱི་ང་རང་སྙིང་རེ་རྗེ།།

འཁོར་བའི་མེ་ཏོག་བཏུ་བར་མ་སུན་ཞིང་།།
ཞིང་གི་འོད་ལ་དཔྱང་བར་མ་སྤྲོ་བའི།།
འོད་དང་མུན་པ་འདྲེས་པའི་བར་དེ་ན།།
སྣང་བ་གཉིད་མ་སད་ཅིག་ཐོགས་ནས་ཡོད།།

ཚེ་ཡི་ཕྲེང་བ་མ་ཆད་ཐར་ཆགས་སུ།།
རི་བོའི་ཕར་གྱི་གཟུངས་ལ་ལེགས་བརྒྱུས་ཏེ།།
རེ་བའི་ཐིག་ལེ་གཏེར་ལ་སྦས་ནས་སུ།།
འོད་ཀྱི་གཤོག་ཟུང་རྒྱས་པའི་ང་རོ་ཡིན།།
               2015.2.24

 

             མུ་ཏིག་ཆག་རོ།

 

སེམས་ཤིག་ཡི་གེའི་ནང་དུ་གབ་པ་ན།།
ཀ་ཁའི་མིག་ཆུ་འཐོར་ཞིང་ངུ་བར་བྱེད།།
སྐྱོ་བ་དབྱངས་ལ་འཐེན་པའི་དར་སྐུད་ཅིག།
ང་ཡིས་ཚོར་བའི་ཕག་ནས་བསྒྲིམ་པར་བྱས།།

ཇག་པ་མགྲོན་དུ་འབོད་སའི་ཕོ་བྲང་ན།།
ང་ཡི་མུ་ཏིག་ཆག་རོ་སྡེར་དུ་བཤམས།།
མགྲོན་པོ་འཛུམ་གྱིས་བསུ་བའི་བར་སྟོང་ན།།
མིག་ཆུའི་ལག་ཆ་ཐོགས་པའི་ཆང་མ་ཞིག།

དེ་ཡིས་སྐྱོ་བའི་ངོས་སུ་ཆང་ཞིག་འདྲེན།།
ཆང་དེ་སེམས་པ་བཟི་བའི་རྒུན་ཆང་ཡིན།།
མིང་ལ་ཡིག་འབྲི་ནག་པོའི་ཆང་མ་ཟེར།།
མིང་དེ་མཁྱུད་པ་ཞིག་གི་མཚོན་དོན་ཡིན།།

དབྱངས་ཤིག་སྟོང་བའི་དབྱིངས་ནས་དཀྲོལ་བས་ན།།
མི་ཞིག་སེམས་པའི་ཁམས་སུ་འཕྲོད་པར་བྱས།།
མི་དེ་སྣང་བ་བརྒྱན་པའི་མུ་ཏིག་ཅིག།
མུ་ཏིག་ཆག་ལ་ཤོར་ནས་སྐྱོ་བ་འཁོར།།
          2015.3.11 བླ་རུང་ནས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨུག་པའི་གླེགས་བམ།༼ ཞར་བཀོད་གཅིག་ཡོད ༽

2015-07-19 མགོ་ལོག་ཆུ་ཐིགས། ཀློག་གྲངས། མཆན ཡོད།


ང་ནི་གཟུགས་བརྙན་ཁུར་བའི་མེ་ལོང་ཞིག།
འགྲོ་བའི་མིག་དང་དག་པའི་སྣང་བ་ལ།།
རྒྱལ་བའི་སྲས་དང་བཙན་གྱི་ས་མཁན་ཏེ།།
བླ་ན་འཕགས་ཤིང་ཀུན་ལས་རྒྱལ་བ་ཞིག།

དོན་ལ་ཁྲག་གི་ཁ་མདོག་དམར་བ་སྟེ།།
སྣང་བའི་ཁ་དོག་སྐྱེ་དགུར་མཚུངས་པ་ཡི།།
ལས་དབང་གཅིག་ཀྱང་ལམ་ཀ་མ་གཅིག་པའི།།
བས་མཐའི་ཚལ་གྱི་ང་རང་སྙིང་རེ་རྗེ།།

འཁོར་བའི་མེ་ཏོག་བཏུ་བར་མ་སུན་ཞིང་།།
ཞིང་གི་འོད་ལ་དཔྱང་བར་མ་སྤྲོ་བའི།།
འོད་དང་མུན་པ་འདྲེས་པའི་བར་དེ་ན།།
སྣང་བ་གཉིད་མ་སད་ཅིག་ཐོགས་ནས་ཡོད།།

ཚེ་ཡི་ཕྲེང་བ་མ་ཆད་ཐར་ཆགས་སུ།།
རི་བོའི་ཕར་གྱི་གཟུངས་ལ་ལེགས་བརྒྱུས་ཏེ།།
རེ་བའི་ཐིག་ལེ་གཏེར་ལ་སྦས་ནས་སུ།།
འོད་ཀྱི་གཤོག་ཟུང་རྒྱས་པའི་ང་རོ་ཡིན།།
               2015.2.24

 

             མུ་ཏིག་ཆག་རོ།

 

སེམས་ཤིག་ཡི་གེའི་ནང་དུ་གབ་པ་ན།།
ཀ་ཁའི་མིག་ཆུ་འཐོར་ཞིང་ངུ་བར་བྱེད།།
སྐྱོ་བ་དབྱངས་ལ་འཐེན་པའི་དར་སྐུད་ཅིག།
ང་ཡིས་ཚོར་བའི་ཕག་ནས་བསྒྲིམ་པར་བྱས།།

ཇག་པ་མགྲོན་དུ་འབོད་སའི་ཕོ་བྲང་ན།།
ང་ཡི་མུ་ཏིག་ཆག་རོ་སྡེར་དུ་བཤམས།།
མགྲོན་པོ་འཛུམ་གྱིས་བསུ་བའི་བར་སྟོང་ན།།
མིག་ཆུའི་ལག་ཆ་ཐོགས་པའི་ཆང་མ་ཞིག།

དེ་ཡིས་སྐྱོ་བའི་ངོས་སུ་ཆང་ཞིག་འདྲེན།།
ཆང་དེ་སེམས་པ་བཟི་བའི་རྒུན་ཆང་ཡིན།།
མིང་ལ་ཡིག་འབྲི་ནག་པོའི་ཆང་མ་ཟེར།།
མིང་དེ་མཁྱུད་པ་ཞིག་གི་མཚོན་དོན་ཡིན།།

དབྱངས་ཤིག་སྟོང་བའི་དབྱིངས་ནས་དཀྲོལ་བས་ན།།
མི་ཞིག་སེམས་པའི་ཁམས་སུ་འཕྲོད་པར་བྱས།།
མི་དེ་སྣང་བ་བརྒྱན་པའི་མུ་ཏིག་ཅིག།
མུ་ཏིག་ཆག་ལ་ཤོར་ནས་སྐྱོ་བ་འཁོར།།
          2015.3.11 བླ་རུང་ནས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།