ཤཱཀྱ་ཐུབ་པ་རྗེས་སུ་དྲན་པ།

ཁྱེད་ནི་སྙིང་རྗེའི་དེད་དཔོན་ཡིན་ཐུགས་རྗེའི་ཞགས་པ་ཞིང་ན་མཛེས།།
ཁྱེད་ནི་བརྩེ་བའི་ཆར་སིམ་ཡིན་དངོས་གྲུབ་བདུད་རྩིའི་འཕེལ་ཁ་ཡག །
ཁྱེད་ལ་མཚན་དཔེའི་ལང་ཚོ་ཡོད་སྐུ་བཞིའི་དཀྱིལ་འཁོར་གཡས་སུ་འཁྱིལ།།
ཁྱེད་ལ་ཡེ་ཤེས་ཉི་འོད་འཛུམས་ཆོས་ཀྱི་ཆུ་གཏེར་ངག་ལས་བཞུར།།

ཡིད་ལ་སྐྱོ་བ་སྐྱེས་པའི་ཚེ་བྱིན་རླབས་ཟིལ་རྒྱུན་སྩོལ་རོགས་ལགས།།
འཁོར་བའི་མྱ་ངན་ཐང་ཆེན་ན་རེ་བའི་མིག་ཟུང་ཕྱེས་ནས་ཡོད།།
ཞེ་ལ་སྨུག་སྤྲིན་འཚུབས་པ་ན་བརྩེ་ཆེན་ཉི་འོད་ཚེས་པར་མཛོད།།
འགག་འཕྲེང་རྒོད་པའི་རྫ་ཤོད་ན་དད་པའི་བུ་ཆུང་སྨྲེང་ནས་ཡོད།།

ཡིད་ཀྱི་གུར་ཁྱིམ་དཀར་པོ་ན་ཁྱེད་ནི་ས་ཆེན་སེམས་དཔའ་ཡིན།།
དད་འདུན་མེ་ཏོག་ཕོ་བྲང་ན་ཁྱེད་ནི་སྙིང་རྗེའི་ལྷ་སྲས་ཡིན།།
ཟོལ་མེད་ཐུགས་ཀྱི་བུ་ག་ནས་བདེ་ཆེན་འཁོར་ལོའི་བདུད་རྩིའི་བཅུད།།
འཇིགས་རུང་འཁོར་བའི་གྲོང་གསེབ་གྱི་ལས་ཅན་བུ་ལ་མགོན་དུ་སྩོལ།།

དུངས་ཞེན་གངས་རིའི་དབུ་རྩེ་ན་ཁྱེད་ནི་གངས་སེང་དཀར་མོ་སྟེ།།
སྟོབས་བཅུའི་གཡུ་རལ་རྩལ་ཁ་ཅན་མི་མཐུན་བདུད་སྡེའི་མཁའ་ན་མཐོ།།
སེམས་ཀྱི་ཕོ་བྲང་གཙང་མ་རུ་ཁྱེད་ནི་མ་ཎིའི་དར་ཆ་ཞིག།།
ཟབ་རྒྱས་ཆོས་ཀྱི་རང་སྒྲ་ཆེ་སྲིད་པའི་རྩེ་ན་དལ་གྱིས་དཀྲོལ།།

སྣང་སྟོང་རྟ་ཕོ་འགྲོགས་པ་ན་རྨུག་བཞིའི་གར་ལ་གཡོ་ལྡེམ་མཆིས།།
སྙིང་རྗེའི་གཙང་བོ་སྐྱོམ་པའི་ཚེ་འཛིན་མེད་རླབས་སྒྲ་དགུང་ལ་འཐོར།།
ཡན་ལག་དྲུག་ཅུའི་གས་སྲུབས་ནས་འཁོར་ལོ་གསུམ་པོའི་རང་སྒྲ་སྙན།།
ཐུབ་དབང་ཁྱོད་ནི་དད་པའི་རྟེན་སྣོད་བཅུད་གཉིས་ཀྱི་མགོན་དུ་ཆེ།།


                    2015.8.18 མཚན་མོར་རི་བོ་མཐོན་པོ་ཞིག་ནས་ཤར་མར་བྲིས།  


                                                                               རྩོམ་སྒྲིག་པ། དབང་མོ།

            

                                                                                (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤཱཀྱ་ཐུབ་པ་རྗེས་སུ་དྲན་པ།

2016-01-15 རས་གཟན་དམར་པོ། ཀློག་གྲངས། མཆན ཡོད།

ཁྱེད་ནི་སྙིང་རྗེའི་དེད་དཔོན་ཡིན་ཐུགས་རྗེའི་ཞགས་པ་ཞིང་ན་མཛེས།།
ཁྱེད་ནི་བརྩེ་བའི་ཆར་སིམ་ཡིན་དངོས་གྲུབ་བདུད་རྩིའི་འཕེལ་ཁ་ཡག །
ཁྱེད་ལ་མཚན་དཔེའི་ལང་ཚོ་ཡོད་སྐུ་བཞིའི་དཀྱིལ་འཁོར་གཡས་སུ་འཁྱིལ།།
ཁྱེད་ལ་ཡེ་ཤེས་ཉི་འོད་འཛུམས་ཆོས་ཀྱི་ཆུ་གཏེར་ངག་ལས་བཞུར།།

ཡིད་ལ་སྐྱོ་བ་སྐྱེས་པའི་ཚེ་བྱིན་རླབས་ཟིལ་རྒྱུན་སྩོལ་རོགས་ལགས།།
འཁོར་བའི་མྱ་ངན་ཐང་ཆེན་ན་རེ་བའི་མིག་ཟུང་ཕྱེས་ནས་ཡོད།།
ཞེ་ལ་སྨུག་སྤྲིན་འཚུབས་པ་ན་བརྩེ་ཆེན་ཉི་འོད་ཚེས་པར་མཛོད།།
འགག་འཕྲེང་རྒོད་པའི་རྫ་ཤོད་ན་དད་པའི་བུ་ཆུང་སྨྲེང་ནས་ཡོད།།

ཡིད་ཀྱི་གུར་ཁྱིམ་དཀར་པོ་ན་ཁྱེད་ནི་ས་ཆེན་སེམས་དཔའ་ཡིན།།
དད་འདུན་མེ་ཏོག་ཕོ་བྲང་ན་ཁྱེད་ནི་སྙིང་རྗེའི་ལྷ་སྲས་ཡིན།།
ཟོལ་མེད་ཐུགས་ཀྱི་བུ་ག་ནས་བདེ་ཆེན་འཁོར་ལོའི་བདུད་རྩིའི་བཅུད།།
འཇིགས་རུང་འཁོར་བའི་གྲོང་གསེབ་གྱི་ལས་ཅན་བུ་ལ་མགོན་དུ་སྩོལ།།

དུངས་ཞེན་གངས་རིའི་དབུ་རྩེ་ན་ཁྱེད་ནི་གངས་སེང་དཀར་མོ་སྟེ།།
སྟོབས་བཅུའི་གཡུ་རལ་རྩལ་ཁ་ཅན་མི་མཐུན་བདུད་སྡེའི་མཁའ་ན་མཐོ།།
སེམས་ཀྱི་ཕོ་བྲང་གཙང་མ་རུ་ཁྱེད་ནི་མ་ཎིའི་དར་ཆ་ཞིག།།
ཟབ་རྒྱས་ཆོས་ཀྱི་རང་སྒྲ་ཆེ་སྲིད་པའི་རྩེ་ན་དལ་གྱིས་དཀྲོལ།།

སྣང་སྟོང་རྟ་ཕོ་འགྲོགས་པ་ན་རྨུག་བཞིའི་གར་ལ་གཡོ་ལྡེམ་མཆིས།།
སྙིང་རྗེའི་གཙང་བོ་སྐྱོམ་པའི་ཚེ་འཛིན་མེད་རླབས་སྒྲ་དགུང་ལ་འཐོར།།
ཡན་ལག་དྲུག་ཅུའི་གས་སྲུབས་ནས་འཁོར་ལོ་གསུམ་པོའི་རང་སྒྲ་སྙན།།
ཐུབ་དབང་ཁྱོད་ནི་དད་པའི་རྟེན་སྣོད་བཅུད་གཉིས་ཀྱི་མགོན་དུ་ཆེ།།


                    2015.8.18 མཚན་མོར་རི་བོ་མཐོན་པོ་ཞིག་ནས་ཤར་མར་བྲིས།  


                                                                               རྩོམ་སྒྲིག་པ། དབང་མོ།

            

                                                                                (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།