སྟོང་བ་ཉིད།༼ ཞར་བཀོད་གཉིས་ཡོད ༽

IMG_1468.JPG

མིང་དང་བརྡ་ཡིས་མཚོན་དུ་མེད་པས་སྐད་ཆའི་མདའ་མོ་མི་ཉེ་འོ།
སྒྲ་དང་རྟོག་པས་བསམ་དུ་མེད་པས་ཐ་སྙད་ཐང་ནས་བརྒལ་སོང་ངོ་།
ཁྱོད་དང་ང་ཡི་གཤིས་ལ་ཞུགས་པས་ད་དུང་འཚོལ་རྒྱུ་ལྷག་འདུག་གོ།  
སྟོང་ཉིད་ཆོས་དབྱིངས་དེ་བཞིན་ཉིད་འདི་ད་ནི་གང་ནས་འཚོལ་དགོས་སོ།

བདེན་པར་བཟུང་ན་སྟོང་བ་ཉིད་ཀྱི་ལྟ་བ་ད་དུང་ཕར་ཞིག་གོ།
མི་བདེན་ཞེ་ན་ཆོས་ཀྱི་དབྱིངས་ལས་ཕྱི་མའི་ལམ་ཁ་གཞན་ཞིག་གོ།
མི་བདེན་མ་གསུངས་བདེན་པར་མ་འཛིན་དབུ་མའི་ལམ་འདི་འཕྲང་ཞིག་ཡིན། 
བདེན་པར་མ་གྲུབ་རྫུན་པ་མ་ཡིན་སྟོང་བ་ཉིད་འདི་སྒོམ་ཞིག་ཡིན།

མིང་གིས་བཙལ་ན་གདགས་གཞིའི་གནས་ཤིག་ཁམས་གསུམ་གང་ན་མི་འདུག་གོ།
དམིགས་ནས་བཟུང་ན་རྗེན་པའི་ཆོས་ཤིག་སྟོང་བ་ཉིད་ལ་མི་འདྲ་འོ།
དཔྱད་པས་དཔག་ན་བདེན་སྣང་ཀློང་གི་ར་བ་འདི་ལས་མི་ཐར་རོ།
དམིཊ་རྣམ་གང་ལ་གསལ་ལེར་འཆར་བ་ཆོས་ཉིད་གཟིཊ་སྟངས་མ་ཡིན་ནོ།

བདེན་པའི་ཆོས་ཤིག་ཕར་ཕར་བཙལ་བས་སྟོང་བའི་དོང་ལ་ལྷུང་སོང་ན།།
རྟག་པའི་གནས་ཤིག་ཡར་ཡར་དེད་པས་ཆོས་དབྱིངས་ཀློང་ལ་འཐིམ་སོང་ན།།
སྣང་བའི་འོད་ཅིག་ཡང་ཡང་སྒོམ་པས་མུན་པའི་ཏིང་འཛིན་བཀླུབ་སོང་ན།།
སེམས་ལ་གཉིས་མེད་ཡུལ་ལ་འཛིན་མེད་སྟོང་ཉིད་གཟིགས་ཚུལ་འདི་ཙམ་མོ།།

གང་ཞིག་ལྡན་ན་དཀར་བོའི་ཆོས་རྣམས་འབད་མེད་ངང་གིས་འགྲུབ་པ་ཡི།
སྟོང་བ་ཉིད་ཀྱི་ལྟ་བའི་རི་དྭགས་ཀུན་རྫོབ་ནགས་ནས་ཟིན་སོང་ན།། 
མགོ་ལ་ཞྭ་མེད་རྐང་ལ་ལྷམ་མེད་གཅེར་བུའི་ལུས་མེད་མི་ཟེར་ཏེ།།
ན་མོ་ཕྱག་འཚལ་མཎྜལ་སོགས་ཀྱང་བསྐལ་བའི་བར་དུ་བསྒྲུབ་ཡོང་ངོ་།

འཇིག་རྟེན་མཁྱེན་པས་དེ་ཉིད་གཟིགས་པས་སྲིད་པ་རིལ་བོ་བྱས་སོང་ངོ་།།
སྐད་ཅིག་གཅིག་ལ་འདི་ཉིད་གཟིཊ་པས་ཁམས་གསུམ་རྗེན་པར་ཤར་ཡོང་ངོ་།།
དུས་གསུམ་ཀུན་དུ་ཆོས་འདིར་གཟིཊ་པས་འཕྲིན་ལས་དུས་ལས་མི་ཡོལ་རོ།
སྐྱེ་རྒུ་ཡོངས་ཀྱི་ཤེས་བློའི་སྦུབས་སུ་ལྟ་བ་འདི་ཀོ་འཁྲུངས་པར་ཤོག
                                               2016/1/7

IMG_1469.JPG

                         རྩྭ་ཐང་གི་མཚན་ལྗོངས་ཀློག་པ།

སྤྲིན་པ་དུད་སྨུག་འཕྱུར་འདྲའི་ཁོང་གསེབ་ན།།
ཟླ་འོད་སྨིག་རྒྱུ་འཁྱུག་འདྲའི་ལམ་ཁ་ན།།
གྲིབ་མ་གྲིབ་མར་འཁྱུད་པའི་སྣང་བ་ཞིག།
ཅེ་སྤྱང་རི་ལ་འཁོར་བའི་ཟུག་སྐད་ཅིག། 

བསིལ་རླུང་དལ་བུར་ལྡང་བའི་ཧྲག་བར་ན།།
སྐར་མའི་དཔུང་རྡང་གསལ་བའི་མེ་ལོང་ངོཊ།།
ཤབ་ཤུབ་ཆུ་མིག་བཞུར་སྒྲ་བྲག་ལ་འཁོར།།
ངང་ངུར་རྡོག་སྒྲ་ལྕི་མོ་རྣ་བར་གླན།།

གནམ་ས་སྣོལ་མར་བསྲེས་པའི་རི་ཞོལ་དུ།།
མཐིང་སྨུག་སྦྲ་ལས་མཆེད་པའི་མ་ཎིའི་དབྱངས།།
ལྷིང་འཇགས་རྩྭ་ཐང་པང་དུ་དཀྲོལ་བ་ན།།
སྣོད་བཅུད་རྨི་ལམ་འགྲིམ་པའི་སྟ་གོན་འགྲིག། 

ནོར་ནག་སོ་རྐན་འཆའ་བའི་བྲག་ཆ་ལ།།
སྒོ་ཁྱིས་རྣ་ཅོར་བྱེད་པའི་བར་གླགས་སུ།།
འདོ་བ་ལྷས་ནས་འདེད་པའི་ཇག་ལམ་ཡོད།།
གཡང་དཀར་སྤང་ནས་བོར་བའི་གཏམ་རྒྱུད་མང་།།

IMG_1470.JPG

                            མིང་དང་ཐ་སྙད་འགས་ཡང་རྨོངས་ཀི་འཇུག

མདོ་རྒྱུད་གཞུང་ལུགས་གཙང་མའི་སྡིངས་ཆ་ན།།
བྱམས་པ་སྙིང་རྗེ་ཞིག་གི་སྔ་གཞུག་ཡིན།།
འཇིག་རྟེན་སྣང་བ་གླེང་བའི་བར་གླགས་ན།།
བྱམས་པ་སྙིང་གཏམ་ཞིག་གི་ཕྱི་ནང་ཡིན།།

ཚོར་བ་གཟུགས་སུ་ཕབས་པའི་འཕྲིན་ལམ་ན།།
བྱམས་པ་སྙིང་གྲོགས་ཤིག་གི་པར་རིས་ཡིན།།
ཞི་བའི་ཕ་མཐའ་བསྔོགས་པའི་གོ་རིམ་ན།།
བྱམས་པ་བསམ་བློ་ཞིག་གི་སྐེས་སྟེགས་ཡིན།། 

བྱམས་པ་ཟང་ཟིང་འཁོར་བའི་གཞི་རྟེན་ཡིན།།
བྱམས་པ་རྣམ་དག་ཆོས་ཀྱི་རྨང་གཞི་ཡིན།
བྱམས་པ་སེམས་ལ་བྲིས་པའི་དམ་བཅའ་ཡིན།
བྱམས་པ་ངག་ལ་འཁོར་བའི་སྙན་ངག་ཡིན།། 

ཆོས་པས་བྱམས་པ་ཟེར་དུས་དམིགས་རྣམ་ཞིག།
གྲོང་བས་བྱམས་པ་གླེང་དུས་བརྩེ་དུངས་ཤིག
བྱམས་པ་རི་ལ་སོང་ན་སྐྱོ་སྣང་ཞིག།
བྱམས་པ་ཡིད་ལ་འཁོར་བ་དགེ་རྩ་ཞིག།

མཚམས་རེར་བྱམས་པ་ཞེ་ན་འཛུམ་མདངས་ཤིག
ལན་རེར་བྱམས་པ་ཟེར་བ་གདམས་ངག་ཅིག
སྐབས་འགར་བྱམས་པ་དྲན་ན་ཞལ་རས་ཤིག།
མདོར་ན་བྱམས་པ་ཟེར་བ་ཐ་སྙད་ཅིག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོང་བ་ཉིད།༼ ཞར་བཀོད་གཉིས་ཡོད ༽

2016-01-08 ཚེར་མ།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།