མཛའ་གཞས་ཆུ་མིག་རང་བརྡོལ།(ཁག་བཞི)

ཁུ་བྱུག་སྔོན་མོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-02-10

 

                           ལྷ་རྟ་ཁམ་པ་རྔོག་རིང་།

                      1
ལྷ་རྟ་ཁམ་པ་རྔོག་རིང་།།
ཡར་ཀླུང་ཁོག་ནས་འཚེར་ཏེ།།
ཉི་ཟླ་རྒྱབ་ལ་འཁུར་བ།།
ཡར་ཡར་ཡར་ལ་གཟིགས་དང་།།
ནམ་མཁའི་མཐོངས་ལ་བསྐྱོན་ཡོད།།
འོད་ཀྱི་ཐིག་ལེ་རེ་ལ།།
སངས་རྒྱས་ཞིང་བཀོད་བཞེངས་ཡོད།།

སྦྲ་ཡི་དུ་བ་ཡལ་དུས།།
ལྷ་རྟ་ཁམ་པ་རྔོག་རིང་།།
ཁེར་རྐྱང་ཡིན་འགྲོ་མ་བསམ།།
འཚེར་སྐད་ལྷང་ལྷང་སྒྲོགས་དང་།།
ཨ་ཇོ་དགྲ་ལྷ་རྣམ་རྒྱལ།།
རྨི་ལམ་ནང་ནས་སད་ཡོང་།།

                      2
ལྷ་རྟ་ཁམ་པ་རྔོག་རིང་།།
ལྕགས་པོ་རི་ནས་མཆོངས་ཏེ།།
ས་ཆེན་རྨིག་པས་སྒུལ་བ།།
མར་མར་མར་ལ་གཟིགས་དང་།།
གཙང་ཆུའི་རྒྱུན་ལ་འདྲེས་ཡོད།།
རླབས་ཀྱི་ང་རོ་རེ་ལ།།
རྟ་མགྲིན་དམར་པོ་འཐིམ་ཡོད།།

སྦྲ་ཡི་དུ་བ་ཡལ་དུས།།
ལྷ་རྟ་ཁམ་པ་རྔོག་རིང་།།
ཁེར་རྐྱང་ཡིན་འགྲོ་མ་བསམ།།
ལག་འོབ་ཡང་ཡང་རྒྱོབས་དང་།།
ཨ་ཇོ་དགྲ་ལྷ་རྣམ་རྒྱལ།།
གཟིམ་དཀར་ཤག་ནས་སླེབས་ཡོང་།།
                                         2017.2.6
                
                            བུ་མོ་སྣང་ས།
                            
                   1
ཡག་ག་དེ་རིང་ཡག་ག།
དེ་རིང་སྣང་ས་ཡག་ག།
བུ་མོ་སྣང་སའི་ཞལ་རས།།
གངས་ཆབ་དྭངས་མོས་བཀྲུས་ཡོད།།
འོ་སྤྲི་མངར་མོས་བྱུགས་ཡོད།།
འཛུམ་ཙམ་འཛུམ་ཙམ་བྱས་ཚེ།།
པད་མའི་འཛུམ་ཀོང་ནང་ལ།།
འོད་ཀྱི་ཟིལ་བ་ཆགས་འགྲོ།།

སེམས་ལ་སྐྱོ་བ་མེད་ན།།
འཛུམ་དཀར་ཡང་ཡང་སྟོན་དང་།།
འོད་ཀྱི་ཟིལ་བ་འཐོར་ན།།
ང་ཡི་སེམས་པ་བཟེད་ཡོང་།།

                   2
ཡག་ག་དེ་རིང་ཡག་ག།
དེ་རིང་སྣང་ས་ཡག་ག།
བུ་མོ་སྣང་སའི་སྐུ་གཟུགས།།
སྟོད་གོས་དཀར་ཁྲས་སྤུད་ཡོད།།
ཕྲུག་ལ་ཤད་མས་བརྒྱན་ཡོད།།
སྐྱོད་ཙམ་སྐྱོད་ཙམ་བྱས་ཚེ།།
སྨྱུག་མའི་ལྡེམ་འགྲོས་ཁྲོད་ལ།།
རླུང་བུའི་མཛའ་གཞས་འཁོར་འགྲོ།།

ལུས་ལ་ངལ་བ་མེད་ན།།
ལྡེམ་འགྲོས་ཡང་ཡང་སྒྱུར་དང་།།
རླུང་བུའི་མཛའ་གཞས་ཡལ་ན།།
ང་ཡི་དབུགས་རྒྱུན་དཀྲོལ་ཡོང་།།
                                     2017.2.5
         
                           གསེར་སྐྱེམས་འདྲེན་གཞས།

                    1
ཆང་དེ་ལོ་ཆང་ཁམ་པ།།
སེམས་ཀྱི་ལྷ་ལ་ཕུལ་ཡོད།།
གེ་སར་ནོར་བུ་དགྲ་འདུལ།།
གསེར་སྐྱེམས་བཞེས་པར་བྱོན་དང་།།
རལ་གྲིའི་རྣོ་ཡི་གཟི་བྱིན།།
སྨྱུ་གུའི་གར་ལ་འཁོར་ན།།
དཔའ་རྟུལ་སུམ་ཅུ་མི་དགོས།།
ཀ་ཁ་སུམ་ཅུའི་དཔུང་གིས།།
དགྲ་ཡི་བྱད་ཁ་ཟློག་ཆོག།

ཐུགས་སྤྲོ་བག་ཕེབས་གནོངས་ལ།།
གསེར་སྐྱེམས་ཡང་ཡང་བཞེས་དང་།།
ཆང་གཡོག་ཞབས་ཏོག་བསྒྲུབ་པར།།
འབྲུག་མོ་མེད་ཀྱང་ཆོག་སྟེ།།
ང་ཡི་དབྱངས་ཅན་ལྷ་མོ།།
ཁྱེད་ཀྱི་མདུན་དུ་བསུས་ཡོང་།།

                    2
ཆང་དེ་ལོ་ཆང་ཁམ་པ།།
སེམས་ཀྱི་ལྷ་ལ་ཕུལ་ཡོད།།
གེ་སར་ནོར་བུ་དགྲ་འདུལ།།
གསེར་སྐྱེམས་བཞེས་པར་བྱོན་དང་།།
རྐྱང་རྒོད་ལྷ་རྟའི་བང་རྩལ།།
སེམས་ཀྱི་གཤོག་པར་འཁོར་ན།།
རུ་འདྲེན་སྡེ་བཞི་མི་དགོས།།
ཀུན་རྟོག་རྩལ་དྲུག་སྐྱེན་པོས།།
འཛམ་གླིང་གཡས་བསྐོར་བརྒྱབ་ཆོག།

ཐུགས་སྤྲོ་བག་ཕེབས་གནོངས་ལ།།
གསེར་སྐྱེམས་ཡང་ཡང་བཞེས་དང་།།
ལོ་ཆང་སྤོད་ཡའི་ཟས་ལ།།
འབྲི་ཞོ་མེད་ཀྱང་ཆོག་སྟེ།།
ང་ཡི་སྙན་ངག་མངར་མོ།།
ཁྱེད་ཀྱི་མདུན་དུ་དྲངས་ཡོང་།།
                                       2017.2.6
               
                             ཨ་ཅེ་རྒྱ་བཟའ།

                  1
ཉི་ཟླ་རི་བོའི་ཉག་ག།
རི་ཆེན་གཉིས་ཀྱི་མཚམས་རེད།།
ཨ་ཅེ་རྒྱ་བཟའ་བརྒྱུད་དུས།།
དྲན་ཤིང་རི་ལས་ལྕི་བ།།
མེ་ལོང་ནང་ལ་ཤར་ཡོད།།
མེ་ལོང་མེ་ལོང་ཟེར་བ།།
རྡོ་བ་སྔོན་པོ་གཉིས་རེད།།

རྡོ་བའི་སྟེང་གི་གཏམ་རྒྱུད།།
མགར་གྱི་ངག་ན་ཡོད་རེད།།
ཇ་ལོ་སྤུས་བཟང་ཡིན་མིན།།
རྒྱ་བཟར་འབྲེལ་བ་མི་འདུག།

                    2
ཉི་ཟླ་རི་བོའི་ཉག་ག།
ལྡོག་བཞུར་ཆུ་བོས་བསྐོར་ཡོད།།
ཨ་ཅེ་རྒྱ་བཟའ་བརྒྱུད་དུས།།
མཆི་མ་ཆུ་ལས་མང་བ།།
རྡོ་བའི་ངོས་ལ་ལྷུང་ཡོད།།
རྡོ་བ་རྡོ་བ་ཟེར་བ།།
མེ་ལོང་མཁྲེགས་པོ་གཉིས་རེད།།

མེ་ལོང་ནང་གི་གསང་བ།།
མགར་གྱི་སེམས་ན་ཡོད་རེད།།
ནོམ་པ་རྫུན་མ་ཡིན་མིན།།
རྒྱ་བཟར་འབྲེལ་བ་མི་འདུག།
                                  2017.2.6


 རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛའ་གཞས་ཆུ་མིག་རང་བརྡོལ།(ཁག་བཞི)

2017-02-10 ཁུ་བྱུག་སྔོན་མོ། ཀློག་གྲངས། མཆན ཡོད།

 

                           ལྷ་རྟ་ཁམ་པ་རྔོག་རིང་།

                      1
ལྷ་རྟ་ཁམ་པ་རྔོག་རིང་།།
ཡར་ཀླུང་ཁོག་ནས་འཚེར་ཏེ།།
ཉི་ཟླ་རྒྱབ་ལ་འཁུར་བ།།
ཡར་ཡར་ཡར་ལ་གཟིགས་དང་།།
ནམ་མཁའི་མཐོངས་ལ་བསྐྱོན་ཡོད།།
འོད་ཀྱི་ཐིག་ལེ་རེ་ལ།།
སངས་རྒྱས་ཞིང་བཀོད་བཞེངས་ཡོད།།

སྦྲ་ཡི་དུ་བ་ཡལ་དུས།།
ལྷ་རྟ་ཁམ་པ་རྔོག་རིང་།།
ཁེར་རྐྱང་ཡིན་འགྲོ་མ་བསམ།།
འཚེར་སྐད་ལྷང་ལྷང་སྒྲོགས་དང་།།
ཨ་ཇོ་དགྲ་ལྷ་རྣམ་རྒྱལ།།
རྨི་ལམ་ནང་ནས་སད་ཡོང་།།

                      2
ལྷ་རྟ་ཁམ་པ་རྔོག་རིང་།།
ལྕགས་པོ་རི་ནས་མཆོངས་ཏེ།།
ས་ཆེན་རྨིག་པས་སྒུལ་བ།།
མར་མར་མར་ལ་གཟིགས་དང་།།
གཙང་ཆུའི་རྒྱུན་ལ་འདྲེས་ཡོད།།
རླབས་ཀྱི་ང་རོ་རེ་ལ།།
རྟ་མགྲིན་དམར་པོ་འཐིམ་ཡོད།།

སྦྲ་ཡི་དུ་བ་ཡལ་དུས།།
ལྷ་རྟ་ཁམ་པ་རྔོག་རིང་།།
ཁེར་རྐྱང་ཡིན་འགྲོ་མ་བསམ།།
ལག་འོབ་ཡང་ཡང་རྒྱོབས་དང་།།
ཨ་ཇོ་དགྲ་ལྷ་རྣམ་རྒྱལ།།
གཟིམ་དཀར་ཤག་ནས་སླེབས་ཡོང་།།
                                         2017.2.6
                
                            བུ་མོ་སྣང་ས།
                            
                   1
ཡག་ག་དེ་རིང་ཡག་ག།
དེ་རིང་སྣང་ས་ཡག་ག།
བུ་མོ་སྣང་སའི་ཞལ་རས།།
གངས་ཆབ་དྭངས་མོས་བཀྲུས་ཡོད།།
འོ་སྤྲི་མངར་མོས་བྱུགས་ཡོད།།
འཛུམ་ཙམ་འཛུམ་ཙམ་བྱས་ཚེ།།
པད་མའི་འཛུམ་ཀོང་ནང་ལ།།
འོད་ཀྱི་ཟིལ་བ་ཆགས་འགྲོ།།

སེམས་ལ་སྐྱོ་བ་མེད་ན།།
འཛུམ་དཀར་ཡང་ཡང་སྟོན་དང་།།
འོད་ཀྱི་ཟིལ་བ་འཐོར་ན།།
ང་ཡི་སེམས་པ་བཟེད་ཡོང་།།

                   2
ཡག་ག་དེ་རིང་ཡག་ག།
དེ་རིང་སྣང་ས་ཡག་ག།
བུ་མོ་སྣང་སའི་སྐུ་གཟུགས།།
སྟོད་གོས་དཀར་ཁྲས་སྤུད་ཡོད།།
ཕྲུག་ལ་ཤད་མས་བརྒྱན་ཡོད།།
སྐྱོད་ཙམ་སྐྱོད་ཙམ་བྱས་ཚེ།།
སྨྱུག་མའི་ལྡེམ་འགྲོས་ཁྲོད་ལ།།
རླུང་བུའི་མཛའ་གཞས་འཁོར་འགྲོ།།

ལུས་ལ་ངལ་བ་མེད་ན།།
ལྡེམ་འགྲོས་ཡང་ཡང་སྒྱུར་དང་།།
རླུང་བུའི་མཛའ་གཞས་ཡལ་ན།།
ང་ཡི་དབུགས་རྒྱུན་དཀྲོལ་ཡོང་།།
                                     2017.2.5
         
                           གསེར་སྐྱེམས་འདྲེན་གཞས།

                    1
ཆང་དེ་ལོ་ཆང་ཁམ་པ།།
སེམས་ཀྱི་ལྷ་ལ་ཕུལ་ཡོད།།
གེ་སར་ནོར་བུ་དགྲ་འདུལ།།
གསེར་སྐྱེམས་བཞེས་པར་བྱོན་དང་།།
རལ་གྲིའི་རྣོ་ཡི་གཟི་བྱིན།།
སྨྱུ་གུའི་གར་ལ་འཁོར་ན།།
དཔའ་རྟུལ་སུམ་ཅུ་མི་དགོས།།
ཀ་ཁ་སུམ་ཅུའི་དཔུང་གིས།།
དགྲ་ཡི་བྱད་ཁ་ཟློག་ཆོག།

ཐུགས་སྤྲོ་བག་ཕེབས་གནོངས་ལ།།
གསེར་སྐྱེམས་ཡང་ཡང་བཞེས་དང་།།
ཆང་གཡོག་ཞབས་ཏོག་བསྒྲུབ་པར།།
འབྲུག་མོ་མེད་ཀྱང་ཆོག་སྟེ།།
ང་ཡི་དབྱངས་ཅན་ལྷ་མོ།།
ཁྱེད་ཀྱི་མདུན་དུ་བསུས་ཡོང་།།

                    2
ཆང་དེ་ལོ་ཆང་ཁམ་པ།།
སེམས་ཀྱི་ལྷ་ལ་ཕུལ་ཡོད།།
གེ་སར་ནོར་བུ་དགྲ་འདུལ།།
གསེར་སྐྱེམས་བཞེས་པར་བྱོན་དང་།།
རྐྱང་རྒོད་ལྷ་རྟའི་བང་རྩལ།།
སེམས་ཀྱི་གཤོག་པར་འཁོར་ན།།
རུ་འདྲེན་སྡེ་བཞི་མི་དགོས།།
ཀུན་རྟོག་རྩལ་དྲུག་སྐྱེན་པོས།།
འཛམ་གླིང་གཡས་བསྐོར་བརྒྱབ་ཆོག།

ཐུགས་སྤྲོ་བག་ཕེབས་གནོངས་ལ།།
གསེར་སྐྱེམས་ཡང་ཡང་བཞེས་དང་།།
ལོ་ཆང་སྤོད་ཡའི་ཟས་ལ།།
འབྲི་ཞོ་མེད་ཀྱང་ཆོག་སྟེ།།
ང་ཡི་སྙན་ངག་མངར་མོ།།
ཁྱེད་ཀྱི་མདུན་དུ་དྲངས་ཡོང་།།
                                       2017.2.6
               
                             ཨ་ཅེ་རྒྱ་བཟའ།

                  1
ཉི་ཟླ་རི་བོའི་ཉག་ག།
རི་ཆེན་གཉིས་ཀྱི་མཚམས་རེད།།
ཨ་ཅེ་རྒྱ་བཟའ་བརྒྱུད་དུས།།
དྲན་ཤིང་རི་ལས་ལྕི་བ།།
མེ་ལོང་ནང་ལ་ཤར་ཡོད།།
མེ་ལོང་མེ་ལོང་ཟེར་བ།།
རྡོ་བ་སྔོན་པོ་གཉིས་རེད།།

རྡོ་བའི་སྟེང་གི་གཏམ་རྒྱུད།།
མགར་གྱི་ངག་ན་ཡོད་རེད།།
ཇ་ལོ་སྤུས་བཟང་ཡིན་མིན།།
རྒྱ་བཟར་འབྲེལ་བ་མི་འདུག།

                    2
ཉི་ཟླ་རི་བོའི་ཉག་ག།
ལྡོག་བཞུར་ཆུ་བོས་བསྐོར་ཡོད།།
ཨ་ཅེ་རྒྱ་བཟའ་བརྒྱུད་དུས།།
མཆི་མ་ཆུ་ལས་མང་བ།།
རྡོ་བའི་ངོས་ལ་ལྷུང་ཡོད།།
རྡོ་བ་རྡོ་བ་ཟེར་བ།།
མེ་ལོང་མཁྲེགས་པོ་གཉིས་རེད།།

མེ་ལོང་ནང་གི་གསང་བ།།
མགར་གྱི་སེམས་ན་ཡོད་རེད།།
ནོམ་པ་རྫུན་མ་ཡིན་མིན།།
རྒྱ་བཟར་འབྲེལ་བ་མི་འདུག།
                                  2017.2.6


 རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།