ཁ་མི་གྲག་པའི་ཡི་གེ་དག་ཤུལ་ཏུ་ལྷག


             _____“ཁ་བ་སྙིང་ལྕགས”ལགས་ལ།

ཁྱོད་རང་མཁའ་མཐའ་བརྒྱུད་ནས་རི་ལ་ཡིབས།།
ལས་ཀྱི་ལམ་དང་ཚེ་ཡི་ཉི་ནུབ་བསུས།།
ཡིག་འབྲུའི་འཁོར་བ་མཁའ་ནས་ངུས་བྱུང་ངོ་།།
ཚིག་གི་ལྷ་ཚོགས་ཞེ་ནས་སྨྲེང་བྱུང་ངོ་།།

ཁྱོད་ནི་རི་ལ་འཐིབས་པའི་སྨུག་ཞགས་ཡིན།།
གངས་རིའི་རྩེ་ལ་ཀ་ཁའི་ཚོན་རུས་བྲིས།།
ཁྱོད་ནི་ཆུ་ལ་ཆགས་པའི་ཉ་མོ་སྟེ།།
ལྡེམ་མྱུར་གར་གྱིས་གཙང་པོ་དབྱངས་སུ་འགུག

ང་ལ་ཁྱོད་ཀྱིས་བྲིས་པའི་མིང་བྱང་ཡོད།།
དེ་ལ་ཁྱོད་ཀྱི་ཐོད་རིས་བགད་དེ་འཛུམ།།
ང་ལ་ཁྱོད་ཀྱིས་བཏང་བའི་གཞས་ཤིག་ཡོད།།
དེ་ལ་ཁྱོད་ཀྱི་རྣམ་ཤེས་འཁོར་ཏེ་ངུ།།

ང་ཅག་སྨྲེང་བ་ཁྱེར་ནས་ངུ་ཤུམས་འཐེན།།
ངག་གི་ལམ་ལ་ཁྱེད་ཀྱི་ཡིག་ཚོགས་གྱེར།།
འོ་སྐོལ་གདུངས་བས་གཙེས་ཏེ་འོ་དོད་འཐེན།།
ཞེ་ཡི་མཐིལ་ལ་ཁྱོད་ཀྱི་བྲག་ཅ་མཆེད།།

གང་ལྟར་ཁྱོད་རང་འདི་ལྟར་བུད་སོང་ངོ།།
ཨེ་མ་ཁྱེད་ཉིད་འདི་ལྟར་བཞུད་བྱུང་ངོ།།
ཉི་ཟླ་ནག་པོ་ཚེས་པའི་གཞིས་ཀ་ནས།།
ཁྱོད་རང་ཆོས་ཉིད་དགེ་བས་མི་ཕོངས་ཤོག།

      ཞེ་སེམས་སྐྱོ་བ་དྲག་པོས་མནར་གྱིན་སྨྲས་པའོ།།

                           2015.6.27 

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་མི་གྲག་པའི་ཡི་གེ་དག་ཤུལ་ཏུ་ལྷག

2015-12-13 རས་གཟན་དམར་པོ། ཀློག་གྲངས། མཆན ཡོད།


             _____“ཁ་བ་སྙིང་ལྕགས”ལགས་ལ།

ཁྱོད་རང་མཁའ་མཐའ་བརྒྱུད་ནས་རི་ལ་ཡིབས།།
ལས་ཀྱི་ལམ་དང་ཚེ་ཡི་ཉི་ནུབ་བསུས།།
ཡིག་འབྲུའི་འཁོར་བ་མཁའ་ནས་ངུས་བྱུང་ངོ་།།
ཚིག་གི་ལྷ་ཚོགས་ཞེ་ནས་སྨྲེང་བྱུང་ངོ་།།

ཁྱོད་ནི་རི་ལ་འཐིབས་པའི་སྨུག་ཞགས་ཡིན།།
གངས་རིའི་རྩེ་ལ་ཀ་ཁའི་ཚོན་རུས་བྲིས།།
ཁྱོད་ནི་ཆུ་ལ་ཆགས་པའི་ཉ་མོ་སྟེ།།
ལྡེམ་མྱུར་གར་གྱིས་གཙང་པོ་དབྱངས་སུ་འགུག

ང་ལ་ཁྱོད་ཀྱིས་བྲིས་པའི་མིང་བྱང་ཡོད།།
དེ་ལ་ཁྱོད་ཀྱི་ཐོད་རིས་བགད་དེ་འཛུམ།།
ང་ལ་ཁྱོད་ཀྱིས་བཏང་བའི་གཞས་ཤིག་ཡོད།།
དེ་ལ་ཁྱོད་ཀྱི་རྣམ་ཤེས་འཁོར་ཏེ་ངུ།།

ང་ཅག་སྨྲེང་བ་ཁྱེར་ནས་ངུ་ཤུམས་འཐེན།།
ངག་གི་ལམ་ལ་ཁྱེད་ཀྱི་ཡིག་ཚོགས་གྱེར།།
འོ་སྐོལ་གདུངས་བས་གཙེས་ཏེ་འོ་དོད་འཐེན།།
ཞེ་ཡི་མཐིལ་ལ་ཁྱོད་ཀྱི་བྲག་ཅ་མཆེད།།

གང་ལྟར་ཁྱོད་རང་འདི་ལྟར་བུད་སོང་ངོ།།
ཨེ་མ་ཁྱེད་ཉིད་འདི་ལྟར་བཞུད་བྱུང་ངོ།།
ཉི་ཟླ་ནག་པོ་ཚེས་པའི་གཞིས་ཀ་ནས།།
ཁྱོད་རང་ཆོས་ཉིད་དགེ་བས་མི་ཕོངས་ཤོག།

      ཞེ་སེམས་སྐྱོ་བ་དྲག་པོས་མནར་གྱིན་སྨྲས་པའོ།།

                           2015.6.27 

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།