སྲོད་དུས་ཀྱི་སྙན་ངག

ཉི་རྒས་ཆུ་ལྷས་ཟས་སུ་བཏབ་ནས་ཁྲག་དམར་ས་གཞིའི་ཕྲག་པར་འཁྱུད།།
གཙང་བོའི་འགྲམ་གྱི་ལྕང་ལོའི་སྡོང་བོས་དྭངས་གསལ་ཆུ་ཡི་མེ་ལོང་བསྟེན།།
ལྷེམ་ལྷེམ་འབབ་པའི་རླབས་གཉེར་བར་ནས་ཟླ་བའི་འོད་ཞགས་ལམ་ལམ་བཞུར།།
བརྩེ་བྲལ་གཟུགས་མེད་བསེར་བའི་ལྕགས་ཀྱུས་སྡོང་ལོ་སེར་པོའི་གསེར་ཉ་འཛིན།།

རོལ་མོའི་དབྱངས་སྙན་རྣ་བར་སིམ་ཞིང་སྲོད་རླུང་འཇམ་པོའི་རེག་བྱའི་ཁྲོད།།
ཁྲུང་ཁྲུང་སྐྱོ་སྐད་རླུང་གིས་འགྲེམ་ཞིང་མུན་པའི་བླ་རེ་ཕྱོགས་སུ་བྲེས།།
དགོང་ཁའི་མཚམས་སྤྲིན་གཙང་པོར་འཕྲོས་པའི་རང་མདངས་འདི་ཉིད་དམར་ཞིང་འཚེར།།
དགོང་གི་ཉི་མ་དམར་ཐག་ཆད་ཅིང་འདབ་ཆགས་བྱ་བརྒྱ་ཚང་དུ་ལོག།

མུན་པའི་མཆུ་སྒྲོས་སྟུག་པོའི་གསེབ་ཏུ་སྐར་ཚོགས་ཚེམས་ཕྲེང་ལྷུང་པར་གྲོལ།།
ངེས་མེད་རླུང་གིས་སྐྲ་ལོ་བསྐྱོད་ཅིང་བུ་ཡུག་ཙག་གིས་འགྲམ་ལྕག་གཞུ།།
རྒྱང་དུ་བལྟས་ཏེ་དངན་པ་འཐེན་གྱིན་མིག་ཆུས་མཁུར་ཚོས་ཡོངས་སུ་བརླན།།
ཟླ་བའི་ལྷ་མོ་སྐྱོ་བས་མ་བཟོད་སྤྲིན་དཀར་ཕག་ཏུ་དལ་གྱིས་ཡིབ།།

སྨྱུག་གུའི་རལ་གྲིར་བདེན་པའི་རྣོ་སྦྱར་སྙིང་ཁམས་སྔོག་པའི་སྙན་ངག་འབྲི།།
ཚོར་བའི་ཀློང་གི་ཡིག་འབྲུ་འདི་དག་སྨྱུག་ཆུའི་དཔལ་དང་སྡེབ་སྟེ་འབྲི།།
ཟོལ་སྦྱོར་ལོ་འདབ་སྟུག་པོས་མ་བསྒྲིབས་ལྷན་སྐྱེས་ངག་གི་ཕྲེང་བའི་རྒྱུན།།
རང་བྱུང་བདེན་པའི་གསེར་སྐུད་གཅིག་ལ་བརྒྱུས་ཏེ་མགུལ་བའི་རྒྱན་དུ་འདོགས།།

ཆུ་བོས་སྒྱུ་མའི་སྙན་ངག་ཟློ་ཞིང་རི་བོས་དུང་ཟླའི་རྣ་ཆ་འདོགས།།
རྒྱུ་སྐར་ཕྲེང་བས་ལྷིང་འཇགས་སྒུམ་ཞིང་སྒོ་ཁྱུའི་གཅོང་སྐད་རླུང་གིས་འཁྱེར།།
ལྗོན་པའི་ཡལ་ག་ཕན་ཚུན་འཐབ་པས་འཛིན་མར་གདུགས་དག་ཕུབ་པ་འདྲ།།
གནམ་གྱི་མིག་ཆུ་ཟགས་པའི་ཐིགས་སྒྲས་ཏིང་འཛིན་གཉིད་ལས་དཀྲོག་གམ་ཅི།།

                         2015.9.14

                                                                                               རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོད་དུས་ཀྱི་སྙན་ངག

2016-04-21 དགྲ་ཟོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།