ངའི་མིག་ནང་གི་ཙོང་ཁ་པ།

སྟོང་གསལ་དབྱིངས་ཀྱི་ནམ་འཁའ་ལ་ཏིང་འཛིན་པིར་གྱིས་རི་མོ་བྲིས།།
འཆད་རྩོད་རིགས་པའི་གློག་ཕྲེང་གིས་ལོག་རྟོག་རྒོལ་བའི་སྤོབས་པ་ཕྲོགས།།
གདུལ་བྱའི་ཡིད་ཀྱི་ཞིང་ས་ལ་ཟབ་རྒྱས་ཆར་འབྲུ་ཡང་ཡང་ཕབས།།
བློ་བཟང་དབྱར་གྱི་རྔ་ཆེན་གང་དད་དུང་ཀློང་ན་རབ་ཏུ་མཛེས།།

དབང་བོ་ཏོག་གི་མདུན་ས་རུ་ཐུགས་བསྐྱེད་དམ་བཅའ་ལྷུར་ལེན་ཚེ།།
ཕྱོགས་བཅུའི་རྒྱལ་བས་མགྲིན་གཅིག་ཏུ་སྙིང་སྟོབས་ཆེན་པོར་མཚན་གསོལ་ཞིང་།།
རྡོ་རྗེ་གདན་དུ་ཐུབ་པ་ལ་རིན་ཆེན་ཤེལ་ཕྲེང་ཕུལ་བའི་ཚེ།།
བྱང་ཆུབ་མཆོག་ཏུ་ལུང་ཡང་བསྟན་འཇམ་མགོན་ཁྱོད་ནི་འགྲོ་བའི་མགོན།།

དམར་སེར་རལ་གྲི་ཅན་དེ་ཡིས་ཀླུ་འབུམ་དགེ་ལ་བརྡ་ཞིག་བསྟན།།
འཕྲིན་ལས་གཅིག་བསྡུས་འཕགས་མ་ཡིས་ཡུམ་གྱི་རྨི་ལམ་ཡང་ཡང་དཀྲོག།
ངོ་མཚར་བལྟས་བཟང་མཚན་མ་རྣམས་ཐུན་མོང་མི་ཡིས་གསལ་མཐོང་།།
ཁྱེད་ཀྱིས་མི་ཡི་ཚུལ་བཟུང་ཡང་མི་ཡི་གཤིས་ལས་རིང་དུ་སོང་།།

བལྟམས་ཚེ་རིགས་ལྔའི་འཇའ་ཟེར་སོགས་མི་ཡི་བློ་ལས་འགོངས་ན་ཡང་།།
ལྟེ་ཁྲག་ལྷུང་སའི་ས་གཞི་ལ་ཙན་དན་ལོ་མའི་འབྲས་བུ་སྨིན།།
ཙནྡན་སྡོང་པོའི་ལོ་མའི་ངོས་སེང་གེ་ང་རོའི་སྐུ་བརྙན་འབུམ།།
ལྷ་སྒྲུང་ལྟ་བུའི་ལོ་རྒྱུས་འདི་བློ་ཆེན་རྒྱལ་བའི་ཁྱད་ཆོས་མཆོག།

ལས་ཀྱིས་འབྲེལ་བའི་ཆོས་རྗེ་ཡིས་གང་ཉིད་བསྒུགས་ཏེ་ཉེ་སར་བཞུགས།།
ཡབ་སྲས་མཇལ་བའི་དུས་ཉིད་ནས་ཐུགས་ཡིད་འདྲེས་པའི་རྟགས་ཤིག་ཐོན།།
སྐུ་གསུམ་ཆོས་ཀྱི་ཕོ་བྲང་དུ་འགྲོ་འདོད་འགོག་མེད་འདུན་པས་དྲངས།།
བྱ་ཁྱུང་ཆོས་ཀྱི་གདན་ས་རུ་འཇམ་དཔལ་དབྱངས་ཀྱི་སྒུག་པ་འདྲ།།

ངེས་འབྱུང་སེམས་ཀྱི་རལ་གྲི་ཡིས་སྲིད་པའི་སྐྲ་ལོ་རྩ་ནས་བྲེག།
ཐར་འདོད་ཤུགས་དྲག་འདུན་པ་ཡིས་ལྷ་ལྡན་ཞིང་ལ་གོམ་ཁ་བསྒྱུར།།
གསང་ཕུ་སྙེ་ཐང་སོ་སོ་ནས་མཁས་པའི་ཀུན་གྱི་རྒྱན་དུ་གྱུར།།
མདོ་རྒྱན་འགྲེལ་བའི་རྣམ་དཔྱོད་ཀྱིས་སྟག་ཚང་ལོ་ཙཱའི་ཐུགས་ཀྱང་ཕྲོགས།།

སེ་ར་ཆོས་ཀྱི་ལྡིང་ཁང་ནས་འཇམ་དཔལ་དབྱངས་དང་མི་བཞིན་འགྲོགས།།
གནས་ལུགས་མཇལ་བའི་ཤེས་རབ་ཀྱིས་སེམས་ཀྱི་མུན་པ་དྲུངས་ནས་ཕྱུང་།།
ཐོས་བསམ་སྒོམ་པའི་རླུང་ཆེན་གྱིས་སྒྲིབ་གཉིས་སྤྲིན་ཚོགས་མཐའ་རུ་བསྐྲད།།
འཕྲིན་ལས་བདུད་རྩིའི་ཆར་འབྲུ་ཡིས་ཉམས་རྟོགས་པདྨོ་ཡང་ཡང་གསོས།།

ཐོས་བརྩོན་མེད་པའི་སྒོམ་སྲོལ་ལ་དམ་པ་གང་གིས་བཞི་ཤད་བཞག།
འཆད་རྩོད་དབེན་པའི་ལོ་རྒྱུས་ལ་འཇམ་མགོན་བླ་མས་རྫོགས་ཚིག་བཀོད།།
གངས་ལྗོངས་མུན་པའི་རྭ་བ་རུ་འཆད་རྩོད་རྩོམ་པའི་སྒྲོན་མེ་སྦར།།
བློ་བཟང་རྒྱལ་བའི་རྣམ་ཐར་ནི་དད་གསུམ་ཞིང་གི་མཛེས་རྒྱན་ལགས།།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་མིག་ནང་གི་ཙོང་ཁ་པ།

2016-11-22 རྨ་མདུད་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།