སྤྱང་ཀིའི་ཁ་ནས་ཁྲག་ཐིགས་མི་ལྷུང་ཞིང་། །གནམ་ནས་ཤ་ཡི་བག་ལེབ་ཟག་མི་སྲིད། །

ས་སྐྱ་བ་བསོད་ཚེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-07


དགའ་ཞིང་གཅེས་པའི་བོད་རིགས་སྤུན་ཟླ་ལ། །ཕན་པའི་སྙིང་གཏམ་ཚིག་གསུམ་ཞུ་རྒྱུ་ཡོད། །
མིག་གིས་བལྟས་ནས་སེམས་ཀྱི་དཀྱིལ་ལ་ཞོགས། །མཛུབ་མོ་འགུལ་ནས་གཞན་ལ་བརྒྱུད་བསྐུར་གྱིས། །

སྤྱི་ཚོགས་འདི་ལ་མགོ་བསྐོར་རྣམ་གྲངས་མང་། །ཁྲམ་པ་རེ་ལ་གཡོ་རྫུན་ཐབས་ཤེས་རེ། །
དེ་དག་སོ་སོའི་ཁྱད་ཆོས་མི་འདྲ་བས། །རེ་རེ་བཞིན་དུ་ཞིབ་པར་བརྗོད་ཐབས་བྲལ། །

ཉ་པས་ཉ་མོ་འཛིན་པའི་ངང་ཚུལ་དང་། །ཁྲམ་པས་འུ་ཅག་བསླུས་པ་གཅིག་མཚུངས་ཡིན། །
ཤ་རྡོག་གཅིག་གིས་ཉ་མོའི་ཚེ་སྲོག་འཕྲོག ། གཞན་ལས་ཐོབ་འདོད་མཐའ་མ་གཞན་ལ་ཤོར། །

འདོད་ཆུང་ཆོག་ཤེས་རང་གིས་བྱེད་ཤེས་ན། །ཁྲམ་པ་མགོ་བདེ་ཅན་ལ་འགྲོ་ལམ་མེད། །
དོགས་ཟོན་སྔོན་འགོག་སེམས་ལ་བཅངས་ཤེས་ན། །ཁྲམ་པ་ཧམ་སེམས་ཅན་ལ་གནས་ཚང་མེད། །

རྒྱུས་མེད་མི་དེ་ཁ་མཁས་འདྲ་ཆགས་ཀྱང་། ཁྱོད་ཀྱི་ཕྱུག་འགྱུར་ལམ་སྟོན་ཡིན་མི་སྲིད། །
སྤྱི་ཚོགས་རྣམ་པ་ག་ཚོད་བཟང་གྱུར་ཀྱང་། །དཀའ་བ་མ་སྤྱད་ཕྱུག་པོ་ཆགས་མི་སྲིད། །

ནོར་འདོད་ཅན་ལ་བྱུར་གྱི་གཡབ་མོ་མང་། །ལྐུགས་རྟགས་་ཅན་ལ་ཆག་སྒོའི་དོང་རྙི་མང་། །
གཞན་ལ་གནོད་སེམས་བཅངས་ན་མི་འགྲིག་ཀྱང་། །གཞན་ལ་དོགས་ཟོན་བྱ་ཤེས་རང་ལ་ཕན། །

དཀའ་བ་དུ་མས་བསགས་པའི་དངུལ་ལོར་དག །སྐད་ཅིག་ཡུན་ལ་ཁྲམ་པར་ཤོར་བ་འདི། །
གཞན་ནོར་ཧམ་སེམས་བྱེད་འདོད་མི་གཉིས་ལས། །མཐའ་མཇུག་ཁྱོད་རང་ཕམ་པས་སུ་ལ་ཟེར། །

ཁྲམ་པའི་ངོ་འབག་བཤུ་བྱེད་རལ་གྲི་དང་། །གཡོ་སྒྱུའི་ལྕགས་ཀྱུ་་གཅོག་བྱེད་ཐོ་བ་དང་། །
ཆོམ་རྐུན་འདྲེ་ལག་བསྲེགས་བྱེད་མེ་ལྕེ་གསུམ། །གཞན་དུ་མ་འཚོལ་རང་སེམས་རང་བདག་གྱིས། །

སྤྱང་ཀིའི་ཁ་ནས་ཁྲག་ཐིགས་མི་ལྷུང་ཞིང་། །གནམ་ནས་ཤ་ཡི་བག་ལེབ་མི་ཟག་པའི། །
གཏམ་གྱི་སྙིང་པོ་ཡིད་ལ་བརྟན་བཅངས་ཀྱིས། །རང་ནོར་ཁྲམ་པར་མི་ཤོར་དམ་བཅའ་དགོས། །

ཤེས་མེད་ཚོར་མེད་རང་ཅག་སྤུན་ཟླ་རེ། །མགོ་བསྐོར་གཡོ་འོག་ཚུད་པའི་གཏམ་ཐོས་ན། །
ང་ཡི་སྙིང་ལ་ན་ཟུག་ཡང་ཡང་གཏོང་། །ན་ཟུག་མྱོང་གིན་སྙིང་གཏམ་ཡི་གེར་ཕབ། །
འདི་ཡང་དགེ་བའི་རྒྱུ་རུ་གྱུར་ཅིག་ཀྱེ། །

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱང་ཀིའི་ཁ་ནས་ཁྲག་ཐིགས་མི་ལྷུང་ཞིང་། །གནམ་ནས་ཤ་ཡི་བག་ལེབ་ཟག་མི་སྲིད། །

2015-09-07 ས་སྐྱ་བ་བསོད་ཚེ། ཀློག་གྲངས། མཆན ཡོད།


དགའ་ཞིང་གཅེས་པའི་བོད་རིགས་སྤུན་ཟླ་ལ། །ཕན་པའི་སྙིང་གཏམ་ཚིག་གསུམ་ཞུ་རྒྱུ་ཡོད། །
མིག་གིས་བལྟས་ནས་སེམས་ཀྱི་དཀྱིལ་ལ་ཞོགས། །མཛུབ་མོ་འགུལ་ནས་གཞན་ལ་བརྒྱུད་བསྐུར་གྱིས། །

སྤྱི་ཚོགས་འདི་ལ་མགོ་བསྐོར་རྣམ་གྲངས་མང་། །ཁྲམ་པ་རེ་ལ་གཡོ་རྫུན་ཐབས་ཤེས་རེ། །
དེ་དག་སོ་སོའི་ཁྱད་ཆོས་མི་འདྲ་བས། །རེ་རེ་བཞིན་དུ་ཞིབ་པར་བརྗོད་ཐབས་བྲལ། །

ཉ་པས་ཉ་མོ་འཛིན་པའི་ངང་ཚུལ་དང་། །ཁྲམ་པས་འུ་ཅག་བསླུས་པ་གཅིག་མཚུངས་ཡིན། །
ཤ་རྡོག་གཅིག་གིས་ཉ་མོའི་ཚེ་སྲོག་འཕྲོག ། གཞན་ལས་ཐོབ་འདོད་མཐའ་མ་གཞན་ལ་ཤོར། །

འདོད་ཆུང་ཆོག་ཤེས་རང་གིས་བྱེད་ཤེས་ན། །ཁྲམ་པ་མགོ་བདེ་ཅན་ལ་འགྲོ་ལམ་མེད། །
དོགས་ཟོན་སྔོན་འགོག་སེམས་ལ་བཅངས་ཤེས་ན། །ཁྲམ་པ་ཧམ་སེམས་ཅན་ལ་གནས་ཚང་མེད། །

རྒྱུས་མེད་མི་དེ་ཁ་མཁས་འདྲ་ཆགས་ཀྱང་། ཁྱོད་ཀྱི་ཕྱུག་འགྱུར་ལམ་སྟོན་ཡིན་མི་སྲིད། །
སྤྱི་ཚོགས་རྣམ་པ་ག་ཚོད་བཟང་གྱུར་ཀྱང་། །དཀའ་བ་མ་སྤྱད་ཕྱུག་པོ་ཆགས་མི་སྲིད། །

ནོར་འདོད་ཅན་ལ་བྱུར་གྱི་གཡབ་མོ་མང་། །ལྐུགས་རྟགས་་ཅན་ལ་ཆག་སྒོའི་དོང་རྙི་མང་། །
གཞན་ལ་གནོད་སེམས་བཅངས་ན་མི་འགྲིག་ཀྱང་། །གཞན་ལ་དོགས་ཟོན་བྱ་ཤེས་རང་ལ་ཕན། །

དཀའ་བ་དུ་མས་བསགས་པའི་དངུལ་ལོར་དག །སྐད་ཅིག་ཡུན་ལ་ཁྲམ་པར་ཤོར་བ་འདི། །
གཞན་ནོར་ཧམ་སེམས་བྱེད་འདོད་མི་གཉིས་ལས། །མཐའ་མཇུག་ཁྱོད་རང་ཕམ་པས་སུ་ལ་ཟེར། །

ཁྲམ་པའི་ངོ་འབག་བཤུ་བྱེད་རལ་གྲི་དང་། །གཡོ་སྒྱུའི་ལྕགས་ཀྱུ་་གཅོག་བྱེད་ཐོ་བ་དང་། །
ཆོམ་རྐུན་འདྲེ་ལག་བསྲེགས་བྱེད་མེ་ལྕེ་གསུམ། །གཞན་དུ་མ་འཚོལ་རང་སེམས་རང་བདག་གྱིས། །

སྤྱང་ཀིའི་ཁ་ནས་ཁྲག་ཐིགས་མི་ལྷུང་ཞིང་། །གནམ་ནས་ཤ་ཡི་བག་ལེབ་མི་ཟག་པའི། །
གཏམ་གྱི་སྙིང་པོ་ཡིད་ལ་བརྟན་བཅངས་ཀྱིས། །རང་ནོར་ཁྲམ་པར་མི་ཤོར་དམ་བཅའ་དགོས། །

ཤེས་མེད་ཚོར་མེད་རང་ཅག་སྤུན་ཟླ་རེ། །མགོ་བསྐོར་གཡོ་འོག་ཚུད་པའི་གཏམ་ཐོས་ན། །
ང་ཡི་སྙིང་ལ་ན་ཟུག་ཡང་ཡང་གཏོང་། །ན་ཟུག་མྱོང་གིན་སྙིང་གཏམ་ཡི་གེར་ཕབ། །
འདི་ཡང་དགེ་བའི་རྒྱུ་རུ་གྱུར་ཅིག་ཀྱེ། །

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།