སྒྱུ་མ་རབ་རིབ།

བཀྲ་ཤིས་རྡོ་རྗེ།༼ རྨ་ཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-18


འོད་ཀྱི་སྐར་ཁུང་དེ་ལ་ནི།།
མིག་གི་རྒྱལ་མོ་བཟེད་པ་ཡིས།།
རྨི་ལམ་ཐུན་གཅིག་རྨིས་པ་ལ།།
ང་དང་ཁྱོད་ཀྱི་མི་ཚེ་འཁྱིལ།།

སྤྲིན་ལ་འཐབས་པའི་སེམས་ངོས་སུ།།
ཁྱོད་ཀྱི་དྲོད་ཁོལ་སྨིན་པ་ཡིས།།
ཚེ་ཡི་རི་མོ་སྐྱ་ནར་དེ།།
རབ་རིབ་ཤིག་ལས་ཅི་ཡང་གདའ།།

སེམས་ལ་ལྷུང་བའི་སྙིང་སྡུག་གང་།།
ཁྲག་རྩའི་སྦུབས་སུ་ལྷོག་ལྷོག་གདུ།།
སྐྲ་ལོ་དཀར་བའི་ཨ་མ་ཞིག།
སྣང་བའི་སྒང་དུ་ཡ་ཡོར་ཐོན།།

དུས་ཀྱི་རྡོ་རིང་བསླངས་པ་ལ།།
སྙིང་གི་དམ་ཚིག་བརྟན་སེ་དགོས།།
འགྲོས་ཆུང་གོམ་སྟབས་གཞལ་བ་དེ།།
མི་ཚེའི་གླུ་དབྱངས་ཡིན་ན་བསམ།།

མི་རྟག་རླུང་བུ་ལྡང་བ་ལ།།
ཞེ་འདང་འཁུར་བ་མ་ཡིན་ཞིང་།།
སྲོག་སྣེར་བསྒོས་པའི་དབྱངས་ཅན་མ།།
གཙུག་ཕུད་གདན་དུ་དལ་བཞུགས་མཛོད།།

བྱེ་མའི་སྒང་གི་རྐང་རྗེས་དེ།།
དུས་ཀྱི་ཆར་བས་བརླན་ནའང་།།
གཟུགས་མེད་གྲིབ་མ་བསྣོལ་བ་ལ།།
དབྱེ་མཚམས་སུ་ཞིག་བསྒྲེངས་བར་སྤོབས།།

རྒྱང་ནས་མཆེད་པའི་གླུ་སྐད་དེར།།
ངས་ནི་རྣ་བ་དཀྲོགས་དཀྲོགས་ཉན།།
ཆུ་ལ་ཤར་བའི་གཟུགས་བརྙན་དེ།།
ཁྱོད་རང་ཡིན་པ་ཞེ་ལ་བབས།།

                              ༢༠༡༤-༩-༡༥ ཉིན་བྲིས།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་མ་རབ་རིབ།

2015-11-18 བཀྲ་ཤིས་རྡོ་རྗེ།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།


འོད་ཀྱི་སྐར་ཁུང་དེ་ལ་ནི།།
མིག་གི་རྒྱལ་མོ་བཟེད་པ་ཡིས།།
རྨི་ལམ་ཐུན་གཅིག་རྨིས་པ་ལ།།
ང་དང་ཁྱོད་ཀྱི་མི་ཚེ་འཁྱིལ།།

སྤྲིན་ལ་འཐབས་པའི་སེམས་ངོས་སུ།།
ཁྱོད་ཀྱི་དྲོད་ཁོལ་སྨིན་པ་ཡིས།།
ཚེ་ཡི་རི་མོ་སྐྱ་ནར་དེ།།
རབ་རིབ་ཤིག་ལས་ཅི་ཡང་གདའ།།

སེམས་ལ་ལྷུང་བའི་སྙིང་སྡུག་གང་།།
ཁྲག་རྩའི་སྦུབས་སུ་ལྷོག་ལྷོག་གདུ།།
སྐྲ་ལོ་དཀར་བའི་ཨ་མ་ཞིག།
སྣང་བའི་སྒང་དུ་ཡ་ཡོར་ཐོན།།

དུས་ཀྱི་རྡོ་རིང་བསླངས་པ་ལ།།
སྙིང་གི་དམ་ཚིག་བརྟན་སེ་དགོས།།
འགྲོས་ཆུང་གོམ་སྟབས་གཞལ་བ་དེ།།
མི་ཚེའི་གླུ་དབྱངས་ཡིན་ན་བསམ།།

མི་རྟག་རླུང་བུ་ལྡང་བ་ལ།།
ཞེ་འདང་འཁུར་བ་མ་ཡིན་ཞིང་།།
སྲོག་སྣེར་བསྒོས་པའི་དབྱངས་ཅན་མ།།
གཙུག་ཕུད་གདན་དུ་དལ་བཞུགས་མཛོད།།

བྱེ་མའི་སྒང་གི་རྐང་རྗེས་དེ།།
དུས་ཀྱི་ཆར་བས་བརླན་ནའང་།།
གཟུགས་མེད་གྲིབ་མ་བསྣོལ་བ་ལ།།
དབྱེ་མཚམས་སུ་ཞིག་བསྒྲེངས་བར་སྤོབས།།

རྒྱང་ནས་མཆེད་པའི་གླུ་སྐད་དེར།།
ངས་ནི་རྣ་བ་དཀྲོགས་དཀྲོགས་ཉན།།
ཆུ་ལ་ཤར་བའི་གཟུགས་བརྙན་དེ།།
ཁྱོད་རང་ཡིན་པ་ཞེ་ལ་བབས།།

                              ༢༠༡༤-༩-༡༥ ཉིན་བྲིས།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།