སྙིང་གི་ཉིན་སྲིབ།

 
                                         ཁག་དང་པོ། 

སེམས་ངོར་ཡོད་འདྲ་གཞན་ནས་ཐོབ་འདྲ་བའི།།
སྙིང་གི་འཕར་ལྡང་མིག་གིས་མ་རིག་ཀྱང་།།
དྲན་གདུང་ཟེར་དུས་མིག་ཆུ་ཤམ་ཤམ་ཤམ།།
མིག་ཀྱང་སྙིང་ལ་འབྲེལ་བ་ཡོད་འདུག་པས།།
རི་བོ་མཐོ་སོང་ཆུ་བོ་ཆེ་དྲགས་པས།།
ས་ཐག་རིང་སོང་བྲལ་ཡུན་མང་དྲགས་འདུག །
སྤྲིན་པ་ལང་ལུང་རྒྱུ་བའི་ཡུལ་ཕྱོགས་ནས།།
མཚན་མོ་ཟླ་བའི་རང་གཟུགས་མ་མཐོང་མོད།།
ཁེར་རྐྱང་འཚོ་བ་སྐྱེལ་བའི་གདམ་ག་ལ།།
རྙིང་སོང་ཟེར་བའི་མི་ཁ་མ་བཟོད་པར།།
ལས་སྣེ་བཞག་སྟེ་གཞན་དུ་འཚོལ་གྲབས་པ།།
བསམ་ཞིང་བསམ་ན་སྙིང་ཆུང་འདར་ནི་ཞིག །
ཚིག་གི་ཚོགས་པའི་ལ་བཤད་བརྒྱ་ཕྲག་གིས།།
ཕུགས་བསམ་རྙེད་པའི་སྡོམ་ཚིག་མ་ངེས་ལ།།
སེམས་ཀྱི་འཆར་སྒོ་ཕྱེ་བའི་བསམ་གཞིག་བརྒྱས།།
བདེན་པའི་ངེས་ཤེས་འཁྲུངས་པའི་གདམ་པ་འཆར།། 

                                         ཁག་གཉིས་པ།

ང་ཡིས་གང་ཞིག་འཚོལ་ཞིང་ཅི་ཞིག་བཙལ།།
བཙལ་ཞིང་འཚོལ་བའི་མི་ཚེའི་སྙིང་བོ་ལ།།
གཞན་གྱིས་ང་ལ་གནང་ཚུལ་ཡོད་འདྲ་བས།།
རེ་བ་ཡོད་ཚད་རང་གིས་འགྲུབ་མ་ངེས།།
ཕོ་ཚོད་ཆེ་ཞིང་གཡམ་རྒྱུགས་མ་བྱས་པས།།
ད་དུང་ང་ལ་རང་གིས་འཆར་གཞི་ཞིག །
སྲིབ་ནས་དེད་ཅིང་ཉིན་དུ་བསྡུ་བའི་ལས།།
ཚེ་སྲོག་མ་ཆད་བར་གྱི་བཀོལ་བྱ་ཞིག །
ཁྱོད་ཀྱི་ང་ལ་གནང་བ་མང་དྲགས་ན།།
ང་ཡིས་ཁྱོད་ལ་སེམས་པ་ཉུང་དྲགས་མེད།།
གཅིག་ལ་གཅིག་བརྟེན་བྱས་པའི་འཇིག་རྟེན་འདི།།
ཁྱོད་དང་བདག་གཉིས་ཕྱོགས་སུ་གྱེས་དོན་མེད།།
ཤ་དང་ཁྲག་ཏུ་འཐིམ་པའི་གཏན་ཚིགས་ཏེ།།
བཙན་གྱིས་བསྐུལ་ཀྱང་གཞན་དུ་བསྒྱུར་བ་ལ།།
མི་འདོད་སེམས་ཀྱིས་བཟོད་ཐབས་མ་རྙེད་པས།།                              
ཆོས་ཉིད་རང་བཞིན་ཡིན་པ་བདེན་ཐག་ཆོད།། 

                                           ཁག་གསུམ་པ། 

ད་ལོ་ཁ་བ་བབས་ཡུན་རིང་བ་ལ།། 
ཕྱི་ནང་གཉིས་ན་ཙག་གི་ཁོག་འདར་ཞིག ། 
ཤ་དང་རུས་པའི་གསང་ན་ཟུག་པ་ཡི།། 
འདར་སིག་བྱས་པའི་གྲངས་ག་ཉུང་ཉུང་མིན།། 

ཞེ་ལ་ཐོགས་པའི་དབྱར་གྱི་མཛེས་སྡུག་ལ།། 

གློ་དང་བྲང་ཁོག་ངོས་ནས་སྨོན་པ་ཞིག ། 
ཁ་ཐག་རིང་བའི་སྙིང་གི་ཁྱོད་ཉིད་ལ།། 
དྲན་པའི་གསང་ཚིག་ཡི་གེ་ལམ་དུ་བཀོད།། 

བཅོས་མའི་མཛའ་བརྩེ་རླུང་གིས་ལྡག་གིན་གདའ།། 

སྙིང་གཏམ་ཤོག་དྲིལ་མེ་ལ་སྲེག་མྱོང་ཞིང་།། 

སེམས་ངོའི་དྲན་གཞས་ཆུ་ཡིས་མ་སུབ་ལ།། 

ལང་ཚོའི་མཛེས་སྡུག་ས་རུ་མ་ཡིབ་མོད།། 

སེམས་ཀྱི་འདབས་ལོ་རླུང་གིས་གང་སར་སྤུར།། 

དྲན་པའི་ན་ཟུག་མེ་ཡིས་རབ་ཏུ་སྲེག །

ལོ་དང་ཟླ་བ་ཆུ་བོའི་བཞུར་རྒྱུན་རྗེས།། 

བདག་ལུས་ཤ་ཁྲག་ས་རུ་འཐིམ་སྟེ་སོང་།། 


             2015/11/15


                                                                                རྩོམ་སྒྲིག་པ། དབང་མོ།


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་གི་ཉིན་སྲིབ།

2016-06-12 རྣོ། ཀློག་གྲངས། མཆན ཡོད།

 
                                         ཁག་དང་པོ། 

སེམས་ངོར་ཡོད་འདྲ་གཞན་ནས་ཐོབ་འདྲ་བའི།།
སྙིང་གི་འཕར་ལྡང་མིག་གིས་མ་རིག་ཀྱང་།།
དྲན་གདུང་ཟེར་དུས་མིག་ཆུ་ཤམ་ཤམ་ཤམ།།
མིག་ཀྱང་སྙིང་ལ་འབྲེལ་བ་ཡོད་འདུག་པས།།
རི་བོ་མཐོ་སོང་ཆུ་བོ་ཆེ་དྲགས་པས།།
ས་ཐག་རིང་སོང་བྲལ་ཡུན་མང་དྲགས་འདུག །
སྤྲིན་པ་ལང་ལུང་རྒྱུ་བའི་ཡུལ་ཕྱོགས་ནས།།
མཚན་མོ་ཟླ་བའི་རང་གཟུགས་མ་མཐོང་མོད།།
ཁེར་རྐྱང་འཚོ་བ་སྐྱེལ་བའི་གདམ་ག་ལ།།
རྙིང་སོང་ཟེར་བའི་མི་ཁ་མ་བཟོད་པར།།
ལས་སྣེ་བཞག་སྟེ་གཞན་དུ་འཚོལ་གྲབས་པ།།
བསམ་ཞིང་བསམ་ན་སྙིང་ཆུང་འདར་ནི་ཞིག །
ཚིག་གི་ཚོགས་པའི་ལ་བཤད་བརྒྱ་ཕྲག་གིས།།
ཕུགས་བསམ་རྙེད་པའི་སྡོམ་ཚིག་མ་ངེས་ལ།།
སེམས་ཀྱི་འཆར་སྒོ་ཕྱེ་བའི་བསམ་གཞིག་བརྒྱས།།
བདེན་པའི་ངེས་ཤེས་འཁྲུངས་པའི་གདམ་པ་འཆར།། 

                                         ཁག་གཉིས་པ།

ང་ཡིས་གང་ཞིག་འཚོལ་ཞིང་ཅི་ཞིག་བཙལ།།
བཙལ་ཞིང་འཚོལ་བའི་མི་ཚེའི་སྙིང་བོ་ལ།།
གཞན་གྱིས་ང་ལ་གནང་ཚུལ་ཡོད་འདྲ་བས།།
རེ་བ་ཡོད་ཚད་རང་གིས་འགྲུབ་མ་ངེས།།
ཕོ་ཚོད་ཆེ་ཞིང་གཡམ་རྒྱུགས་མ་བྱས་པས།།
ད་དུང་ང་ལ་རང་གིས་འཆར་གཞི་ཞིག །
སྲིབ་ནས་དེད་ཅིང་ཉིན་དུ་བསྡུ་བའི་ལས།།
ཚེ་སྲོག་མ་ཆད་བར་གྱི་བཀོལ་བྱ་ཞིག །
ཁྱོད་ཀྱི་ང་ལ་གནང་བ་མང་དྲགས་ན།།
ང་ཡིས་ཁྱོད་ལ་སེམས་པ་ཉུང་དྲགས་མེད།།
གཅིག་ལ་གཅིག་བརྟེན་བྱས་པའི་འཇིག་རྟེན་འདི།།
ཁྱོད་དང་བདག་གཉིས་ཕྱོགས་སུ་གྱེས་དོན་མེད།།
ཤ་དང་ཁྲག་ཏུ་འཐིམ་པའི་གཏན་ཚིགས་ཏེ།།
བཙན་གྱིས་བསྐུལ་ཀྱང་གཞན་དུ་བསྒྱུར་བ་ལ།།
མི་འདོད་སེམས་ཀྱིས་བཟོད་ཐབས་མ་རྙེད་པས།།                              
ཆོས་ཉིད་རང་བཞིན་ཡིན་པ་བདེན་ཐག་ཆོད།། 

                                           ཁག་གསུམ་པ། 

ད་ལོ་ཁ་བ་བབས་ཡུན་རིང་བ་ལ།། 
ཕྱི་ནང་གཉིས་ན་ཙག་གི་ཁོག་འདར་ཞིག ། 
ཤ་དང་རུས་པའི་གསང་ན་ཟུག་པ་ཡི།། 
འདར་སིག་བྱས་པའི་གྲངས་ག་ཉུང་ཉུང་མིན།། 

ཞེ་ལ་ཐོགས་པའི་དབྱར་གྱི་མཛེས་སྡུག་ལ།། 

གློ་དང་བྲང་ཁོག་ངོས་ནས་སྨོན་པ་ཞིག ། 
ཁ་ཐག་རིང་བའི་སྙིང་གི་ཁྱོད་ཉིད་ལ།། 
དྲན་པའི་གསང་ཚིག་ཡི་གེ་ལམ་དུ་བཀོད།། 

བཅོས་མའི་མཛའ་བརྩེ་རླུང་གིས་ལྡག་གིན་གདའ།། 

སྙིང་གཏམ་ཤོག་དྲིལ་མེ་ལ་སྲེག་མྱོང་ཞིང་།། 

སེམས་ངོའི་དྲན་གཞས་ཆུ་ཡིས་མ་སུབ་ལ།། 

ལང་ཚོའི་མཛེས་སྡུག་ས་རུ་མ་ཡིབ་མོད།། 

སེམས་ཀྱི་འདབས་ལོ་རླུང་གིས་གང་སར་སྤུར།། 

དྲན་པའི་ན་ཟུག་མེ་ཡིས་རབ་ཏུ་སྲེག །

ལོ་དང་ཟླ་བ་ཆུ་བོའི་བཞུར་རྒྱུན་རྗེས།། 

བདག་ལུས་ཤ་ཁྲག་ས་རུ་འཐིམ་སྟེ་སོང་།། 


             2015/11/15


                                                                                རྩོམ་སྒྲིག་པ། དབང་མོ།


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།