རྒྱུགས་ར་ནས་བྲིས་པའི་ཀ་རྩོམ།

གླག་ཀུན་བཟང་བསོད་ནམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-01-19


དཀར་མཛེས་ཞེས་པའི་དཀར་ཞིང་མཛེས་པའི་སའི།།
ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་དུ།།
རྒྱུགས་ཤིག་སྤྲད་སར་ཁ་སང་ནས་ཐོན་ཞིང་།།
ང་རྒྱལ་མགོ་བོ་བཏེགས་ཏེ་རྒྱུགས་རར་འཛུལ།།
གཅིན་པ་འཆོར་མདོག་བྱས་ནས་སྒོ་རེར་བུད།།
ཆམ་པ་ན་ཁུལ་བྱས་ནས་སྣབས་རེ་སྤུར།།
བརྗེད་ནས་དྲི་བ་མང་པོ་ཤེས་མ་སོང་།།
གཉིད་ཀྱང་ཡེ་ནས་མི་ཁུག་ལས་ངན་ཨེ།།
སྟོང་ཆ་མང་པོ་མེད་པའི་རྒྱུགས་ཤོག་འདིའི།།
ཐ་ན་ཁ་བྱང་ལ་ཡང་ཡིག་ནོར་གདའ།།
དེང་འདིར་དགེ་རྒན་ཆེན་མོ་ཡིན་མདོག་འགས།།
ནོར་འཆུགས་འདི་འདྲ་བཟོས་པ་ཉུང་ཉུང་མིན།།
སྤང་དང་ལམ་ཁ་དག་ནས་ཅུང་བསྡད་རྗེས།།
ཕྱི་དྲོར་སླར་ཡང་རྒྱུགས་རར་འཛུལ་དགོས་བྱུང་།།
འབྲི་རྒྱུ་མཐའ་དག་ཕྱེད་ཙམ་བྲིས་ཚར་རྗེས།།
མལ་སྔས་ཅོག་ཙེ་བྱས་ནས་ཡུད་ཙམ་གཉིད།།
རྩིབ་ཀྱི་བུ་མོ་ཞིག་གིས་བོས་བྱུང་བས།།
འཚབ་འཚུབ་ཁོ་མོའི་ཕྱོགས་ལ་བལྟས་པ་ན།།
མཛུབ་མོས་རྒྱུགས་ཤོག་མནན་ནས་འདི་སྟོན་ཞེས།།
ཝ་ལེར་ཐོས་མོ་ཞིག་ནི་གསུང་བྱུང་མོད།།
གཞུང་གི་རྒྱུགས་རྟོག་པ་ཡིས་མིག་ཅེར་ནས།།
ཟ་རྒྱུ་ཡིན་པ་འདྲ་བར་བལྟས་ཚོད་ཀྱིས།།
འོན་པ་མི་བཅའ་ཐབས་མེད་ང་སྐྲག་གི།
ཡག་མ་ལྷ་མོ་འདྲ་བོ་ཐུགས་མ་ཁྲོ།།
ར་ལ་ཤ་ས་སོགས་ཀྱང་འབྲི་འདོད་མོད།།
ལོ་སིས(老师)རྒྱུགས་ཤོག་མྱུར་མོར་སྤྲོད་གསུངས་བས།།
གཤམ་གྱི་ཀ་འཕྲེང་འབྲི་མཚམས་འདིར་བཞག་སྟེ།།
བསམ་བློ་ལེགས་པོ་བཏང་ནས་རྒྱུགས་འཕྲོ་བྲིས།།
ཧེ་ཧེ་རྒྱུགས་རར་ནམ་རྒྱུན་རྩོམ་བྲིས་པས།།
ཨ་མ་ཨ་ཞང་སོགས་ཀྱིས་གོ་ན་ཚར།།

        *  ཡ་ཡན་ཆོད་རྒྱུགས་ར་ནས་བྲིས་ཤིང་ར་ནས་ཨ་བར་ཇ་ཁང་ཞིག་ནས་བྲིས།   
                                                   
                                  ༢༠༡༦/༤/༡༦ ཉིན།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱུགས་ར་ནས་བྲིས་པའི་ཀ་རྩོམ།

2017-01-19 གླག་ཀུན་བཟང་བསོད་ནམས། ཀློག་གྲངས། མཆན ཡོད།


དཀར་མཛེས་ཞེས་པའི་དཀར་ཞིང་མཛེས་པའི་སའི།།
ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་དུ།།
རྒྱུགས་ཤིག་སྤྲད་སར་ཁ་སང་ནས་ཐོན་ཞིང་།།
ང་རྒྱལ་མགོ་བོ་བཏེགས་ཏེ་རྒྱུགས་རར་འཛུལ།།
གཅིན་པ་འཆོར་མདོག་བྱས་ནས་སྒོ་རེར་བུད།།
ཆམ་པ་ན་ཁུལ་བྱས་ནས་སྣབས་རེ་སྤུར།།
བརྗེད་ནས་དྲི་བ་མང་པོ་ཤེས་མ་སོང་།།
གཉིད་ཀྱང་ཡེ་ནས་མི་ཁུག་ལས་ངན་ཨེ།།
སྟོང་ཆ་མང་པོ་མེད་པའི་རྒྱུགས་ཤོག་འདིའི།།
ཐ་ན་ཁ་བྱང་ལ་ཡང་ཡིག་ནོར་གདའ།།
དེང་འདིར་དགེ་རྒན་ཆེན་མོ་ཡིན་མདོག་འགས།།
ནོར་འཆུགས་འདི་འདྲ་བཟོས་པ་ཉུང་ཉུང་མིན།།
སྤང་དང་ལམ་ཁ་དག་ནས་ཅུང་བསྡད་རྗེས།།
ཕྱི་དྲོར་སླར་ཡང་རྒྱུགས་རར་འཛུལ་དགོས་བྱུང་།།
འབྲི་རྒྱུ་མཐའ་དག་ཕྱེད་ཙམ་བྲིས་ཚར་རྗེས།།
མལ་སྔས་ཅོག་ཙེ་བྱས་ནས་ཡུད་ཙམ་གཉིད།།
རྩིབ་ཀྱི་བུ་མོ་ཞིག་གིས་བོས་བྱུང་བས།།
འཚབ་འཚུབ་ཁོ་མོའི་ཕྱོགས་ལ་བལྟས་པ་ན།།
མཛུབ་མོས་རྒྱུགས་ཤོག་མནན་ནས་འདི་སྟོན་ཞེས།།
ཝ་ལེར་ཐོས་མོ་ཞིག་ནི་གསུང་བྱུང་མོད།།
གཞུང་གི་རྒྱུགས་རྟོག་པ་ཡིས་མིག་ཅེར་ནས།།
ཟ་རྒྱུ་ཡིན་པ་འདྲ་བར་བལྟས་ཚོད་ཀྱིས།།
འོན་པ་མི་བཅའ་ཐབས་མེད་ང་སྐྲག་གི།
ཡག་མ་ལྷ་མོ་འདྲ་བོ་ཐུགས་མ་ཁྲོ།།
ར་ལ་ཤ་ས་སོགས་ཀྱང་འབྲི་འདོད་མོད།།
ལོ་སིས(老师)རྒྱུགས་ཤོག་མྱུར་མོར་སྤྲོད་གསུངས་བས།།
གཤམ་གྱི་ཀ་འཕྲེང་འབྲི་མཚམས་འདིར་བཞག་སྟེ།།
བསམ་བློ་ལེགས་པོ་བཏང་ནས་རྒྱུགས་འཕྲོ་བྲིས།།
ཧེ་ཧེ་རྒྱུགས་རར་ནམ་རྒྱུན་རྩོམ་བྲིས་པས།།
ཨ་མ་ཨ་ཞང་སོགས་ཀྱིས་གོ་ན་ཚར།།

        *  ཡ་ཡན་ཆོད་རྒྱུགས་ར་ནས་བྲིས་ཤིང་ར་ནས་ཨ་བར་ཇ་ཁང་ཞིག་ནས་བྲིས།   
                                                   
                                  ༢༠༡༦/༤/༡༦ ཉིན།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།