ཕ་བོང་སྟེང་གི་རེ་སྒུག༼ ཞར་བཀོད་བཞི་ཡོད ༽

ང་ཡིས་ཕ་བོང་ཞིག་གི་སྟེང་ནས་ཡུན་ཙམ་བསྒུག།
སུ་ལ་བསྒུག་པ་ཆུ་ནང་ཟླ་བས་དྲིས་ལན་འདེབས།།
འགྲོ་འོང་མེད་པའི་གནས་ལུགས་ཤིག་ལ་ཐུག་བར་དུ།།
སྐོར་ལོག་ཡིན་པའི་རྟོག་པ་ཁྲ་བོ་རླབས་ཀྱིས་དེད།།
ཀྱེ་མ་ཆུ་ཡི་རླབས་རིས་མཐོང་ན་ཐུབ་པ་ཞིག།།
དབུ་ན་འོད་གོར་འཁྱུག་འཁྱུག་མིག་ལ་ཡུན་ཙམ་ཐོགས།།

                    ༢༠༡༤་༡༡་༢༢་ལ།

               མུན་པ་ནག་པོ།

ཤར་རླུང་ནང་ནས་མེ་ཏོག་ཅིག་གི་དྲི་ངད་ལྡང་།།
མུན་པ་གྱོན་པའི་སྣང་བ་བན་བུན་ཡན་བྱས་ཏེ།།
ཚོར་བའི་རྟ་རྒོད་རི་ལ་བྲོས་པའི་མཚན་ཞག་ཁྲོད།།
རྨིག་པའི་ཤུལ་ན་ཆུ་མིག་དེ་ཚོས་ཨུ་ཤུ་འཐེན།།

དགུང་གི་སྐར་འོད་ཆུ་བོའི་མིད་པར་འཚངས་བྱས་ཏེ།།
གློ་མཆིན་ངོས་དེར་འོད་ཐིག་བརྒྱད་སྟོང་གྱི་ལི་ལི།།
ང་ཡི་ལག་པས་མུན་པའི་གདོང་ལ་བྲབ་ཙམ་གྱིས།།
སྣོད་བཅུད་གཉིས་ཀྱི་ཤེའུ་སྟེང་ནས་འཁུན་བུ་འཆོར།།

                                ༢༠༡༥་༡༢་༨་ལ།

             ལག་ངོས་རི་མོར་ལྟོས་དང་།

ཁྱོད་ཀྱིས་ལག་པའི་རི་མོ་དག་ལ་ལྟ་ཙམ་བྱོས།།
མཛུབ་མོ་ལྔ་བོ་སངས་རྒྱས་སྐུ་ལྔ་ཉིད་དུ་འཆར།།
ལྷ་འམ་ལྷ་མོ་རྩེད་འཇོ་བྱེད་སའི་ལམ་ཡང་མངོན།།
འཇའ་དང་སྤྲིན་ཡང་ལམ་སྲང་འཚང་ཁ་མང་ཙམ་རྒྱག།
མི་དང་མི་མོའི་སྦྲ་ནག་ཕུབ་སའི་འཁོར་བ་ཡང་།།
རྒྱ་མཚོའི་འདབས་དང་རི་ཡི་སྐེད་ན་ཨུ་ཤུ་འཐེན།།
ཡུན་ཙམ་ལྟོས་དང་སྒྱུ་མའི་གྲོང་དང་དྲི་ཟའི་ཡུལ།།
ང་ཡི་པང་དང་ཁྱོད་ཀྱི་གམ་ལ་ནུར་ནས་ཡོང་།།
སེམས་ལ་ཆུ་དང་ཆུ་ལ་གྲུ་བརྒྱབ་བགྲོད་པ་དེ།།
སྤྲིན་གྱི་སྟེང་དང་འོད་ཀྱི་ཁྱིམ་ལ་འགྲུལ་བཞུད་བྱེད།།
མི་སེམས་དང་ནི་ཡུལ་ལྗོངས་གཉིས་ཀྱང་འདྲེས་ཙམ་བྱེད།།
སྐྱིད་ཀྱི་གདན་ལ་འདི་ལྟར་བཞུགས་དང་སྣང་བ་ཡིན།།
དེ་ལ་ཚིག་གི་ཕྱི་ཤུན་སྐོན་དང་སྙན་ངག་ལགས།།

             འཆི་བ།

སྣང་བ་རབ་རིབ་ཉིད་དུ་ཤར་བ་འདིས།།
རྟོག་པའི་གྲིབ་མ་ཁེར་བུ་འཁྱམ་དགོས་འདྲ།།
བར་དོའི་ལག་པས་ཚུར་ལ་གཡུག་པ་འདྲ།།
རྨི་ལམ་འདི་ག་ཤོག་བུའི་ཐང་དུ་ལུས།།
ཤེས་པའི་བྱེའུ་ཆུང་ཡར་ལ་འཕུར་གྲབས་བྱེད།།
གྱེས་པའི་གསེར་ཡིག་སྲིད་པར་འཇོག་དགོས་འདྲ།།
འབྱུང་བཞིའི་ཁམས་ནི་མི་དྭངས་འཁྲུགས་པར་བྱེད།།
སྔོན་གྱི་ལས་ཞིག་ཡིན་ནམ་ད་ལྟའི་རྐྱེན་ཞིག་ཡིན།།
འཆི་བ་ཞེས་པའི་ང་ལ་འབོད་པ་འདྲ།།
གཤིན་རྗེ་ཞེས་པའི་བཀའ་བརྡ་རྒྱག་པ་འདྲ།།
སོམ་ཉིའི་རྒྱ་ལ་ཚུད་པའི་གཙང་བོ་འདིས།།
ཀུ་ཅོ་མི་བྱེད་ག་ལེར་བཞུར་ཡང་སྲིད།།
ཡིན་ཙང་ང་ཡི་ཚོར་བའི་གཏིང་རིམ་ཀུན།།
ངོ་བོ་རང་བཞིན་ཞེས་པར་སྐྱབས་སུ་འགྲོ།།
དེ་ཚེ་དེ་བཞིན་གཤེགས་པ་ང་ཉིད་ཡིན།།

              སྙན་ངག་རློན་པ།

ང་ནི་མཚན་མོར་རྒྱུ་བའི་རི་བོང་འཛིན་པ་ཡིིན།།
མཐའ་རུ་འོད་ཆུང་རྒྱུ་སྐར་མང་བོ་འཚུབ་ཀྱང་རུང་།།
ཡིད་ཀྱི་ཟེའུ་འབྲུ་མངར་མོ་སྦྲང་ཆུང་གཅིག་ལ་དབང་།།
དེ་ཕྱིར་རྨ་བྱ་ཕྲག་དོག་ཅན་རྣམས་འདུ་བར་བྱེད།།
ཡིན་ཙང་རྨི་ལམ་རི་མགོར་ཁངས་སྐྱ་མར་མར་བབས།།
རྐང་ལམ་ཅི་ཙམ་བཏོད་ཀྱང་ཕྱིར་ཕྱིར་གསུབ་པར་བྱེད།།
མིག་ཟུང་རིག་རིག་རྒྱང་ལ་གཏད་དང་ཕྱིར་ལ་འཁྲེང་།།
གཅེས་སུ་འོས་པའི་མེ་ཏོག་གཅིག་གིས་དྲན་ཤིང་བཞག།
སྣང་བའི་ཕ་རོལ་ང་ཡིས་བཙལ་ཀྱང་མ་རྙེད་པས།།
རྨི་ལམ་ནང་ནས་རྨི་ལམ་སྟོན་མགོའི་སྤྲིན་ལ་འདྲེས།།
འདི་ནི་སེམས་ཀྱི་རྔ་ཆེན་རྡུང་བའི་སྔངས་འདར་ཡིན།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་བོང་སྟེང་གི་རེ་སྒུག༼ ཞར་བཀོད་བཞི་ཡོད ༽

2015-09-14 གཏེར་སྣང་བྱེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།