ངག་གི་ཉེས་པ།༼ཞར་བཀོད་གཉིས་ཡོད ༽

དབྱངས་ཡིག་འདི་དག་རྡུལ་གྱིས་གྲུབ་སྟེ་གཙང་བོའི་ཁ་རུ་ཕྲོམ་མེར་གཡེང་ཞིང་དེ་རུ་ཐིམ་སྟེ་མེད་པར་གྱུརད།།
སྐྲ་ལོ་གང་དག་ཕང་མའི་རྩ་རུ་ཅི་ཞིག་བསྒོམས་པའི་ཚུགས་ཀ་ཕུད་ཅིང་འགྲོ་བ་འདི་དག་བརྩི་བར་བྱས།།
པུས་མོ་ཟད་པའི་མི་བུ་སྐོར་ཞིག་མལ་ཁྲིའི་སྟེང་ནས་འདོད་པས་སྦྲིད་དེ་འཆི་བའི་ལམ་ལ་བཏེག་པར་རན།།
ང་ཡང་འཁོར་བའི་འགྲུལ་བ་ཡིན་པས་རྟ་ཕོ་ཞིག་ལ་སྒ་སྲབ་བྱས་ཏེ་འཁོར་བའི་གཙང་བོ་བརྒལ་བར་བྱ།།

རྩིབས་མའི་ངོས་སུ་ཡིག་འབྲུ་འགའ་ཞིག་ཡིད་ཀྱི་གཏིང་ནས་འབྲི་བར་འདོད་དེ་དེ་ལ་སུས་ཀྱང་བཀག་མི་བྱ།།
རྩབ་ཧྲལ་ཅན་གྱི་འགྲོ་བ་གང་ཞིག་གྲིབ་མའི་འོབས་སུ་ཡང་ཡང་ལྟུང་སྟེ་མེད་པར་གྱུར་ཅིང་ལན་མང་འཆི།།
གྲོག་མ་ཞིག་ལ་གཤོག་པ་སྐྱེས་ཏེ་ཆུ་བོའི་འགྲམ་དུ་ངུ་ཤུམ་འཐེན་པ་ན་འཆིའི་སྡུག་བསྔལ་མྱངས་བ་འོ།།
ད་ནི་ངས་ཀྱང་རི་བོ་འདི་ཡི་ཕར་གྱི་ཕྱོགས་སུ་མིག་གིས་ཅེར་ཏེ་གང་ཞིག་འདི་ནས་འགྲོ་བར་སྒུག།

སྣང་བ་ཞིག་ལ་བདག་ནི་ཕ་གིའི་བྲག་རིའི་རྩེ་ནས་ཡར་མར་འཕུར་ཏེ་རང་གི་གྲིབ་མར་ཡང་ཡང་བལྟས།།
རི་ན་འདུར་བའི་བྱ་ཁྱུ་དག་ནི་འཁོར་བའི་གྲོང་གི་དབྱངས་ཀྱི་སྐུད་པ་དཀྲོལ་པོ་ཡིན་ཏེ་མཉན་མཁན་ནོ།།
ང་ཡང་སྨྱུག་མའི་གྲུ་ལ་ཞོན་ཏེ་ཙེལ་བོ་ལྟ་བུའི་སྙན་ངག་གང་ཞིག་འབྲི་བར་འདོད་ཅིང་གྱེར་འདོད་དོ།།
རང་ལ་དབང་བའི་ཤོག་བུའི་སྟེང་དུ་རི་མོ་སྣ་ཚོགས་པུར་གྱིས་བྲིས་ཏེ་ཚོར་བའི་རྡུལ་དག་བཟི་བར་བྱ།།

                                            2015.6.1

                                            ཕྱི་ཡི་ཁ་བ།

སྒེའུ་ཁུང་ཕྱི་རུ་ཁ་བས་སྐོར་བྲོ་རྒྱག།
ལམ་ཕྲན་དག་ཏུ་རྡོ་བ་མང་ཙམ་གཉིད།།
མེ་འཁོར་སྒྲ་ཡང་རྣ་བར་རབ་གཟན་པས།།
དགུན་ཁ་ལྟ་བུའི་བདག་སེམས་སྨྲེང་ནས་འོང་།།
རི་བོ་དག་གིས་ཅི་ཞིག་བོར་བ་བཞིན།།
སྨུག་པའི་སྟེང་འོག་ཀུན་ནས་སོ་ལྟ་བྱེད།།
ལོ་མ་དག་ཀྱང་ཞེ་རྩ་སྨྲེང་བྱས་ཏེ།།
ལྕགས་ལམ་དེ་གར་རང་ཤི་རྒྱག་པར་བྱེད།།
རྩྭ་སྐྱའི་སྟེང་གི་ཁ་བའི་འདབ་མ་དང་།།
གཙང་ཕྲན་དག་ནི་ལ་ལུང་ཀུན་ཏུ་རྒྱུགས།།
རི་ཞོལ་གན་གྱི་བྱེའུའི་གླུ་སྐད་དག།
སོང་ཅང)་སྐུ་ངོའི་གྱེན་ཚིག་དག་ལས་སྙན།།
གྲོང་རྡུལ་དེ་རྣམས་ཁ་བས་གཡོག་པར་བྱས།།
སྨུག་པས་ཕྱོགས་བཞི་ཀུན་ཏུ་ལྡིང་སྐོར་རྒྱག།
ཤིན་ཏུ་མཛེས་པའི་ཕྱི་ཡི་དགུན་ཁ་ནི།།
ལམ་ནས་རྙེད་པའི་བདག་གི་སྙན་ཚིག་ཡིན།།

                           2015.12.12ཤཱེས་ཨཱན་ནས།

                                   ཚེ་ཡི་སྡིག་པ།

བདག་ཉིད་མུན་པས་འདི་རུ་ཁྲིད་པར་བྱས།།
དེ་ལས་གང་ཞིག་བོར་ཏེ་རབ་ཏུ་སྨྲེང་།།
རྒྱང་ནས་མཐོང་བའི་སྐྱེ་བོའི་སྡུག་བསྔལ་དག།
ངོས་སར་བཅར་ཞིང་བདག་ལ་དམོད་པར་བྱེད།།
ད་ནི་མཚན་མོར་ཉུལ་བའི་བདག་གི་ནི།།
རྐང་པའི་འོག་གི་རྨུ་ཐག་གང་སར་འགྲོ།།
སྨུག་པ་ལྟ་བུའི་ལས་སྐལ་གང་དུ་ཡོད།།
ཡང་ན་ལས་ཀྱི་ན་བུན་གང་དུ་འཐིབས།།

ཞེ་རུ་སྨྲེང་བ་བཏེགས་ཏེ་སྡུག་པས་ནི།།
སྐྱོ་བ་རྨ་ཆུ་སྔོན་མོར་ཡང་ཡང་བྲིས།།
འོད་མདངས་བྲལ་བའི་ཁྱོད་ཀྱི་ངོ་གདོང་ལ།།
ངས་ནི་རང་གི་སྡིག་སྒྲིབ་བསྒོ་བར་བྱ།།
ཚེ་འདི་ཕར་ཕར་སོང་བས་འཆི་བར་བཅར།།
མི་རྣམས་རང་ལ་སྐྲག་སྟེ་ངུ་ཤུ་འཐེན།།
ལུས་འདིའི་ཕྱི་ནང་མཚན་སྨག་ཅི་བཞིན་དུ།།
འོད་ཟེར་རབ་ཏུ་ཟད་དེ་འདི་རུ་ལུས།།

                                          2016.1.1

                                                                                 རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངག་གི་ཉེས་པ།༼ཞར་བཀོད་གཉིས་ཡོད ༽

2016-08-04 གཟའ་དུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།