ཆོས་འཁོར་རོང་བོའི་སྨོན་ལམ།

IMG_3673.JPG

མོག་ཟླ། མིང་དངོས་ལ་སངས་བྷ།ལོ་རབས་བདུན་ཅུ་བར་མདོ་སྨད་རེབ་གོང་སྟོད་ཀྱི་འབྲོག་སྡེ་ཆེན་མོ་མགོན་ཤུལ་ཚོ་ཆེན་བཅུ་ཞེས་པའི་སྡེ་རུ་སྐྱེས། ལོ་བཅུ་དགུའི་སྟེང་ནས་རྩོམ་ཡིག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་བཅས་སུ་ཞུགས་ཡོད། ཀྲུང་གོའི་ལུའུ་ཞུན་རྩོམ་རིག་སློབ་གླིང་དང་མི་རིགས་རྩོམ་རིག་གི་རྩོམ་བཅའི་འཛིན་གྲྭ་སོགས་འགྲིམས་མྱོང་། ད་ལྟའི་བར་རྩོམ་ཡིག་ཡིག་འབྲུ་ས་ཡ་གཅིག་ལ་ཉེ་བ་བྲིས་ཡོད།


                         ------མགུར་གཞས་རིང་མོ།

དཔལ་གྱི་རོང་བོ་དགོན་ཆེན།།
སྨོན་ལམ་ཡར་ཚོགས་གནང་འདུག།
ཐུབ་པ་གངས་ཆེན་མཚོ་ཡི།།
གདུལ་བྱའི་མཚོ་མོ་འཁྱིལ་ས།།

བླ་བྲང་ནོར་བུ་གྲུ་འཛིན།།
དག་པ་དགའ་ལྡན་ཞིང་ཁམས།།
གྲུབ་ཆེན་སྐལ་ལྡན་རྒྱ་མཚོས།།
འགྲོ་དྲུག་ཐུགས་སུ་སྒོམ་ཡོད།།

རེབ་གོང་མིང་གྲགས་ཆེ་བ།།
སྨོན་ལམ་མི་ཚོགས་མང་ས།།
རང་སེམས་སོང་བའི་མི་དེ།།
རོང་བོ་གྲོང་ན་བཞུགས་ཡོད།།

དཔེ་ཆ་མེད་ཀྱང་མི་སྐྱོན།།
ཡི་གེར་རྨོངས་ཀྱང་དྲག་ཀི།
ཚིག་གསུམ་ཚིག་གི་ཕྲེང་བ།།
སེམས་ཀྱི་གཏིང་ལ་བྲིས་བཞག

རྒྱ་ལོའི་ཚེས་པ་བཅུ་གསུམ།།
ལྷ་ཁང་རྟེན་མཇལ་གནང་ས།།
ཁ་བཏགས་ཨ་ཤེས་བསྣམས་ནས།།
རྐང་འགྲོས་མཆོད་མཇལ་ཞུས་ཡོང་།།

མདུན་གྱི་སྟག་ལུང་ཟོ་དོར།།
ལྷ་སྨན་གྱོ་མོའི་སེམས་རྟེན།།
ཞེ་འདང་སྨུག་པའི་ཁ་ཟིལ།།
གཞོན་པའི་ལུས་ལ་དབབ་རོགས།།

རོང་གི་དགུ་འདུས་ཡར་ཆབ།།
གླིང་བཞིར་བསྐོར་བ་རྒྱག་གིས།།
ཡར་འབྲོག་སྟོད་ཀྱི་ང་རས།།
སྙིང་སྡུག་ཕེབས་སྐུལ་ཞུས་ན།།

རོང་འབྲོག་སྐྱ་སྣུམ་བསྡེབས་ནས།།
རིགས་ཀྱི་འདབ་ལག་རྒྱས་ཡོད།།
དགོན་དང་སྨོན་ལམ་ཤོག་ཁར།།
ལས་སྨོན་ཟབ་མོས་སྦྲེལ་ཡོད།།

འཇིགས་སྐྱོབ་སྒྲོལ་མའི་ཐང་དུ།།
རླབས་ཀྱི་མི་ཚོགས་འཁྲིགས་བཞག།
ཏུཏྟཱ་རེ་ཡི་རང་སྒྲས།།
འགྲོ་དྲུག་སྡུག་ལས་གྲོལ་ཀི།

ཚོགས་ཆེན་འདུ་ཁང་མདུན་དུ།།
ངུར་སྨིག་སེར་སྦྲེངས་ཡག་པ།།
དུང་དང་རྒྱ་གླིང་སྦུབ་ཆལ།།
ཆོས་དབྱིངས་རྣ་བར་སིམ་པ།།

མ་ཅིག་དཔལ་ལྷའི་མགོན་ཁང་།།
བསང་བདུག་དྲི་མས་བཀང་འདུག།
སྐྱིད་སྡུག་ཤུགས་ཀྱིས་ཞུ་ས།།
ཁྱེད་ལས་སྐྱབས་གཞན་མི་འདུག།



དཔལ་གྱི་རོང་བོ་ཆོས་འཁོར།།
གཙུག་ལག་མཐོ་ཞིང་བརྗིད་པ།།
དགེ་འདུན་ངང་མོའི་སྡེ་ཚོགས།།
བསླབ་གསུམ་མགྲིན་རྔ་ལྡིར་བ།།

གསོན་པོའི་དགེ་བ་སྦྱོང་ས།།
ཤི་བོའི་རྣམ་ཤེས་སྐུང་ས།།
དགེ་སྡིགས་ལས་ཀྱི་རྒྱལ་པོ།།
ཡབ་རྗེ་བླ་མ་མཁྱེན་ནོ།།

ཚེས་ཆེན་བཅུ་བཞིའི་ཉིན་མོར།།
དུང་ཆེན་རང་སྒྲ་གྲགས་བྱུང་།།
བདུག་སྤོས་བསུང་ཞིམ་ཁྲོད་དུ།།
གོས་སྐུ་ཕྱི་རུ་དྲངས་སོང་།།

རྒྱབ་རིའི་རྡོ་ཐེམ་ངོས་སུ།།
གོས་སྐུའི་ཞལ་ཁ་འབྱེད་བྱུང་།།
ཐུབ་དབང་གསེར་གྱི་ལྷུན་པོའི།།
གཟི་བྱིན་གླིང་ལ་ཁྱབ་སོང་།།

ཨེ་མ་སྒྲོན་བསྐལ་ཡག་བྱུང་།
ཨ་ལ་ངོ་མཚར་ཆེ་འོ།།
འཇིག་རྟེན་མིག་གི་བསོད་བདེར།།
ཁྱེད་སྐུ་སླར་ཡང་འཁྲུངས་སོང་།།

གཤིན་པོའི་རྣམ་ཤེས་སྐུང་ས།།
ཡབ་རྗེ་བླ་མའི་མགུར་མ།།
ངག་གི་རྟ་ལ་བསྐྱོན་པས།།
གསོན་པོའི་སེམས་ངོར་སིམ་འགྲོ།

རྒྱ་ཐང་མདོ་རུ་སྡོད་པའི།།
ཐང་ཁྲོམ་ཁ་ཆེའི་ཚོང་པ།།
སྙིང་ཐུབ་གཡུ་ཆུང་གྲུ་དཀར།།
སླར་ཡང་རྙེད་རྒྱུ་བྱུང་ན།།

རེབ་གོང་ཟམ་པ་རྡོ་རེད།།
རྡོ་ཡི་ཟམ་རྔུར་ལྷང་རེད།།
ཟམ་འབུམ་བརྟན་ཞིང་བརླིང་པས།།
དགུ་ཆུའི་ཉིན་སྲིབ་སྦྲེལ་འདུག།

བླ་བྲང་ཤར་དུ་བཞུགས་པའི།།
ཡབ་རྗེ་སྐལ་ལྡན་རྒྱ་མཚོ།།
ཡར་འབྲོག་སྟོད་ཀྱི ་མི་ལ།།
ཐུགས་རྗེའི་གཟིགས་པ་མ་ལྷོད།།

ཕོ་བྲང་ཞོལ་ན་ཆགས་པའི།།
རེབ་གོང་ནང་ཆེན་བཅོ་བརྒྱད།།
དགོན་འདི་ཆགས་པའི་གཞི་མ།
ཁྱེད་ལས་སྔ་བ་མི་འདུག།

སྔ་ཞོགས་སྨོན་ལམ་འདེབས་དུས།།
ཡར་ཚེས་བཅོ་ལྔར་འཁེལ་འདུག།
འཇིག་རྟེན་ལྷ་མིའི་རྣམ་འདྲེན།།
བྱམས་མགོན་ཁྱེད་དྲུང་སྐྱེ་ཤོག།

འཇིག་རྟེན་མི་ཡི་ལུང་བར།།
མི་ཚོགས་ས་ཐོག་རྩི་ཏོག།།
ས་སྟེང་སེམས་དཔའ་གཅིག་པུ།།
བྱམས་པས་གླིང་བསྐོར་རྒྱག་གིས།།

སྨད་ན་གྲོང་གཅིག་འདུག་པ།།
རོང་བོ་རྒྱ་མཁར་ཆེན་མོ།།
མཁར་འདིའི་ནང་འཛིན་ཐོག་མ།།
རེབ་གོང་ཁེ་བ་བརྒྱད་ཅུ།།

ཡར་སྟོད་སྡེ་གཅིག་ཆགས་པ།།
སྟོད་འབྲོག་སྡེ་བཅུའི་ལུང་པ།
ལ་དང་རོང་གི་འབྲེལ་བ།།
ཆབ་དང་ཆུ་མོ་གཅིག་འདྲེས།།

ད་ལོོའི་སྨོན་ལམ་འདུ་ཚོགས།།
སྔར་ལོས་འཁྲིགས་ཆ་ཆེ་བ།།
མི་ཚོགས་འདྲ་འདྲའི་ཁྲོད་དུ།
སྙིང་ཐུབ་ཡས་འཚོལ་མས་འཚོལ།།

མི་མངོན་དབྱིངས་ན་བཞུགས་པའི།།
དཔལ་ལྡན་གུར་གྱི་ལྕམ་དྲལ།།
ད་རས་གནས་འདིར་བྱོན་ནས།།
གདོན་བགེགས་བར་ཆད་སྒྲོལ་སོང་།།

འཇིགས་རུང་མ་ཧེའི་གདོང་ཅན།།
ཁམ་སེར་རལ་ཚོགས་འཆང་བ།།
སྣང་སྲིད་ཁབ་དུ་བསྒྱུར་བར།།
གཏུམ་དྲག་གར་ལ་རྔམས་འདུག།

མཐིང་ནག་ཞལ་ཁྱིམ་གཡོ་བ།།
ཐོ་ལུམ་ཚ་ཚ་འབར་བའི།།
དམ་ཅན་རྡོ་རྗེ་ལེགས་པས།།
ལས་བཞིའི་འཕྲིན་ལས་སྒྲུབ་གྱིན།།



དྲི་མེད་ནམ་མཁའི་ངོ་བོ།།
ཟགས་མེད་ཆོས་ཀྱི་ཕབ་རྒྱུན།།
རང་སྣང་དག་པའི་ཡེ་ཤེས།།
སྐུ་ལྔའི་རང་ཞལ་སྟོན་དང་།།

སེར་པོ་དམར་པོའི་ཁྲོད་ན།
དམར་སེར་རྦ་རླབས་ཡུག་གཅིག།
སྐྱ་བོ་སྨུག་པོའི་ཀློང་ན།།
ང་ནི་དཀར་པོ་དཀར་རྐྱང།།

རེབ་གོང་སྨོན་ལམ་ཁྲོད་དུ།།
སྨོན་འདུན་ཁྲི་ཚོ་འབུམ་ཚོ།།
རང་སྣང་དག་པའི་མི་ལ།།
དང་པོའི་སྨོན་ལམ་འགྲུབ་ཡོད།།

ཞེ་ལ་འཁྲེང་བའི་སྟོད་འབྲོག།
ཡང་ཡང་མིག་ལ་འཆར་བ།།
སེམས་སོང་ཕུ་ནུ་གཏིང་དཀར།།
མ་ཤི་གསོན་བྲལ་དཀའ་བ།།

སྨོན་ཚོགས་གྲོལ་ནི་གྲོལ་པས།།
བུ་མོས་སེམས་གཅོང་བརྒྱབ་ཀྱིས།།
སང་ལོར་མཇལ་འཛོམས་འོང་ན།།
ཨུ་ཤུ་རྒྱག་དོན་མི་འདུག།

མི་ཚོགས་ལ་བཞུར་ལུང་བཞུར།།
རི་རྐེད་སྨུག་པ་འདྲ་བ།།
བུ་མོའི་བདེན་ཚིག་ངག་འཇམ།།
ཤང་ཤང་ཆུ་མོ་འདྲ་བ།།

ལན་གཅིག་མི་ཚེའི་ཡུན་ལ།།
མཇལ་བ་ལས་ཀྱི་གངས་རི།།
རུས་གོང་ས་ལ་འཐོར་ཡང་།།
ཤི་རྗེས་ཕྱི་མིག་འཕེན་ས།།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོས་འཁོར་རོང་བོའི་སྨོན་ལམ།

2017-04-26 མོག་ཟླ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

IMG_3673.JPG

མོག་ཟླ། མིང་དངོས་ལ་སངས་བྷ།ལོ་རབས་བདུན་ཅུ་བར་མདོ་སྨད་རེབ་གོང་སྟོད་ཀྱི་འབྲོག་སྡེ་ཆེན་མོ་མགོན་ཤུལ་ཚོ་ཆེན་བཅུ་ཞེས་པའི་སྡེ་རུ་སྐྱེས། ལོ་བཅུ་དགུའི་སྟེང་ནས་རྩོམ་ཡིག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་བཅས་སུ་ཞུགས་ཡོད། ཀྲུང་གོའི་ལུའུ་ཞུན་རྩོམ་རིག་སློབ་གླིང་དང་མི་རིགས་རྩོམ་རིག་གི་རྩོམ་བཅའི་འཛིན་གྲྭ་སོགས་འགྲིམས་མྱོང་། ད་ལྟའི་བར་རྩོམ་ཡིག་ཡིག་འབྲུ་ས་ཡ་གཅིག་ལ་ཉེ་བ་བྲིས་ཡོད།


                         ------མགུར་གཞས་རིང་མོ།

དཔལ་གྱི་རོང་བོ་དགོན་ཆེན།།
སྨོན་ལམ་ཡར་ཚོགས་གནང་འདུག།
ཐུབ་པ་གངས་ཆེན་མཚོ་ཡི།།
གདུལ་བྱའི་མཚོ་མོ་འཁྱིལ་ས།།

བླ་བྲང་ནོར་བུ་གྲུ་འཛིན།།
དག་པ་དགའ་ལྡན་ཞིང་ཁམས།།
གྲུབ་ཆེན་སྐལ་ལྡན་རྒྱ་མཚོས།།
འགྲོ་དྲུག་ཐུགས་སུ་སྒོམ་ཡོད།།

རེབ་གོང་མིང་གྲགས་ཆེ་བ།།
སྨོན་ལམ་མི་ཚོགས་མང་ས།།
རང་སེམས་སོང་བའི་མི་དེ།།
རོང་བོ་གྲོང་ན་བཞུགས་ཡོད།།

དཔེ་ཆ་མེད་ཀྱང་མི་སྐྱོན།།
ཡི་གེར་རྨོངས་ཀྱང་དྲག་ཀི།
ཚིག་གསུམ་ཚིག་གི་ཕྲེང་བ།།
སེམས་ཀྱི་གཏིང་ལ་བྲིས་བཞག

རྒྱ་ལོའི་ཚེས་པ་བཅུ་གསུམ།།
ལྷ་ཁང་རྟེན་མཇལ་གནང་ས།།
ཁ་བཏགས་ཨ་ཤེས་བསྣམས་ནས།།
རྐང་འགྲོས་མཆོད་མཇལ་ཞུས་ཡོང་།།

མདུན་གྱི་སྟག་ལུང་ཟོ་དོར།།
ལྷ་སྨན་གྱོ་མོའི་སེམས་རྟེན།།
ཞེ་འདང་སྨུག་པའི་ཁ་ཟིལ།།
གཞོན་པའི་ལུས་ལ་དབབ་རོགས།།

རོང་གི་དགུ་འདུས་ཡར་ཆབ།།
གླིང་བཞིར་བསྐོར་བ་རྒྱག་གིས།།
ཡར་འབྲོག་སྟོད་ཀྱི་ང་རས།།
སྙིང་སྡུག་ཕེབས་སྐུལ་ཞུས་ན།།

རོང་འབྲོག་སྐྱ་སྣུམ་བསྡེབས་ནས།།
རིགས་ཀྱི་འདབ་ལག་རྒྱས་ཡོད།།
དགོན་དང་སྨོན་ལམ་ཤོག་ཁར།།
ལས་སྨོན་ཟབ་མོས་སྦྲེལ་ཡོད།།

འཇིགས་སྐྱོབ་སྒྲོལ་མའི་ཐང་དུ།།
རླབས་ཀྱི་མི་ཚོགས་འཁྲིགས་བཞག།
ཏུཏྟཱ་རེ་ཡི་རང་སྒྲས།།
འགྲོ་དྲུག་སྡུག་ལས་གྲོལ་ཀི།

ཚོགས་ཆེན་འདུ་ཁང་མདུན་དུ།།
ངུར་སྨིག་སེར་སྦྲེངས་ཡག་པ།།
དུང་དང་རྒྱ་གླིང་སྦུབ་ཆལ།།
ཆོས་དབྱིངས་རྣ་བར་སིམ་པ།།

མ་ཅིག་དཔལ་ལྷའི་མགོན་ཁང་།།
བསང་བདུག་དྲི་མས་བཀང་འདུག།
སྐྱིད་སྡུག་ཤུགས་ཀྱིས་ཞུ་ས།།
ཁྱེད་ལས་སྐྱབས་གཞན་མི་འདུག།



དཔལ་གྱི་རོང་བོ་ཆོས་འཁོར།།
གཙུག་ལག་མཐོ་ཞིང་བརྗིད་པ།།
དགེ་འདུན་ངང་མོའི་སྡེ་ཚོགས།།
བསླབ་གསུམ་མགྲིན་རྔ་ལྡིར་བ།།

གསོན་པོའི་དགེ་བ་སྦྱོང་ས།།
ཤི་བོའི་རྣམ་ཤེས་སྐུང་ས།།
དགེ་སྡིགས་ལས་ཀྱི་རྒྱལ་པོ།།
ཡབ་རྗེ་བླ་མ་མཁྱེན་ནོ།།

ཚེས་ཆེན་བཅུ་བཞིའི་ཉིན་མོར།།
དུང་ཆེན་རང་སྒྲ་གྲགས་བྱུང་།།
བདུག་སྤོས་བསུང་ཞིམ་ཁྲོད་དུ།།
གོས་སྐུ་ཕྱི་རུ་དྲངས་སོང་།།

རྒྱབ་རིའི་རྡོ་ཐེམ་ངོས་སུ།།
གོས་སྐུའི་ཞལ་ཁ་འབྱེད་བྱུང་།།
ཐུབ་དབང་གསེར་གྱི་ལྷུན་པོའི།།
གཟི་བྱིན་གླིང་ལ་ཁྱབ་སོང་།།

ཨེ་མ་སྒྲོན་བསྐལ་ཡག་བྱུང་།
ཨ་ལ་ངོ་མཚར་ཆེ་འོ།།
འཇིག་རྟེན་མིག་གི་བསོད་བདེར།།
ཁྱེད་སྐུ་སླར་ཡང་འཁྲུངས་སོང་།།

གཤིན་པོའི་རྣམ་ཤེས་སྐུང་ས།།
ཡབ་རྗེ་བླ་མའི་མགུར་མ།།
ངག་གི་རྟ་ལ་བསྐྱོན་པས།།
གསོན་པོའི་སེམས་ངོར་སིམ་འགྲོ།

རྒྱ་ཐང་མདོ་རུ་སྡོད་པའི།།
ཐང་ཁྲོམ་ཁ་ཆེའི་ཚོང་པ།།
སྙིང་ཐུབ་གཡུ་ཆུང་གྲུ་དཀར།།
སླར་ཡང་རྙེད་རྒྱུ་བྱུང་ན།།

རེབ་གོང་ཟམ་པ་རྡོ་རེད།།
རྡོ་ཡི་ཟམ་རྔུར་ལྷང་རེད།།
ཟམ་འབུམ་བརྟན་ཞིང་བརླིང་པས།།
དགུ་ཆུའི་ཉིན་སྲིབ་སྦྲེལ་འདུག།

བླ་བྲང་ཤར་དུ་བཞུགས་པའི།།
ཡབ་རྗེ་སྐལ་ལྡན་རྒྱ་མཚོ།།
ཡར་འབྲོག་སྟོད་ཀྱི ་མི་ལ།།
ཐུགས་རྗེའི་གཟིགས་པ་མ་ལྷོད།།

ཕོ་བྲང་ཞོལ་ན་ཆགས་པའི།།
རེབ་གོང་ནང་ཆེན་བཅོ་བརྒྱད།།
དགོན་འདི་ཆགས་པའི་གཞི་མ།
ཁྱེད་ལས་སྔ་བ་མི་འདུག།

སྔ་ཞོགས་སྨོན་ལམ་འདེབས་དུས།།
ཡར་ཚེས་བཅོ་ལྔར་འཁེལ་འདུག།
འཇིག་རྟེན་ལྷ་མིའི་རྣམ་འདྲེན།།
བྱམས་མགོན་ཁྱེད་དྲུང་སྐྱེ་ཤོག།

འཇིག་རྟེན་མི་ཡི་ལུང་བར།།
མི་ཚོགས་ས་ཐོག་རྩི་ཏོག།།
ས་སྟེང་སེམས་དཔའ་གཅིག་པུ།།
བྱམས་པས་གླིང་བསྐོར་རྒྱག་གིས།།

སྨད་ན་གྲོང་གཅིག་འདུག་པ།།
རོང་བོ་རྒྱ་མཁར་ཆེན་མོ།།
མཁར་འདིའི་ནང་འཛིན་ཐོག་མ།།
རེབ་གོང་ཁེ་བ་བརྒྱད་ཅུ།།

ཡར་སྟོད་སྡེ་གཅིག་ཆགས་པ།།
སྟོད་འབྲོག་སྡེ་བཅུའི་ལུང་པ།
ལ་དང་རོང་གི་འབྲེལ་བ།།
ཆབ་དང་ཆུ་མོ་གཅིག་འདྲེས།།

ད་ལོོའི་སྨོན་ལམ་འདུ་ཚོགས།།
སྔར་ལོས་འཁྲིགས་ཆ་ཆེ་བ།།
མི་ཚོགས་འདྲ་འདྲའི་ཁྲོད་དུ།
སྙིང་ཐུབ་ཡས་འཚོལ་མས་འཚོལ།།

མི་མངོན་དབྱིངས་ན་བཞུགས་པའི།།
དཔལ་ལྡན་གུར་གྱི་ལྕམ་དྲལ།།
ད་རས་གནས་འདིར་བྱོན་ནས།།
གདོན་བགེགས་བར་ཆད་སྒྲོལ་སོང་།།

འཇིགས་རུང་མ་ཧེའི་གདོང་ཅན།།
ཁམ་སེར་རལ་ཚོགས་འཆང་བ།།
སྣང་སྲིད་ཁབ་དུ་བསྒྱུར་བར།།
གཏུམ་དྲག་གར་ལ་རྔམས་འདུག།

མཐིང་ནག་ཞལ་ཁྱིམ་གཡོ་བ།།
ཐོ་ལུམ་ཚ་ཚ་འབར་བའི།།
དམ་ཅན་རྡོ་རྗེ་ལེགས་པས།།
ལས་བཞིའི་འཕྲིན་ལས་སྒྲུབ་གྱིན།།



དྲི་མེད་ནམ་མཁའི་ངོ་བོ།།
ཟགས་མེད་ཆོས་ཀྱི་ཕབ་རྒྱུན།།
རང་སྣང་དག་པའི་ཡེ་ཤེས།།
སྐུ་ལྔའི་རང་ཞལ་སྟོན་དང་།།

སེར་པོ་དམར་པོའི་ཁྲོད་ན།
དམར་སེར་རྦ་རླབས་ཡུག་གཅིག།
སྐྱ་བོ་སྨུག་པོའི་ཀློང་ན།།
ང་ནི་དཀར་པོ་དཀར་རྐྱང།།

རེབ་གོང་སྨོན་ལམ་ཁྲོད་དུ།།
སྨོན་འདུན་ཁྲི་ཚོ་འབུམ་ཚོ།།
རང་སྣང་དག་པའི་མི་ལ།།
དང་པོའི་སྨོན་ལམ་འགྲུབ་ཡོད།།

ཞེ་ལ་འཁྲེང་བའི་སྟོད་འབྲོག།
ཡང་ཡང་མིག་ལ་འཆར་བ།།
སེམས་སོང་ཕུ་ནུ་གཏིང་དཀར།།
མ་ཤི་གསོན་བྲལ་དཀའ་བ།།

སྨོན་ཚོགས་གྲོལ་ནི་གྲོལ་པས།།
བུ་མོས་སེམས་གཅོང་བརྒྱབ་ཀྱིས།།
སང་ལོར་མཇལ་འཛོམས་འོང་ན།།
ཨུ་ཤུ་རྒྱག་དོན་མི་འདུག།

མི་ཚོགས་ལ་བཞུར་ལུང་བཞུར།།
རི་རྐེད་སྨུག་པ་འདྲ་བ།།
བུ་མོའི་བདེན་ཚིག་ངག་འཇམ།།
ཤང་ཤང་ཆུ་མོ་འདྲ་བ།།

ལན་གཅིག་མི་ཚེའི་ཡུན་ལ།།
མཇལ་བ་ལས་ཀྱི་གངས་རི།།
རུས་གོང་ས་ལ་འཐོར་ཡང་།།
ཤི་རྗེས་ཕྱི་མིག་འཕེན་ས།།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།