དར་རྩེ་མདོའི་མཚན་མོ།


ཆར་སིམ་ཁྲོད་ཀྱི་ཁྱོད་རང་སྟེ།།
རླུང་བུས་དཀྲིས་ཤིང་མུན་པས་བསྡམས།
རི་བོའི་ཕར་ཚུན་ཆོད་པའི་མི།།
སྐྱོ་བ་སྐྱེས་པར་ཅིས་མི་འགྱུར།།
བརྩེ་བའི་མདུད་པའི་སྣེ་མོ་རུ།།
ཆུང་ཆུང་ལས་ཀྱི་མཛའ་གཞས་འདར།།
མགོ་བོ་སྨད་ཙམ་བྱས་པ་ན།།
མི་ཚེའི་རི་མོ་ཆུ་ལ་ཟགས།།
ཆུ་བོའི་གཞུང་ལ་མེ་ཏོག་སྐྱེས།།
མིག་ཆུའི་གདུང་བ་གཉིས་སུ་གྱེས།།

དོ་ནུབ་ང་ནི་བྱིའུ་ཞིག།
གཟེབ་ཏུ་ཚུད་པའི་བྱིའུ་ཞིག།
ཡིད་ལ་སྐྱེས་པའི་ན་ཟུག་བཅས།།
གཙང་བོའི་ནང་དུ་ལྷུང་གྲབས་འདུག།
མཚན་ལམ་རིང་མོའི་ནགས་ཚལ་གསེབ།།
སྙིང་གར་རྡེག་པའི་དབྱངས་རྟ་དེ།།
དར་མདོའི་མཛའ་གཞས་ཨེ་ཡིན་སྙམ།།
ཁྱོད་ཀྱིས་བཏང་བ་མིན་ནམ་སྙམ།།
གཞས་དེའི་ཕྱེད་ཀར་སྨུག་པ་འཐིབ།།
གཞས་དེའི་ཕྱེད་ཀར་སྐྱོ་བ་འཐིབ།།

དར་རྩེ་མདོ་ཡི་མཚན་མོའི་འོག།
ཁྱོད་ཀྱི་ཕྱོགས་སུ་འཕྲིན་ཞིག་བྲིས།།
སྐྱེ་བ་འདི་ཡི་གཏམ་རྒྱུད་བྲིས།།
གཏམ་རྒྱུད་ནང་དུ་མི་ཞིག་བྲིས།།
འཇིག་རྟེན་འདི་ཡང་ཆུང་སོང་ངམ།།
བྱེ་མའི་ཐང་སྟོང་ཞིག་ཏུ་ཡང་།།
རླུང་གིས་འདར་བའི་དབྱངས་རྟ་ཞིག།
སེམས་ནས་སེམས་ལ་སྤྲད་པ་ཙམ།།
ཁྱོད་རང་རྟག་པར་མ་སྐྱོ་ཞིག།
ང་ཡི་མིག་སྔར་སྐྱོ་བ་སྟེ།།
མུན་པའི་སྒོ་མོ་རྡུང་བ་རེད།།
གྲིབ་མས་རྣམ་ཤེས་དེད་པ་རེད།།
དོ་ནུབ་མཚན་མོའི་ཕྱི་ནང་དུ།།
མཛའ་གཞས་རེ་རེའི་གྲིབ་མ་འཕུར།།
               2015.7.7.མཚན་མོར་གྲུབ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དར་རྩེ་མདོའི་མཚན་མོ།

2015-12-18 ཐོ་ཡོར། ཀློག་གྲངས། མཆན ཡོད།


ཆར་སིམ་ཁྲོད་ཀྱི་ཁྱོད་རང་སྟེ།།
རླུང་བུས་དཀྲིས་ཤིང་མུན་པས་བསྡམས།
རི་བོའི་ཕར་ཚུན་ཆོད་པའི་མི།།
སྐྱོ་བ་སྐྱེས་པར་ཅིས་མི་འགྱུར།།
བརྩེ་བའི་མདུད་པའི་སྣེ་མོ་རུ།།
ཆུང་ཆུང་ལས་ཀྱི་མཛའ་གཞས་འདར།།
མགོ་བོ་སྨད་ཙམ་བྱས་པ་ན།།
མི་ཚེའི་རི་མོ་ཆུ་ལ་ཟགས།།
ཆུ་བོའི་གཞུང་ལ་མེ་ཏོག་སྐྱེས།།
མིག་ཆུའི་གདུང་བ་གཉིས་སུ་གྱེས།།

དོ་ནུབ་ང་ནི་བྱིའུ་ཞིག།
གཟེབ་ཏུ་ཚུད་པའི་བྱིའུ་ཞིག།
ཡིད་ལ་སྐྱེས་པའི་ན་ཟུག་བཅས།།
གཙང་བོའི་ནང་དུ་ལྷུང་གྲབས་འདུག།
མཚན་ལམ་རིང་མོའི་ནགས་ཚལ་གསེབ།།
སྙིང་གར་རྡེག་པའི་དབྱངས་རྟ་དེ།།
དར་མདོའི་མཛའ་གཞས་ཨེ་ཡིན་སྙམ།།
ཁྱོད་ཀྱིས་བཏང་བ་མིན་ནམ་སྙམ།།
གཞས་དེའི་ཕྱེད་ཀར་སྨུག་པ་འཐིབ།།
གཞས་དེའི་ཕྱེད་ཀར་སྐྱོ་བ་འཐིབ།།

དར་རྩེ་མདོ་ཡི་མཚན་མོའི་འོག།
ཁྱོད་ཀྱི་ཕྱོགས་སུ་འཕྲིན་ཞིག་བྲིས།།
སྐྱེ་བ་འདི་ཡི་གཏམ་རྒྱུད་བྲིས།།
གཏམ་རྒྱུད་ནང་དུ་མི་ཞིག་བྲིས།།
འཇིག་རྟེན་འདི་ཡང་ཆུང་སོང་ངམ།།
བྱེ་མའི་ཐང་སྟོང་ཞིག་ཏུ་ཡང་།།
རླུང་གིས་འདར་བའི་དབྱངས་རྟ་ཞིག།
སེམས་ནས་སེམས་ལ་སྤྲད་པ་ཙམ།།
ཁྱོད་རང་རྟག་པར་མ་སྐྱོ་ཞིག།
ང་ཡི་མིག་སྔར་སྐྱོ་བ་སྟེ།།
མུན་པའི་སྒོ་མོ་རྡུང་བ་རེད།།
གྲིབ་མས་རྣམ་ཤེས་དེད་པ་རེད།།
དོ་ནུབ་མཚན་མོའི་ཕྱི་ནང་དུ།།
མཛའ་གཞས་རེ་རེའི་གྲིབ་མ་འཕུར།།
               2015.7.7.མཚན་མོར་གྲུབ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།