རང་ཉིད་ངོ་སྤྲོད།

བོད་པའི་འཇིགས་སྐྱབས།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-12-24

ང་རང་འཇིག་རྟེན་འདིར་ཡོང་ནས་རིང་ཙམ་ཡིན།།
ལེགས་པའི་དོན་ཆེན་ཞིག་ལར་ནས་འགྲུབ་མྱོང་མེད།།
བྱུར་རྐྱེན་སྣ་འདྲེན་གྱི་ཆོ་ལོ་མང་དུ་ཐོབ།།
མེས་པོའི་ཞབས་འདྲེན་དུ་གྱུར་བ་ལྡོག་མེད་ཡིན།།
 
མི་ཁ་ཁུར་རབས་ཀྱི་གཏམ་རྒྱུད་བགྲང་རྒྱུ་ཡོད།།
དཔེ་ངན་བཞག་རབས་ཀྱི་རྒྱུ་མཚན་འདྲེན་རྒྱུ་མཆིས།།
ངོ་ཚ་ཉོས་རབས་ཀྱི་གྲངས་ཀ་བརྩི་རྒྱུ་མང་།།
ཕ་ཡུལ་གཏད་ཕྲུག་ཏུ་གྱུར་བ་ལྡོག་མེད་ཡིན།།
 
ཕྱི་ཡི་སྐྱེ་ལུས་ནི་ཤིང་དུམ་ལས་ཀྱང་ཐུང་།།
ནང་གི་ཤེས་རབ་ནི་ཕག་པ་ལས་ཀྱང་རྟུལ། །
ལྷན་སྐྱེས་བཞིན་མདངས་ནི་གད་སྙིགས་ལས་ཀྱང་བཙོག །
མི་ཡི་གྲལ་མཐའ་རུ་ལྷུང་བ་ལྡོག་མེད་ཡིན།།
 
མི་ཆོས་གཙང་མ་ཡི་བག་ཆགས་རྒྱུད་ན་དཀོན།།
ཡ་རབས་གཤིས་བཟང་གི་གུས་ལུགས་ལུས་ན་དབེན།།
ངན་རིགས་ཡོད་རྒུ་ལ་ཕ་མཐར་ཕྱིན་ནས་འདུག།
ཁྱིམ་གྱི་ཕུང་འདྲེ་རུ་གྱུར་བ་ལྡོག་མེད་ཡིན།།
 
བདག་པོས་མི་མཐོང་སར་རྐུ་ཞིག་བྱས་མྱོང་ངོ་།།
རུ་སྡེས་མི་ཚོར་སར་མོ་ཞིག་མནན་མྱོང་ངོ་།།
མི་ཚོགས་སྲང་བར་དུ་གྲོགས་ཤིག་བཀུམ་མྱོང་ངོ་།།
ན་ཟླའི་ལག་དམར་དུ་གྱུར་བ་ལྡོག་མེད་ཡིན།།
 
མ་དག་སྡིག་སྒྲིབ་ཀྱིས་ལུས་ཀུན་གཡོགས་ནས་ཡོད།།
མ་བཤགས་ཉེས་དམིགས་ཀྱིས་ཕྱི་ནང་མནར་ནས་ཡོད།།
མ་འཇལ་བུ་ལོན་གྱིས་རྟག་ཏུ་གཙེས་ནས་ཡོད།།
ཉམ་ཐག་བུ་ཞིག་ཏུ་གྱུར་བ་ལྡོག་མེད་ཡིན།།
 
རང་སྣང་མཐོན་པོ་འདི་ད་དུང་གཟེངས་སུ་ཡོད།།
རང་གཤིས་གྱོང་བོ་འདི་ད་དུང་མཁྲེགས་པོར་ཡོད།།
རང་བློ་དམུན་པོ་འདི་ད་དུང་དེ་བཞིན་ནོ།།
མ་རབས་མིང་ཅན་དུ་གྱུར་བ་ལྡོག་མེད་ཡིན།།
 
མི་རུང་ལྐོག་གཡོ་ཞིག་ཡིད་ལ་བཅངས་ནས་ཡོད།།
མི་བདེན་རྫུན་གཏམ་ཞིག་ངག་ལ་བསྒྲིགས་ནས་ཡོད།།
མི་ཐུབ་འདོད་པ་ཞིག་རྒྱུད་ལ་འབར་ནས་ཡོད།།
མཛེས་མའི་མཆིལ་ལུད་དུ་གྱུར་བ་ལྡོག་མེད་ཡིན།།
 
སློབ་གྲྭའི་སྒོ་ཐེམ་ཞིག་རྡོག་པས་གནོན་མྱོང་མེད།།
བཤེས་གཉེན་དམ་པ་ཞིག་གཙུག་ཏུ་བཀུར་མྱོང་མེད།།
ཤེས་ལྡན་གྲོགས་མཆེད་ཅིག་ལག་འཇུས་བསུ་མྱོང་མེད།།
རྨོངས་པའི་གཤིས་སྤྱོད་འདི་ཚེ་གང་སྒྱུར་མེད་ཡིན།།
 
རུ་སྡེ་དཀྲུགས་པ་ཡི་ནག་ཉེས་རྒྱབ་ན་ལྗིད།།
བཟའ་ཚང་གཏོར་བ་ཡི་དགྲ་ལན་མདུན་དུ་ལྷགས།།
གཅོང་རོང་གཡང་གཟར་གྱི་གཏིང་ལ་མ་བསྐྱུར་ན།།
རྡོ་དབྱུག་ཁ་ཆར་བཞིན་བབ་ཡང་དོན་ཆུང་ཡིན།།
 
ང་ཡི་མིང་ལ་ནི་བོད་པའི་འཇིགས་སྐྱབས་ཟེར།།
སྐྱེས་པའི་ཕ་ཡུལ་ནི་རྨ་ཆུའི་འབྲོག་སྡེ་ཡིན།།
དྲིན་ཆེན་ཕ་མ་གཉིས་གཅེས་པའི་བུ་ཆུང་ཡིན།།
སྙིང་མཐུན་ཆུང་མ་ཡི་ཚེ་གཅིག་སྐྱ་ཡ་ཡིན།།
     
                      ༢༠༡༥.༩.༡༥.ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་ངོ་སྤྲོད།

2016-12-24 བོད་པའི་འཇིགས་སྐྱབས།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།