ཚིག་གི་ལོ་མ་ས་ལ་དྲུད་པ།

ཁ་གྱའི་ཁྱུང་སྔོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-01-19

རེ་བ་རླུང་ལ་བཅོལ་བའི་ལོ་ཟླའི་ཟུར་ནས།།
ཅི་ཡང་བསྡུ་ཉར་མེད་པའི་རུམ་ནང་སྟོང་སོང་།།
དྲན་ཚོར་ཡི་གེར་བཀོད་པའི་ཚིག་གི་ཚེས་རིས།།
དུང་བའི་ཆུ་ལ་ལྷུང་ན་སེམས་ཀྱི་སྡུག་རེད།།

འཛོམས་པ་ལས་ཀྱིས་བསྐོས་པའི་གླིང་གའི་ཟུར་ནས།།
སྙིང་གི་གཏམ་ཆུང་རླུང་གིས་ལྷོ་ལ་ཁྱེར་སོང་།།
སྟོན་གྱི་མཚན་ངོགས་འབྱར་བའི་སྐར་མ་འོད་ཆེན།།
ཁྲ་ཆུང་ཟུར་མིག་མེ་ཏོག་ཚལ་ན་ལུས་ཡོད།།

དམར་ཆུང་སེམས་ཀྱི་མེ་ལོང་དྭངས་མོའི་ངོས་ལ།།
བྱད་དབྱིབས་སྒོར་བའི་ལང་ཚོའི་དབང་གཞུ་བཀྲ་ཡོད།།
ངག་ལ་བརྒྱུས་པའི་ལྷད་མེད་སྐུད་པ་ཕྲ་མོས།།
མཛའ་བ་མི་ཕྱེད་ཚིག་ལ་མདུད་པ་བརྒྱབ་ཡོད།།

སྤྲིན་ལ་བསྐུར་བའི་འཕྲིན་པ་ཡངས་མོ་ཡངས་མོ།།
སེམས་ཀྱི་ཟབ་སར་ལྷུང་ན་རི་ལས་ལྕི་སོང་།།
འཕྲད་པ་བྱུང་ཡང་དུས་ཚོད་སྐད་ཅིག་ཡིན་པས།།
སྨྲེང་བ་ཁོག་ལ་བཅུག་སྟེ་ཡུན་རིང་ལུས་སོང་།།

དོ་ནུབ་ནམ་མཁའི་ཟླ་བ་སྒོར་སྒོར་མ་རེད།།
སྐར་མའི་གྲངས་ཀ་མང་བོ་མང་བོ་མ་རེད།།
སྐད་ཆ་ཡི་གེར་ཕབ་ཀྱང་ཚོར་བ་སབ་སོབ།།
ཞལ་ཁ་ལྷོ་ལ་ཕྱོགས་ཏེ་ང་རང་བུད་འགྲོ།།

ཚེ་ཡི་ལས་འཕྲོའི་ཨ་ལོང་སྒོར་སྒོར་ཡིན་ན།།
འདུན་པ་ཟབ་མོའི་ལྕགས་ཀྱུའི་གྱོ་བ་ཡོད་པས།།
མི་རིང་ཚེ་ཡི་བདེ་སྐྱིད་ངོ་མ་བསམ་ན།།
ཡོད་ཚད་རླུང་གིས་བཏེགས་པའི་ཤུགས་ལ་མ་འགྲོ།།

ཕྱིར་མིག་རེ་བར་མ་འཛིན་རྨི་ལམ་འཁྲུགས་འགྲོ།།
རྨི་ལམ་དམར་པོའི་ཁུད་ན་ནམ་ཡང་ཡོད་པས།།
ཚེ་ཡི་རི་མོ་གྲིབ་མས་མ་བསྒྲིབ་པར་དུ།།
སེམས་ཀྱི་རི་མོའི་ཁ་དོག་སོ་ན་གནས་ཡོད།།

                                    2016/2/11ལ།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་ལོ་མ་ས་ལ་དྲུད་པ།

2017-01-19 ཁ་གྱའི་ཁྱུང་སྔོན། ཀློག་གྲངས། མཆན ཡོད།

རེ་བ་རླུང་ལ་བཅོལ་བའི་ལོ་ཟླའི་ཟུར་ནས།།
ཅི་ཡང་བསྡུ་ཉར་མེད་པའི་རུམ་ནང་སྟོང་སོང་།།
དྲན་ཚོར་ཡི་གེར་བཀོད་པའི་ཚིག་གི་ཚེས་རིས།།
དུང་བའི་ཆུ་ལ་ལྷུང་ན་སེམས་ཀྱི་སྡུག་རེད།།

འཛོམས་པ་ལས་ཀྱིས་བསྐོས་པའི་གླིང་གའི་ཟུར་ནས།།
སྙིང་གི་གཏམ་ཆུང་རླུང་གིས་ལྷོ་ལ་ཁྱེར་སོང་།།
སྟོན་གྱི་མཚན་ངོགས་འབྱར་བའི་སྐར་མ་འོད་ཆེན།།
ཁྲ་ཆུང་ཟུར་མིག་མེ་ཏོག་ཚལ་ན་ལུས་ཡོད།།

དམར་ཆུང་སེམས་ཀྱི་མེ་ལོང་དྭངས་མོའི་ངོས་ལ།།
བྱད་དབྱིབས་སྒོར་བའི་ལང་ཚོའི་དབང་གཞུ་བཀྲ་ཡོད།།
ངག་ལ་བརྒྱུས་པའི་ལྷད་མེད་སྐུད་པ་ཕྲ་མོས།།
མཛའ་བ་མི་ཕྱེད་ཚིག་ལ་མདུད་པ་བརྒྱབ་ཡོད།།

སྤྲིན་ལ་བསྐུར་བའི་འཕྲིན་པ་ཡངས་མོ་ཡངས་མོ།།
སེམས་ཀྱི་ཟབ་སར་ལྷུང་ན་རི་ལས་ལྕི་སོང་།།
འཕྲད་པ་བྱུང་ཡང་དུས་ཚོད་སྐད་ཅིག་ཡིན་པས།།
སྨྲེང་བ་ཁོག་ལ་བཅུག་སྟེ་ཡུན་རིང་ལུས་སོང་།།

དོ་ནུབ་ནམ་མཁའི་ཟླ་བ་སྒོར་སྒོར་མ་རེད།།
སྐར་མའི་གྲངས་ཀ་མང་བོ་མང་བོ་མ་རེད།།
སྐད་ཆ་ཡི་གེར་ཕབ་ཀྱང་ཚོར་བ་སབ་སོབ།།
ཞལ་ཁ་ལྷོ་ལ་ཕྱོགས་ཏེ་ང་རང་བུད་འགྲོ།།

ཚེ་ཡི་ལས་འཕྲོའི་ཨ་ལོང་སྒོར་སྒོར་ཡིན་ན།།
འདུན་པ་ཟབ་མོའི་ལྕགས་ཀྱུའི་གྱོ་བ་ཡོད་པས།།
མི་རིང་ཚེ་ཡི་བདེ་སྐྱིད་ངོ་མ་བསམ་ན།།
ཡོད་ཚད་རླུང་གིས་བཏེགས་པའི་ཤུགས་ལ་མ་འགྲོ།།

ཕྱིར་མིག་རེ་བར་མ་འཛིན་རྨི་ལམ་འཁྲུགས་འགྲོ།།
རྨི་ལམ་དམར་པོའི་ཁུད་ན་ནམ་ཡང་ཡོད་པས།།
ཚེ་ཡི་རི་མོ་གྲིབ་མས་མ་བསྒྲིབ་པར་དུ།།
སེམས་ཀྱི་རི་མོའི་ཁ་དོག་སོ་ན་གནས་ཡོད།།

                                    2016/2/11ལ།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།