སྦྲན་པ།


              ༡
ཡི་གེ་རྐང་རུལ་ཅན་ཞིག་འབྲོག་ལ་ཐོན།།
འབྲོག་པའི་གོ་ཁ་ཚེ་ལ་སྲུང་དགོས་ཟེར།།
ཡབ་ཀྱི་རལ་བ་མེ་ལ་འབུད་རྒྱུ་ཟེར།།
ཡ་སྟོད་ནོར་ལུག་ནམ་མཁར་བདའ་རྒྱུ་ཟེར།།
ང་ཡི་སྨག་རིམ་ཀློང་གི་རི་གཞས་ལ།།
གདངས་ཀྱིས་སྤུད་དེ་སྐྱོ་བ་གྱེར་བ་ན།།
རྨི་ལམ་གཞན་ཞིག་འབར་བ་མངོན་པ་ཨེ།།
རྨི་ལམ་ནང་དུ་ཀི་རིང་མྱ་ངན་གདུ།།
ཁ་ཚུབས་ནང་གི་དུད་པར་བློ་ཞིག་སློབས།།

              ༢
དེ་རིང་གྲོང་སྐྱ་ལེབ་མོའི་ཁ་ལེབ་ཐོག།
སྙིང་གི་ཀ་ཕུར་འཕྱར་ནས་རྡུང་བ་ན།།
སྒྲ་ནི་གདུག་རྩུབ་ཅན་ཞིག་བློ་ཁོག་རྒྱུ།།
བྲང་གི་གློ་སྙིང་མཆིན་གསུམ་རིལ་རིལ་འགུལ།།
ཡར་ནས་ཡར་ལ་འཚངས་ཤིང་དུད་སྨུག་འཕྱུར།།
ང་ཡི་ཁ་ནི་དུད་ཁུང་གཙའ་རོ་མ།།
ལུས་འདི་འབར་ཁ་མེད་པའི་སྒྱེད་ངན་ཞིག།
ཚེ་བླ་སྲོག་གསུམ་དེ་ཡི་བུད་ཤིང་འདྲ།།
སྐྱོ་གར་གང་དུ་འཁྲབ་པ་ཐལ་བ་ཞིག།
ནམ་མཁའ་འདི་ཉིད་དྭངས་པའི་བློ་ཞིག་སྦྱོངས།།

            ༣
ཐ་སྙད་མགར་ནས་དམག་ལ་འགྲོ་གྲབས་ཡོད།།
སྙིང་བོ་གཅུད་ནས་ལམ་ལ་ཆས་འདང་ཡོད།།
རྨི་ལམ་གཞན་གྱི་སྤར་ཁ་ལྷོད་མོ་བྱོས།།
རྨི་ལམ་གཞན་གྱི་རྣམ་ཤེས་དལ་མོ་བྱོས།།
ཐལ་བ་རླུང་གིས་འཁྱེར་བཞིན་མིག་ཁར་འབྲད།།
སྣང་བའི་ནད་དྲེག་ལྷུང་ན་ཀླད་ཞོ་རྫོད།།
བདག་གི་གཞིས་ཀྱི་ཕྱི་ནང་མ་སློག་ཀྱེ།།

                      ༢༠༡༥-༡༠-༦

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲན་པ།

2015-10-21 ཆར་ཐིགས། ཀློག་གྲངས། མཆན ཡོད།


              ༡
ཡི་གེ་རྐང་རུལ་ཅན་ཞིག་འབྲོག་ལ་ཐོན།།
འབྲོག་པའི་གོ་ཁ་ཚེ་ལ་སྲུང་དགོས་ཟེར།།
ཡབ་ཀྱི་རལ་བ་མེ་ལ་འབུད་རྒྱུ་ཟེར།།
ཡ་སྟོད་ནོར་ལུག་ནམ་མཁར་བདའ་རྒྱུ་ཟེར།།
ང་ཡི་སྨག་རིམ་ཀློང་གི་རི་གཞས་ལ།།
གདངས་ཀྱིས་སྤུད་དེ་སྐྱོ་བ་གྱེར་བ་ན།།
རྨི་ལམ་གཞན་ཞིག་འབར་བ་མངོན་པ་ཨེ།།
རྨི་ལམ་ནང་དུ་ཀི་རིང་མྱ་ངན་གདུ།།
ཁ་ཚུབས་ནང་གི་དུད་པར་བློ་ཞིག་སློབས།།

              ༢
དེ་རིང་གྲོང་སྐྱ་ལེབ་མོའི་ཁ་ལེབ་ཐོག།
སྙིང་གི་ཀ་ཕུར་འཕྱར་ནས་རྡུང་བ་ན།།
སྒྲ་ནི་གདུག་རྩུབ་ཅན་ཞིག་བློ་ཁོག་རྒྱུ།།
བྲང་གི་གློ་སྙིང་མཆིན་གསུམ་རིལ་རིལ་འགུལ།།
ཡར་ནས་ཡར་ལ་འཚངས་ཤིང་དུད་སྨུག་འཕྱུར།།
ང་ཡི་ཁ་ནི་དུད་ཁུང་གཙའ་རོ་མ།།
ལུས་འདི་འབར་ཁ་མེད་པའི་སྒྱེད་ངན་ཞིག།
ཚེ་བླ་སྲོག་གསུམ་དེ་ཡི་བུད་ཤིང་འདྲ།།
སྐྱོ་གར་གང་དུ་འཁྲབ་པ་ཐལ་བ་ཞིག།
ནམ་མཁའ་འདི་ཉིད་དྭངས་པའི་བློ་ཞིག་སྦྱོངས།།

            ༣
ཐ་སྙད་མགར་ནས་དམག་ལ་འགྲོ་གྲབས་ཡོད།།
སྙིང་བོ་གཅུད་ནས་ལམ་ལ་ཆས་འདང་ཡོད།།
རྨི་ལམ་གཞན་གྱི་སྤར་ཁ་ལྷོད་མོ་བྱོས།།
རྨི་ལམ་གཞན་གྱི་རྣམ་ཤེས་དལ་མོ་བྱོས།།
ཐལ་བ་རླུང་གིས་འཁྱེར་བཞིན་མིག་ཁར་འབྲད།།
སྣང་བའི་ནད་དྲེག་ལྷུང་ན་ཀླད་ཞོ་རྫོད།།
བདག་གི་གཞིས་ཀྱི་ཕྱི་ནང་མ་སློག་ཀྱེ།།

                      ༢༠༡༥-༡༠-༦

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།