གཡུ་ཐོག་ཚོང་ཁང་།


“སྐྲ་སེར་འབྱུང་བོའི་དམག་གིས།།  
རྫས་འཕྲུལ་གཡུགས་ཐེངས་གཅིག་གིས།།  
ཤ་ཁྲག་རྒྱན་གྱིས་བརྒྱན་པའི།།
གཏོར་ཟོར་མགོ་བོ་བཀོག་སོང་།།”
                ______ཁ་བྱང་གི་ལྷན་ཐབས།

IMG_1782.JPG


ཤོ་སྦག་ལང་ལ་ཤོར་པའི།།
ཇོ་དང་སྐུ་ལྕམ་ལགས་ཡེ།།
ར་ས་ཞོལ་གྱི་བར་ན།།
གཡུ་ཐོག་ཟམ་པ་མི་འདུག།

ཀོང་མོ་པང་གདན་འཇའ་འགྲིག།
སྲས་མོ་མེ་ཏོག་བཞད་ས།།
མཁུར་ཚོས་སིལ་ཏོག་སྨིན་མ།།
ལྷ་སའི་ཁྲོམ་ནས་མི་རྙེད།།

ཕྱི་གླིང་མགོ་སེར་ཞིག་གིས།།
བོད་ལྭ་ཤམ་རིང་གྱོན་ནས།།
རྐང་པ་ག་ལེར་འཇོག་པ།།
རྨི་ལམ་ནང་ལ་འཁོར་ཡོང་།།

རིག་དངོས་སྲུང་སྐྱོབ་ཡིན་ཟེར།།
གནའ་ཤུལ་གྲགས་ཅན་རེད་གསུངས།།
གཡུ་ཐོག་ཟམ་པའི་ཁོག་ན།།
མི་འཁྱར་ཀུ་ཅོ་གཟན་པ།།

ཨ་དྲུང་དྲེལ་པ་མགྱོགས་མགྱོགས།།
ཨ་སྐྱོ་རྐང་པ་ན་ན།།
གཡུ་ཐོག་ཟམ་པ་མེད་ན།།
ཞོགས་པ་ཉི་འོད་མི་འདུག།

ར་ས་ཁྲོམ་གྱི་གཞུང་ནས།།
ཞོལ་ལ་མགྲོན་པོ་མ་མཆིས།།
ལྷ་དར་ཐོགས་པའི་ཨ་མདོ།།
བྱང་ལམ་མཚམས་ལ་ལུས་ཡོད།།

སྲོང་བཙན་རྒྱ་བཟའི་གཏམ་རྒྱུད།།
ཟམ་སྣེར་འཁོར་བའི་ལོ་རྒྱུས།།
ཁེ་བ་འཁོར་ས་ཙམ་ལས།།
རིན་ཐང་མེད་པ་མིན་འགྲོ།

བསམ་མེད་ཡིན་ན་སྐྱོ་བྱུང་།།
མགོ་རྟིང་ལོག་ན་སྡུག་སོང་།།
ཟམ་པར་ཞེ་འདང་བཞག་པ།།
རང་སྡུག་ཉོས་པ་ཙམ་རེད།།

མི་ཕོ་འཇོན་ན་ཕེབས་ཤོག།
ལྕམ་ལགས་གྲུང་ན་ཕེབས་ཤོག།
སྟོང་སྐུད་ཕྲ་མོ་བསླས་ནས།།
གཡུ་ཐོག་ཟམ་པ་བརྒྱབ་ཤོག།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡུ་ཐོག་ཚོང་ཁང་།

2017-02-15 འཆི་མེད། ཀློག་གྲངས། མཆན ཡོད།


“སྐྲ་སེར་འབྱུང་བོའི་དམག་གིས།།  
རྫས་འཕྲུལ་གཡུགས་ཐེངས་གཅིག་གིས།།  
ཤ་ཁྲག་རྒྱན་གྱིས་བརྒྱན་པའི།།
གཏོར་ཟོར་མགོ་བོ་བཀོག་སོང་།།”
                ______ཁ་བྱང་གི་ལྷན་ཐབས།

IMG_1782.JPG


ཤོ་སྦག་ལང་ལ་ཤོར་པའི།།
ཇོ་དང་སྐུ་ལྕམ་ལགས་ཡེ།།
ར་ས་ཞོལ་གྱི་བར་ན།།
གཡུ་ཐོག་ཟམ་པ་མི་འདུག།

ཀོང་མོ་པང་གདན་འཇའ་འགྲིག།
སྲས་མོ་མེ་ཏོག་བཞད་ས།།
མཁུར་ཚོས་སིལ་ཏོག་སྨིན་མ།།
ལྷ་སའི་ཁྲོམ་ནས་མི་རྙེད།།

ཕྱི་གླིང་མགོ་སེར་ཞིག་གིས།།
བོད་ལྭ་ཤམ་རིང་གྱོན་ནས།།
རྐང་པ་ག་ལེར་འཇོག་པ།།
རྨི་ལམ་ནང་ལ་འཁོར་ཡོང་།།

རིག་དངོས་སྲུང་སྐྱོབ་ཡིན་ཟེར།།
གནའ་ཤུལ་གྲགས་ཅན་རེད་གསུངས།།
གཡུ་ཐོག་ཟམ་པའི་ཁོག་ན།།
མི་འཁྱར་ཀུ་ཅོ་གཟན་པ།།

ཨ་དྲུང་དྲེལ་པ་མགྱོགས་མགྱོགས།།
ཨ་སྐྱོ་རྐང་པ་ན་ན།།
གཡུ་ཐོག་ཟམ་པ་མེད་ན།།
ཞོགས་པ་ཉི་འོད་མི་འདུག།

ར་ས་ཁྲོམ་གྱི་གཞུང་ནས།།
ཞོལ་ལ་མགྲོན་པོ་མ་མཆིས།།
ལྷ་དར་ཐོགས་པའི་ཨ་མདོ།།
བྱང་ལམ་མཚམས་ལ་ལུས་ཡོད།།

སྲོང་བཙན་རྒྱ་བཟའི་གཏམ་རྒྱུད།།
ཟམ་སྣེར་འཁོར་བའི་ལོ་རྒྱུས།།
ཁེ་བ་འཁོར་ས་ཙམ་ལས།།
རིན་ཐང་མེད་པ་མིན་འགྲོ།

བསམ་མེད་ཡིན་ན་སྐྱོ་བྱུང་།།
མགོ་རྟིང་ལོག་ན་སྡུག་སོང་།།
ཟམ་པར་ཞེ་འདང་བཞག་པ།།
རང་སྡུག་ཉོས་པ་ཙམ་རེད།།

མི་ཕོ་འཇོན་ན་ཕེབས་ཤོག།
ལྕམ་ལགས་གྲུང་ན་ཕེབས་ཤོག།
སྟོང་སྐུད་ཕྲ་མོ་བསླས་ནས།།
གཡུ་ཐོག་ཟམ་པ་བརྒྱབ་ཤོག།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།