འཕྲིན་ཡིག་དམངས་དོན་མ།

དཀར་ཟས་པ་ཡིས་ཤ་ཟ་སྨོད་སྟངས་ཤིག།
དམར་ཟས་པ་ཡིས་སྡིག་མེད་ཟས་མེད་བསྒྲུབས།།
ཇི་ལྟར་བསྒྲུབས་ཀྱང་ཕན་ཚུན་སོ་ན་གནས།།
ཕར་དེད་ཚུར་དེད་མང་ཚོགས་དམར་ཟས་བཅད།།

འདོད་པ་སྒྲུབ་པ་དགེ་བ་མ་ཡིན་ན།།
འདོད་པ་འགོག་པ་དགེ་བ་ག་ལ་ཡིན།།
འདོད་པ་སྒྲུབ་ཕྱིར་ཆུ་དང་ཟམ་སོགས་སྤྲུལ།།
དོན་མེད་མ་ཡིན་སེམས་དཔའི་མཛད་པ་ལགས།།

འགའ་ཞིག་དཔྱད་པ་ཞིབ་མོ་མ་བཏང་བར།།
ཅི་འདོད་གང་དྲན་བྱེད་པ་ལ་སོགས་པ།།
དགེ་བ་ཨེ་ཡིན་ཞེས་སོགས་འབྲེལ་མེད་པའི།།
ཐལ་བ་མགོ་འཁོར་མ་སོགས་གཏོང་ཡང་སྲིད།།

སྐྱ་སེར་ས་མཚམས་གང་ཡང་མེད་པ་འདི།།
དགག་དགེ་གང་ཡིན་དཔྱོད་ལྡན་རྣམས་ཀྱིས་ཤེས།།
རིང་ནས་འདྲིས་པའི་འཚོ་ཐབས་སྟབས་བདེ་དེ།།
ལྕི་མོ་བཀའ་ཡིས་མ་གཏོར་ཚིག་དཔོན་ཚོ།།

རང་གིས་ཀྱང་ནི་དངོས་སུ་མ་མཐོང་བའི།།
ཚ་དམྱལ་གྲང་དམྱལ་སྡུག་བསྔལ་འདི་འོ་ཞེས།།
གཞུང་དྲང་བོད་མི་རྒན་གཞོན་མཐའ་དག་ལ།།
འཇིགས་སྐྲག་དྲག་པོ་མ་བསླངས་ལོ་ཙཱ་བ།།

དོན་གྱིས་དམངས་ལ་ཤ་ཚས་མི་བཟོད་ན།།
འཚོ་བར་མི་གནོད་སེམས་ལ་ཕན་པའི་ཆོས།།
ཉིན་མཚན་དུས་དྲུག་གསུངས་དང་རིམ་གྱིས་ནི།།
མང་ཚོགས་ངོས་ནས་དགེ་སྡིག་ཤེས་ཡོང་ངོ་།།

ཚིག་ལ་སྦྱངས་པ་བྱས་ནས་དོན་གྱི་དོན།།
རང་གིས་དངོས་སུ་ཉམས་སུ་ལེན་པ་ལས།།
ཚན་རིག་པ་ཡིས་བྱི་དཀར་ཞིབ་འཇུག་བཞིན།།
མང་ཚོགས་དག་ལ་ཞིབ་འཇུག་ཨེ་ཡིན་ནམ།།

བྱ་ཉུང་དོན་ཉུང་རང་གི་དོན་ཡིན་པ།།
རྒྱབ་ཏུ་བོར་ནས་བྱ་བྱེད་མང་པོའི་ཁྲོད།།
མ་མི་མིན་མེད་དགག་སྒྲའི་ཐོག་མདའ་དེ།།
གཞུང་བཟང་བོད་པའི་མང་ཚོགས་མགོར་མ་འཕེན།།

མཚོན་ཆ་ཡོད་མེད་བཀའ་ཁྲིམས་བཙན་པོ་འདི།།
ཉམས་ལེན་དངོས་བྱེད་མང་ཚོགས་རྐྱང་ཡིན་ན།།
ཅིའི་ཕྱིར་ཕྱག་བྱར་འོས་དང་ཕོགས་སོགས་མེད།།
བློ་ཁ་ནང་དུ་སྐོར་དང་མིང་བཏགས་ཚོ།།

                                     ༢༠༡༦/༥/༦ཉིན།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲིན་ཡིག་དམངས་དོན་མ།

2017-02-24 གཅན་རྨི་ལམ། ཀློག་གྲངས། མཆན ཡོད།

དཀར་ཟས་པ་ཡིས་ཤ་ཟ་སྨོད་སྟངས་ཤིག།
དམར་ཟས་པ་ཡིས་སྡིག་མེད་ཟས་མེད་བསྒྲུབས།།
ཇི་ལྟར་བསྒྲུབས་ཀྱང་ཕན་ཚུན་སོ་ན་གནས།།
ཕར་དེད་ཚུར་དེད་མང་ཚོགས་དམར་ཟས་བཅད།།

འདོད་པ་སྒྲུབ་པ་དགེ་བ་མ་ཡིན་ན།།
འདོད་པ་འགོག་པ་དགེ་བ་ག་ལ་ཡིན།།
འདོད་པ་སྒྲུབ་ཕྱིར་ཆུ་དང་ཟམ་སོགས་སྤྲུལ།།
དོན་མེད་མ་ཡིན་སེམས་དཔའི་མཛད་པ་ལགས།།

འགའ་ཞིག་དཔྱད་པ་ཞིབ་མོ་མ་བཏང་བར།།
ཅི་འདོད་གང་དྲན་བྱེད་པ་ལ་སོགས་པ།།
དགེ་བ་ཨེ་ཡིན་ཞེས་སོགས་འབྲེལ་མེད་པའི།།
ཐལ་བ་མགོ་འཁོར་མ་སོགས་གཏོང་ཡང་སྲིད།།

སྐྱ་སེར་ས་མཚམས་གང་ཡང་མེད་པ་འདི།།
དགག་དགེ་གང་ཡིན་དཔྱོད་ལྡན་རྣམས་ཀྱིས་ཤེས།།
རིང་ནས་འདྲིས་པའི་འཚོ་ཐབས་སྟབས་བདེ་དེ།།
ལྕི་མོ་བཀའ་ཡིས་མ་གཏོར་ཚིག་དཔོན་ཚོ།།

རང་གིས་ཀྱང་ནི་དངོས་སུ་མ་མཐོང་བའི།།
ཚ་དམྱལ་གྲང་དམྱལ་སྡུག་བསྔལ་འདི་འོ་ཞེས།།
གཞུང་དྲང་བོད་མི་རྒན་གཞོན་མཐའ་དག་ལ།།
འཇིགས་སྐྲག་དྲག་པོ་མ་བསླངས་ལོ་ཙཱ་བ།།

དོན་གྱིས་དམངས་ལ་ཤ་ཚས་མི་བཟོད་ན།།
འཚོ་བར་མི་གནོད་སེམས་ལ་ཕན་པའི་ཆོས།།
ཉིན་མཚན་དུས་དྲུག་གསུངས་དང་རིམ་གྱིས་ནི།།
མང་ཚོགས་ངོས་ནས་དགེ་སྡིག་ཤེས་ཡོང་ངོ་།།

ཚིག་ལ་སྦྱངས་པ་བྱས་ནས་དོན་གྱི་དོན།།
རང་གིས་དངོས་སུ་ཉམས་སུ་ལེན་པ་ལས།།
ཚན་རིག་པ་ཡིས་བྱི་དཀར་ཞིབ་འཇུག་བཞིན།།
མང་ཚོགས་དག་ལ་ཞིབ་འཇུག་ཨེ་ཡིན་ནམ།།

བྱ་ཉུང་དོན་ཉུང་རང་གི་དོན་ཡིན་པ།།
རྒྱབ་ཏུ་བོར་ནས་བྱ་བྱེད་མང་པོའི་ཁྲོད།།
མ་མི་མིན་མེད་དགག་སྒྲའི་ཐོག་མདའ་དེ།།
གཞུང་བཟང་བོད་པའི་མང་ཚོགས་མགོར་མ་འཕེན།།

མཚོན་ཆ་ཡོད་མེད་བཀའ་ཁྲིམས་བཙན་པོ་འདི།།
ཉམས་ལེན་དངོས་བྱེད་མང་ཚོགས་རྐྱང་ཡིན་ན།།
ཅིའི་ཕྱིར་ཕྱག་བྱར་འོས་དང་ཕོགས་སོགས་མེད།།
བློ་ཁ་ནང་དུ་སྐོར་དང་མིང་བཏགས་ཚོ།།

                                     ༢༠༡༦/༥/༦ཉིན།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།