སྤྲིན་དང་སྨུག་པ།༼ ཞར་བཀོད་གཅིག་ཡོད ༽

ད་ལོའི་ནམ་ཟླ་འདི་ཡིན་ནམ་ཟླ་དབྱར་ཀ་འདི་ཡིན། །
རི་བོར་སྨུག་པ་འཐིབ་པ་ཁྱོད་རང་དྲན་པ་ཨེ་ཡིན། །
ཤག་ཤག་ཆར་བ་བབས་པ་ཁྱོད་རང་ངུས་པ་ཨེ་ཡིན། །
ཤུར་ཤུར་རླུང་བུ་གཡུག་པ་ཁྱོད་རང་ཡོང་བ་ཨེ་ཡིན། །
ཁྱོད་ནི་ཆར་བའི་ཟོལ་གྱིས་སུ་ཡི་ཡིད་ལ་བབས་ཡོད། །
ཁྱོད་ནི་སྨུག་པའི་ཟོལ་གྱིས་སུ་ཡི་ཡིད་ལ་འཐིབ་ཡོད། །
ཁྱོད་ནི་རླུང་བུའི་ཟོལ་གྱིས་ག་ནས་གང་ལ་བུད་འགྲོ། །

མི་ཞིག་བློ་ལ་བབས་པ་བྲང་དང་མིག་ལ་ཐོགས་པ། །
ཡིད་ལ་གདུང་བ་བྱུང་བ་དྲན་པའི་ན་ཟུག་བྲུག་པ། །
བརྩེ་བའི་ནམ་མཁའ་ཨེ་ཡིན་སྙིང་ལ་སྡུག་པ་ཨེ་ཡིན། །
ཁྱིམ་གྱི་ཆུང་མ་ཨེ་ཡིན་སྙིང་ནས་གཅེས་པ་ཨེ་ཡིན། །
ཁྱོད་ནི་སྤྲིན་པའི་སྟེང་གི་ནམ་མཁའ་སྔོན་པོ་དེ་རེད། །
ཁྱོད་ནི་སྨུག་པའི་གསེབ་ཀྱི་ས་གཞི་ལྗང་གུ་དེ་རེད། །
ས་གནམ་གཉིས་ཀྱི་གཞུང་གི་མེ་ལོང་སྐྱ་བོ་དེ་རེད། །

ཞེ་ལ་དངན་པ་ཐུལ་བའི་ནམ་ཟླ་ནག་པོ་ཞིག་ལས། །
ཡིད་ལ་དྲན་པ་འཁྲིལ་བའི་སྣང་བའི་ཆག་རོ་ཞིག་ལས། །
གློ་ལ་ཚེར་མ་ཟུག་པའི་ལམ་ཀ་ཞིག་རོ་ཞིག་ལས། །
ང་ཡིས་ད་དུང་མ་ཤེས་མི་རྐྱང་འཁོར་བ་རི་ཡིན། །
འཁོར་བ་རི་ལ་བཅའ་ན་རི་ལ་སྨུག་པ་མ་འཐིབ། །
ང་ཡི་འཁོར་བ་བོར་འགྲོ་ང་ཡི་མི་ཚེ་འཁྱག་འགྲོ། །
ང་ཡི་ལམ་བུ་གུག་འགྲོ་འཚོ་བའི་ཁ་དོག་བོར་འགྲོ། །

མདང་ནུབ་ཁྱོད་དང་ཕྲད་པ་དེ་རིང་ཁྱོད་དང་བྲལ་བ། །
མི་ཚེ་ཟེར་བའི་སྒང་རེད་འཁོར་བ་ཟེར་བའི་གཤོང་རེད། །
འུ་ཚོ་འགྱུར་བའི་མི་རེད་ཨ་གསར་སྣང་བའི་ཁམས་རེད། །
ཁྱོད་ནི་རྒྱང་གི་མི་རེད་གློ་བུར་འོང་བའི་མགྲོན་རེད། །
ནམ་ཞིག་མགྲོན་པོ་བུད་འགྲོ་གྱེས་ཁར་སྐྱོ་བ་བཞག་འགྲོ། །
མི་ཚེ་ཐུང་ཐུང་འདི་རེད་དྲན་ཤིང་ལན་མང་མ་འཇོག།
དྲན་པའི་སྣང་བ་འཁྱག་སྟེ་དབྱར་ལ་དར་ཁ་འགྲིམ་འགྲོ། །

ང་ཡི་ཡུལ་དང་ཁྱིམ་མི་ང་ཡི་འཚོ་བའི་ཕྱེད་ཡིན། །
ང་ཡི་འཚོ་བ་འདི་ཡང་ཡུལ་དང་ཁྱིམ་མིའི་ལག་ཡིན། །
ཡུལ་དང་ཁྱིམ་མི་ཟེར་ན་གསོན་པའི་དོན་སྙིང་དེ་ཡིན། །
མི་ཡུལ་ལུང་བ་འདི་རེད་འུ་གཉིས་ལུང་བ་གཉིས་ཡིན། །
ས་དང་གནམ་གྱི་བར་ཡིན་འཚོ་བ་རི་ཐང་གཉིས་ཡིན། །
ལས་ལ་ལེ་བརྡ་བྱས་ཀྱང་ལས་ཀྱིས་ཁྱོད་ཉིད་བོར་འགྲོ། །
ཡུལ་དང་ཁྱིམ་མི་མ་ཟེར་ཁྱིམ་གྱིས་ང་རང་སྐྱོང་ཡོད། །
            ༢༧ /༠༥/༢༠༡༥ ལ།

               མཚན་མོ་མཚར་བོ།

དོ་ནུབ་སྔར་བཞིན་སྤྲིན་པ་རླུང་གིས་དེད་དེ་འགྲོ། །
རླུང་བུ་དྲོ་འམ་གྲང་ངམ་དོ་ནུབ་བོར་ཏེ་འགྲོ། །
སེམས་ཀྱི་ཁྲག་རྩ་ཁོལ་ཞིང་གདུ་བ་ཅི་ཞིག་ལན། །
གྲོང་ཁྱེར་འདི་ཡང་རེ་ཞིག་ག་ན་བཞུར་ཏེ་ཐལ། །
དེ་ནི་ནུབ་དེའི་མཛེས་སྡུག་བོར་ཚུལ་གཞན་ཞིག་ཡིན། །
དེ་ནི་མཚན་དེའི་སྣང་བ་འཁྲུག་ཚུལ་གཞན་ཞིག་ཡིན། །

ཁྱོད་ཀྱིས་མུན་པའི་ཁྲམ་ཡིག་སུ་ཡི་གདོང་ལ་བྲིས། །
ང་ཡིས་དྲན་པ་རྩིང་བོ་གང་གི་གཤོང་ལ་བསྟབས། །
ད་དུང་འུ་གཉིས་མ་ཡིན་གཞན་གྱི་ཐོག་མའི་སེམས། །
ཚེ་ཡི་བག་ཆགས་ཐོག་མའི་དྲན་ཤིང་དེ་ལྟར་བཙུགས། །
གནས་དེའི་མི་དེའི་བློ་བུར་སེམས་རྩ་ཁོལ་སྟངས་ཤིག།
ཡུལ་དེའི་ཁྱིམ་དེའི་འཕྲལ་གྱི་གོ་འཛོལ་བྱུང་སྟངས་ཤིག།

ཟས་ཀྱི་མངར་ཤ་རིགས་ཀྱི་རྐང་ལ་འདྲེས་པ་ཡིས།
མཁུར་ཚོས་དམར་བོ་གློ་བུར་བྲུག་པའི་ཆུ་ལོག་ཡིན། །
གཟས་པ་མ་ཡིན་གཟུར་བའི་ནོར་བའི་ཤོག་བུ་ལ། །
གདོང་བ་རས་ཅན་ཧོབ་དེ་ཁ་ལ་གདོང་རྩ་རྒྱས། །
ང་ཡི་ཆ་ཡོད་དོ་ནུབ་འདི་ལྟར་དྲན་པར་བཏབ། །
ང་ཡི་ཆ་མེད་དོ་ནུབ་འདི་ལྟར་མི་ཚེར་བཏགས། །

མོ་ལྟར་འདི་ལྟར་དོ་ནུབ་གང་བྱུང་ག་ནས་ཤེས། །
ཁྱོད་ལྟར་དེ་ལྟར་དོན་དག་གང་དེ་ག་ལོག་ལྟར། །
མི་ཚེ་ཟེར་བ་འདི་ག་འདི་ལྟར་མི་ཤར་བ། །
འཚོ་བ་ཟེར་བ་འདི་ག་འདི་ལྟར་མི་ཤེས་པ། །
ལན་རེར་མག་མོག་ལན་རེར་རབ་རིབ་མཚན་མོ་ཞིག །
ལན་རེར་གསལ་བ་ལན་རེར་དྭངས་པ་ཉིན་མོ་ཞིག །
           ༢༠༡༥/༠༥/༠༩ ནམ་སྟོད་དུ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲིན་དང་སྨུག་པ།༼ ཞར་བཀོད་གཅིག་ཡོད ༽

2015-12-24 དམར་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།