ངག་ཐུན་གྲོལ་བ།

ཞོགས་འོད།༼ བླ་རུང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-21


ཀུན་རྟོག་ཨ་ཡིག་སྔས་སུ་བཞག་པའི་འཕྲོར།།
ལས་སྐལ་ནཊ་བྱིའུ་ཚོམ་སྟེ་གངས་ལ་བབས།།
གངས་ཀྱི་གཞོགས་ཟུར་རེ་ལ་ཁྱེད་ཉིད་བྲིས།།
གངས་ཆུ་དྭངས་མོའི་བཞིན་དུ་ང་ཚོ་བྲིས།།
གཙང་བོས་རྐན་སྒྲ་གཏོག་པའི་སྒྲ་ཡི་ཟོལ།།
རི་ཆུའི་ཕྲག་དབར་ཐལ་དེ་ཕར་ལ་ཡལ།།
ལྗོན་པ་མང་པོས་ཁེབས་པའི་ལྗོངས་དང་ལྗོངས།།
སྒྱུ་མའི་རྒྱ་མཚོ་འཁྱིལ་བའི་ཁ་ལ་གཡེངས།།
རྨི་ལམ་མང་པོས་གཡུལ་ངོ་བཀྱེས་བའི་མོལ།།
ས་ཆེན་གདོང་དུ་མདུད་པ་མང་པོ་བཏབ།།
དྲན་པའི་མཐིལ་དུ་དྲན་པ་མང་པོ་བརྩེགས།།
ལོ་ཟླའི་མགུལ་དུའང་མེ་ཏོག་མང་པོ་གཏོར།།
གར་གྱི་ཡོ་ལང་རྒྱང་དུ་འདེད་པ་དང་།།
ཆུ་ཆེན་བརྒལ་ཞོར་ཆུ་སྣ་ཟློག་མཁན་གྱི།།
སྐྱོ་བའི་སྒྱེ་ཁ་མདུད་པའི་དཔའ་སྤོབས་ལ།།
སྨིག་རྒྱུས་རི་མོ་འབྲི་མཁན་ང་ཚོ་འཚེངས།།

གྲོགས་སྙན་ངག་པ་རྫ་སྐྱེས་ཕུར་བ་ལགས་ཕ་ཡུལ་བོད་དང་གྱེས་ཏེ་གཞན་ཡུལ་ལ་གོམ་ཁ་སྤོ་དུས་ལམ་བྲོ་ཞིག་གི་དོད་དུ་ཞོགས་འོད་དུ་འབོད་པས་བླ་རུང་ནང་བསྟན་སློབ་གླིང་དུ་བསྟབས་སོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངག་ཐུན་གྲོལ་བ།

2015-09-21 ཞོགས་འོད།༼ བླ་རུང ༽ ཀློག་གྲངས། མཆན ཡོད།


ཀུན་རྟོག་ཨ་ཡིག་སྔས་སུ་བཞག་པའི་འཕྲོར།།
ལས་སྐལ་ནཊ་བྱིའུ་ཚོམ་སྟེ་གངས་ལ་བབས།།
གངས་ཀྱི་གཞོགས་ཟུར་རེ་ལ་ཁྱེད་ཉིད་བྲིས།།
གངས་ཆུ་དྭངས་མོའི་བཞིན་དུ་ང་ཚོ་བྲིས།།
གཙང་བོས་རྐན་སྒྲ་གཏོག་པའི་སྒྲ་ཡི་ཟོལ།།
རི་ཆུའི་ཕྲག་དབར་ཐལ་དེ་ཕར་ལ་ཡལ།།
ལྗོན་པ་མང་པོས་ཁེབས་པའི་ལྗོངས་དང་ལྗོངས།།
སྒྱུ་མའི་རྒྱ་མཚོ་འཁྱིལ་བའི་ཁ་ལ་གཡེངས།།
རྨི་ལམ་མང་པོས་གཡུལ་ངོ་བཀྱེས་བའི་མོལ།།
ས་ཆེན་གདོང་དུ་མདུད་པ་མང་པོ་བཏབ།།
དྲན་པའི་མཐིལ་དུ་དྲན་པ་མང་པོ་བརྩེགས།།
ལོ་ཟླའི་མགུལ་དུའང་མེ་ཏོག་མང་པོ་གཏོར།།
གར་གྱི་ཡོ་ལང་རྒྱང་དུ་འདེད་པ་དང་།།
ཆུ་ཆེན་བརྒལ་ཞོར་ཆུ་སྣ་ཟློག་མཁན་གྱི།།
སྐྱོ་བའི་སྒྱེ་ཁ་མདུད་པའི་དཔའ་སྤོབས་ལ།།
སྨིག་རྒྱུས་རི་མོ་འབྲི་མཁན་ང་ཚོ་འཚེངས།།

གྲོགས་སྙན་ངག་པ་རྫ་སྐྱེས་ཕུར་བ་ལགས་ཕ་ཡུལ་བོད་དང་གྱེས་ཏེ་གཞན་ཡུལ་ལ་གོམ་ཁ་སྤོ་དུས་ལམ་བྲོ་ཞིག་གི་དོད་དུ་ཞོགས་འོད་དུ་འབོད་པས་བླ་རུང་ནང་བསྟན་སློབ་གླིང་དུ་བསྟབས་སོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།