ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་དཔྱིད་མགོའི་སྦྲང་ཆར།

༄༅།། ན་མོ་སྭ་ར་སྭ་སྟྱ །

རབ་དཀར་ཀེ་ལ་ཤ་ལྟར་སྐུ་མདོག་དཀར་མདངས་ཀྱིས་ཕྱུག་ལ།།
ཟླ་བའི་མ་མའི་ངོས་སུ་ཅུང་ཙམ་ཙོག་པུའི་ཚུལ་བཞུགས་ཤིང་།།
ཐོར་ཚུགས་གྱེན་དུ་བསྒྲེངས་ཤིང་དབུ་སྐྲས་སྐུ་སྟོད་རང་ཁེབས་པ།།
ལྷ་མོ་དབྱངས་ཅན་མ་ནི་ན་ཆུང་མཛེས་མ་ཡི་གཙུག་རྒྱན།།

ཞལ་ན་མཛེས་འཛུམ་བཀྲ་བའི་དཔལ་མོ་དབྱངས་ཅན་གྱི་ལྷ་མོ།།
ཕྱག་ཏུ་ཕང་འགྲོས་ཉར་བའི་ཚངས་སྲས་ཡིད་འཕྲོག་གི་ལྷ་མོ།།
ས་གསུམ་སྲོག་ལྡན་མཐའ་དག་ལྷ་མོའི་གསུངས་དབྱངས་ཀྱིས་མྱོས་ཤིང་།།
གཙུག་གི་དུང་མདོག་ཟླ་བས་ཀུན་གྱི་ངལ་དུབ་ལ་སོས་སྦྱིན།།

རྒྱུད་མང་སྔོན་མོའི་སྒྲ་ཡིས་སྐྱེ་འགྲོར་དགོས་འདོད་ཀྱི་རེ་སྐོང་།།
པདྨ་རཱ་གའི་མདངས་འཛིན་ཡིད་འོང་ཨ་འཇམ་གྱི་མཁུར་ཤ།།
དཀྱུས་རིང་རི་དྭགས་མིག་ཅན་ཡིད་འཕྲོག་བཅོམ་ལྡན་གྱི་མ་མས།།
ལྷ་མོའི་ཚོགས་གཞན་སྐྱེངས་ཏེ་ཅི་བྱ་གཏོད་མེད་དུ་བཏང་འགྲོ།།

མྱོས་བུམ་ཟུང་གཉིས་མཁྲེང་ཞིང་ཆགས་པའི་བསམ་གཏན་ལ་བཀོད་ན།།
སུ་ཡང་འདོད་པའི་རྒྱ་ལས་ཐར་བའི་རེ་བ་ནི་མེད་དོ།།
འགྲོ་དྲུག་སེམས་པ་ཤོར་ས་སྙན་པའི་སྒྲ་དབྱངས་དེ་འཛིན་པའི།།
ཚངས་སྲས་ཐེངས་གཅིག་མཇལ་བར་དད་གུས་རི་མོ་ལ་ཕབ་ཡོད།།

ལྷ་མོ་དབྱངས་ཅན་མ་ལ་སྒོ་གསུམ་གུས་པའི་ངང་ཕྱག་འཚལ།།
རྩ་བའི་བླ་མ་མཆོག་དང་དབྱེར་མེད་ངག་དབང་གི་ལྷ་མོ།།
བདག་བློའི་མ་རིག་མུན་པ་སེལ་རོགས་ཤེས་རབ་ཀྱི་ལྷ་མོ།།
སྨྲ་བརྗོད་རྨོངས་བའི་གཉིད་ལས་སློངས་མཛད་སྨྲ་བ་ཡི་ལྷ་མོ།།

ཕྱག་གི་རྒྱུད་མང་ཐེངས་གཅིག་གཡར་རོགས་སྒྲ་དབྱངས་ཀྱི་ལྷ་མོ།།
ཀུན་ལ་མཁོ་བའི་དཔལ་སྟེར་ལང་ཚོའི་གྲགས་པ་ཡིས་འབར་བ།།
རྣམ་འདྲེན་རྒྱལ་བའི་ཆོས་ཀུན་དབྱངས་རྟས་བར་མེད་དུ་གསུངས་པ།།
ཇི་ལྟ་ཇི་སྙེད་མཁྱེན་ཤིང་ཐུགས་རྒྱུད་སྒམ་པོ་རང་མཆིས་པ།།

ལྷ་མོ་དབྱངས་ཅན་མ་ལ་སྒོ་གསུམ་གུས་པས་ངང་ཕྱག་འཚལ།།
ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་བརྩེ་བ་ཡི་ལྷ་མོ།།
མ་རིག་མུན་པས་རྨོངས་པའི་རྒྱུས་མེད་ཉམས་ཐག་གི་ང་ལ།།
ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་ངག་གི་དངོས་གྲུབ་དེ་སྩོལ་རོགས།།
ཐམས་ཅད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་གནས་འདི་ལ་ཕེབས་ཤོག །

                                      ༢༠༡༥ལོའི་ཟླ༤ཚེས༡༥ཉིན།  

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་དཔྱིད་མགོའི་སྦྲང་ཆར།

2015-11-25 རྭ་དཔལ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།